Skip to main content Skip to search
28 Aug 2018
2 min 48 sec
Video Overview
Creators: 
Penchela

The culture of citing proverbs in any conversation is very common in the Bhutanese languages, mainly to convey a message with clarity by means of using examples. For instance, the current video says "before you cross the mountain and river". Though the sentencence seems incomplete, the meaning of the phrase means one should think before taking any action. One must think carefully and prepare before crossing a bridge or mountain, lest one make a mistake resulting in lateness or worse. 

 

ང་བཅས་རའི་ རྒྱལ་ཁབ་ནང་ ཁ་སྐད་ཁ་ཅིའི་ཐད་ལས་འབད་རུང་ ཁ་བཤད་ཀྱི་ཐོག་ལས་ བསྟོད་པ་རྐྱབ་ནི་དང་ བཤད་རྟོགས་བཏང་ནི་ འདི་ལས་ བརྡ་དོན་སྤྲོད་ལེན་འབད་ནིའི་ ལམ་སྲོལ་འདི་ དུས་དང་ཕུ་རྒས་ལས་ གནམ་མེད་ས་མེད་ཡོངས་གྲགས་སྦེ་འདུག། ད་ལྟོའི་གློག་བརྙན་འདི་ནང་འབད་བ་ཅིན་ ཆུ་དང་རི་འདི་ཚུ་མ་བརྒལ་བའི་སྔོན་ལས་ཟེར་ མ་པ་བརྗོད་ཚིག་འདི་ཚངམ་སྦེ་མ་སླབ་རུང་ ང་བཅས་ར་ དུས་ནམ་ར་འབད་རུང་ ལཱ་མ་འབད་བའི་སྔོན་ལས་ ལེགས་ཤོམ་སྦེ་བརྟགས་ཤིང་དཔྱད་དགོཔ་འདི་ ཁག་ཆེ་བའི་བའི་དོན་མས། འདི་ཡང་ ག་དེ་ཅིག་སྦེ་ བརྟགས་ཤིང་མ་དཔྱད་པར་ ལཱ་འབད་བ་ཅིན་ ཤུལ་ལས་ལཱ་འཛོལ་ཚར་བའི་བསྒང་ལས་ བློ་འགྱོད་བསྐྱེད་སྡོད་ནི་མ་གཏོགས་ འབད་ཐབས་གཞན་མེད་ཟེར་བའི་དོན་མས།   

 

Transcript search
No results found for this search
0 of 0
  • ཚེ་དབང་ Tshewang
    ཏེ་ང་བཅས་ར་ གཏམ་དཔེ་གཏམ་ལུ་ཡོད་པ་ལགས་ཏེ་ང་བཅས་ར་ ལཱ་འདི་ག་ཅིག་ར་འབད་འདི་འབད་ས་ཅིག་རུང་མནོ་བསམ་ལེགས་ཤོམ་སྦེ་བཏང་སྟེ་སྦེ་ལཱ་འབད་དགོ་ཟེར་ཏེ་འ་ནི་ག་ཅིག་སྨོ་ཟེར་བ་ཅིན་ཏེ་སླབ་ནི་འདུག་སྦོ་ལགས་གཏམ་དཔེ་གཏམ་ལས་ལ་མ་བརྒལ་ ཨ་་་ག་ཅི་ལོ་ལ་མ་བརྒལ་ལ་མའི་ལ་ཨ་་་ལབ་རྩ་སྦུག་ལུ་སྨོ་ལགས།
  • ཚེ་དབང་ Tshewang
    ཏེ་ཆུ་མ་བརྒལ་ཟམ་མའི་སྦུག་ལུ་ཟེར་མི་འདི་ག་ཅིག་སྨོ་ང་བཅས་ར་ལ་འདི་མ་བརྒལ་ལ་བརྒལ་ཡར་སོང་ཞིནམ་ལས་དེ་ལས་ཐལཝ་མས་པ་ཏེ་ལགས་ཕར་ལུ་ཏེ་ལ་འདི་མ་བརྒལ་བའི་ ལབ་རྩ་སྦུག་ནང་ལས་འབད་བ་ཅིན་ཏེ་ཚུར་ལོགས་རུང་ལོགས་ཚུགས་པས་ཕར་འགྱོ་རུང་འགྱོ་ཚུགས་པས་པ་ལགས།
  • ཚེ་དབང་ Tshewang
    ཏེ་འ་ནཱི་བཟུམ་སྦེ་འབད་ཞིནམ་ན་ང་བཅས་ར་གཏམ་འདི་ ག་ཅི་ར་སླབ་འདི་འབད་རུང་རོགས་ལུ་མ་སླབ་པའི་ཕར་སླབ་མ་ཚུགས་མ་སླབ་པའི་ཧེ་མ་ཅིག་ལས་རང་གིས་ཏེ་སླབ་ནི་ཟེར་མནོ་བསམ་བཏངམ་ད་ལུ་འ་ནཱི་གུ་ལུ་སླབ་བཏུབ་ཨིན་ན་ མ་བཏུབ་ཨིན་ན་ མནོ་བསམ་བཏང་བལྟ་བ་ཅིན་དེ་ལས་འ་ནཱ་ལུ་ ང་བཅས་ར་བཞག་བཏུབ་པས་པ་ཏེ་སྨོ་གོ་ཤིག་ལགས།
  • ཚེ་དབང་ Tshewang
    ཏེ་འ་ནཱི་བཟུམ་ཅིག་ཨིན་ ཏེ་ཆུ་མ་བརྒལ་ནི་ཟམ་པའི་སྦུག་ལུ་ཟེར་སླབ་མི་འདི་ཡར་འ་ནཱི་ཡང་ འ་ནཱི་ཨིན་ལགས་ཏེ་ཆུ་འདི་ཕར་བརྒལ་མ་འགྱོཝ་ལས་ ང་བཅས་ཟམ་པའི་སྦུག་ན་ལྷོདཔ་ད་མནོ་བསམ་བཏང་ཤེས་པ་ཅིན་ག་ཅི་ར་འབད་རུང་ཏེ་འ་ནཱི་མནོ་བསམ་བཏང་ཤེས་པ་ཅིན་རང་ལུ་ལེགས་ཁྱད་པར་འདུག་པ་ཏེ་ལགས།
  • ཚེ་དབང་ Tshewang
    ཏེ་ག་ཅིམ་ཨིནམ་ཟེར་བ་ཅིན་ཏེ་ང་བཅས་ར་ཨ་་་ག་ཅི་ར་འབད་རུང་རོགས་ལུ་ཕར་སླབ་དགོཔ་སླབ་ཚར་འབད་དགོཔ་འབད་ཚར་བའི་བསྒང་ལས་ཏེ་ལོག་ལོག་ནི་མིན་འདུག་པ་ཏེ་ལགས་ཏེ་འ་ནཱི་བཟུམ་ཅིག་ཨིན་ ཏེ་ ཏེ་ག་ཅི་ལོ་ང་བཅས་ར་གྱོས་འཛུལན་སྐལ་པའི་མགོ་མཇུག་ཨིན་ལོ་ལམ་འཛུལན་ཉི་མའི་ཧ་ཕྱི་ལོ་ཟེར་མི་ཅིག་ཡང་ཡོད་ལགས།
  • ཚེ་དབང་ Tshewang
    ཏེ་འདི་ཡང་ ག་ཅི་སྨོ་ཟེར་བ་ཅིན་ཏེ་གྱོས་འདི་ ང་བཅས་ར་གྱོས་འདི་མ་ཅིག་མ་བརྩམ་བརྩམ་ནི་མེད་བརྩམས་ཞིནམ་ལས་གྱོས་འདི་ ཨཱ་འགྱུར་དོག་མེད་པའི་གྱོས་ཅིག་བརྩམ་དགོ་པས་པ་ལགས་ ཏེ་གྱོས་འདི་ལེགས་ཤོམ་ཅིག་ མ་བརྩམ་པ་ཅིན་ལྟག་མ་ང་བཅས་གྱོས་འདི་འཛུལ་བའི་བསྒང་ལས་དེ་ལས་བསྐལ་པ་མགོ་མཇུག་ལུ་འགྱོཝ་མས་པ་ཏེ་ལགས།
  • ཚེ་དབང་ Tshewang
    དེ་ལས་རོགས་ཀྱིས་ཏེ་ང་བཅས་ཏེ་ མ་སྒྲིགཔ་རེ་ཐོན་ཏེ་འབད་བ་ཅིན་གྱོས་འདི་བརྩམ་ཏེ་གྱོས་འདི་ ང་བཅས་གྱོས་འདི་ ཕྱི་འགྱུར་སྦེ་ཡར་སོང་པ་ཅིན་དེ་ལས་ང་བཅས་ར་ཏེ་ཏེ་ཤུལ་ལས་མནོ་བསམ་བཏང་པའི་བསྒང་ལས་གྱོས་འདི་ལོག་ འོང་ནི་མིན་འདུག་པ་ཏེ་ལགས་གྱོས་འདི་འཛུལ་སོང་ཞིནམ་ལས།
  • ཚེ་དབང་ Tshewang
    ཏེ་ལམ་འདི་ལམ་མ་འཛུལ་ལམ་མའི་ཧ་ཕྱི་ཟེར་མི་འདི་ཏེ་ལམ་འདི་འཛུལ་མ་འཛུལ་ཡར་སོང་སྟེ་འབད་རུང་ལམ་དེ་འདི་ ད་རེས་འཛོལ་སོང་རུང་ར་ད་རུང་ལོག་ནངས་པ་ལོག་འོང་བཏུབ་པས་སྦ་ཏེ་ལགས་
  • ཚེ་དབང་ Tshewang
    ཏེ་ད་རེས་ ང་བཅས་ར་འུ་སྡུག་ནི་སྡུག་པས་ཏེ་ལམ་ཡང་རིང་མས་རིང་ནི་འདི་ཨིན་རུང་ར་ཏེ་ལམ་འདི་འཛུལ་སོང་རུང་ཏེ་ཨ་་་ད་རེས་མར་ད་རེས་འཛུལ་སོང་རུང་ནངས་པ་ལོག་བཏུབ་པས་སྦ་ ཏེ་འ་ནཱི་བཟུམ་ཅིག་ཨིན་ལགས་ང་བཅས་ར་ག་ཅི་ར་འབད་རུང་།
  • ཚེ་དབང་ Tshewang
    གཏམ་འདི་ར་འབད་རུང་བློ་ལཱ་འདི་རང་འབད་རུང་ག་ཅི་ར་འབད་ས་ཅི་རུང་ང་བཅས་ར་མནོ་བསམ་བཏང་ཡི་བཏང་ཡི་འབད་དགོ་ཟེར་སླབ་ནི་འདུག་ལགས། ཏེ་མནོ་ཚེ་དྲན་ཚེ་འབད་མ་བཏང་ཟེར་བའི་ བློ་ཨིན་པས་པ་ལགས་འ་ནཱི་