Skip to main content Skip to search
01 Sep 2018
3 min 15 sec
Video Overview
Creators: 
Norzin Lhamo

This is a solitary herder song, explaining that the cuckoo bird sits on a branch of a tree and sings a melody that gives the sensation of a lack of rain. The second stanza narrates about a horse and a herder, and asks the herder not to but surprised when he hears the neighing sound of a horse from the shed during heavy rainfall. These days younger singers are not interested to learn these traditional songs and are much more influenced by Western pop music.

 

གླུ་གཞས་འདི་དེ་བསྒང་ལས་ར་ ཁོང་རའི་གཡུས་ཁར་ཡོངས་གྲགས་སྦེ་འཐེན་སྲོལ་ཡོདཔ་མ་ཚད་ དུས་སྟོན་ག་ཅི་བཟུམ་ནང་འབད་རུང་ འཐེན་ནི་དང་རྐྱབ་ནི་ཡོདཔ་ད་ བྱ་ཁུ་བྱུག་སྔོན་མོ་འདི་ ཤིང་གི་ཞལ་ལག་གུ་ཆགས་ཏེ་ སྐད་ཧན་ཏོང་ཏོ་སྦེ་འཐེན་པའི་སྐབས་ ཁུ་བྱུག་གི་སྐད་གོ་བའི་སྐབས་ བྱའི་རྒྱལ་པོ་ཧ་མ་ལེགས་ཟེར་ ཚིགས་བཅད་དང་པ་ནང་སླབ་ཨིན་མས། ཏེ་ད་རུང་ཚིག་བཅད་གཉིས་པའི་ནང་ ཆར་ཆུ་འབོལ་བའི་དུས་ཚོད་ཁར་ རྟ་ར་ནང་ལས་རྟ་སྐད་གོཝ་བའི་སྐབས་ རྟ་འི་ཨ་དྲུང་ཧ་མ་ལེགས་ཟེར་ཨིནམ་ད་ ད་ལྟོ་ཚོན་ཚོད་ཀྱི་བར་ན་ གླུ་གཞས་འདི་ སྒྲ་བཟུང་འབད་འབདཝ་མེདཔ་བཞིན་དུ་ ད་རེས་ནངས་པའི་ ན་གཞོན་མང་ཤོས་ཅིག་གིས་ རྒས་ཤོས་ཚུ་ལས་ འདི་བཟུམ་གྱི་གླུ་གཞས་ལྷབ་ནི་འདི་ སྤྲོ་བ་མ་བསྐྱེད་པར་ ཕྱིའི་རྒྱལ་ཁབ་ཀྱི་སྙན་དང་ གླུ་གཞས་འདི་ཚུ་ལུ་དགའ་སྡོདཔ་མས། 

 

Transcript search
No results found for this search
0 of 0
  • དགོན་ཁར་གྱི་ཨམ་སྲུ་ཚུ Women from Goenkha
  • དགོན་ཁར་གྱི་ཨམ་སྲུ་ཚུ Women from Goenkha
    ཡར་རི་མགོ་རྩེ་གི་གུ་ལས་སྨོ་ཤོག་ལེགས་སྨོ་ཡ། །བྱ་ཁུ་བྱུག་ཁྱོད་ཀྱི་འཁྲུལ་སྐད་འདི་ལ་ཤོག་ལེགས་སྨོ་ཡ། །བྱ་ཁུ་བྱུག་འཁྲུལ་སྐད་སྟོན་མས་ཟེར་ཤོག་ལེགས་སྨོ་ཡ། །
  • དགོན་ཁར་གྱི་ཨམ་སྲུ་ཚུ Women from Goenkha
    མར་བྱ་ཁྲལ་གུང་ཁྲལ་མ་ཤོར་མས་ལ་ཤོག་ལེགས་སྨོ་ཡ། །མར་བྱ་རྣམས་རྣམ་རྟོག་མ་ལང་སྨོ་ཤོག་ལས་སྨོ་ཡ། །གནམ་ཆར་ཆུ་མེད་པའི་འཁྲུལ་སྐད་ཨིན་ལ་ཤོག་ལེགས་སྨོ་ཡ། །
  • དགོན་ཁར་གྱི་ཨམ་སྲུ་ཚུ Women from Goenkha
    ཡར་རྟ་དཔོན་དགོངསམ་ཁྲལ་མ་བཞུགས་སྨོ་ལ་ཤོག་ལེགས་སྨོ་ཡ། །ནཱ་ཨ་དྲུང་རྣམ་རྟོག་མ་ལང་སྨོ་ཤོག་ལས་སྨོ་ཡ། །ཆརཔ་ཆད་ཁ་མེད་པའི་ཙེང་སྐད་ཨིན་ལ་ཤོག་ལེགས་སྨོ་ཡ། །