16 Dec 2012
14 min 25 sec
Video Overview
Creators:
Unknown
Here renowned author Jamyangkyid discusses her life experiences, the situation of Tibetan women's rights, and how she became a writer.
བརྙན་འདི་ནི་བོད་ཀྱི་བུད་མེད་རྩོམ་པ་པོ་འམ་བོད་རིག་བུད་མེད་ཀྱི་ཐོབ་ཐང་རྩོད་མཁན་རྒན་འཇམ་དབྱངས་སྐྱིད་གླེང་བའི་མོའི་མི་ཚེ་སྟེ། ཅི་ལྟར་མོ་རང་རྩོམ་པ་པོ་ཞིག་ཏུ་འགྱུར་ཚུལ་དང་ཅིས་ཕྱིར་བོད་རིག་བུད་མེད་ཀྱི་ཐོབ་ཐང་རྩོད་དགོས་པའི་ཐད་ལ་དཔྱད་པའི་བཅར་འདྲི་ཡིན།
- Xining
- ངའི་མིང་ལ་འཇམ་དབྱངས་སྐྱིད་ཟེར།
- ངའི་ཕ་ཡུལ་ནི་མཚོ་ལྷོ་ཁུལ་ཀོན་ནན་རྫོང་བྱ་མདོ་ར་རྫ་སྡེ་བ་ཡིན།
- ངས་ཕ་ཡུལ་ནས་སློབ་ཆུང་འགྲིམས་ཏེ།
- དེ་ནས་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་གྲྭ་འགྲིམས་ཏེ།
- ང་མཐོ་འབྲིང་གཉིས་པ་མཐར་མ་ཕྱིན་སྔོན་ལ།
- མཚོ་སྔོན་བརྙན་འཕྲིན་ཁང་གིས ༡༩༨༤ ལོར།
- མཚོ་སྔོན་བརྙན་འཕྲིན་གྱི་བོད་སྐད་གསར་འགྱུར་དེ་གསར་འཛུགས་བྱས་ཏེ་ང་ཚོ་དེའི་ནང་དུ་བསྡུ་ལེན་བྱས་ཡོང་བ་རེད།
- ད་ལྟ་ངས་སྔར་བཞིན་མཚོ་སྔོན་སྔོན་བརྙན་འཕྲིན་ཁང་དུ་ཡིག་སྒྱུར་གྱི་ལས་ཀ་བྱེད་ཀྱིན་ཡོད།
- ང་ཟི་ལིང་དུ་ཡོང་ནས་ལོ་མང་པོ་འགོར་ཡོད་པ་རེད།
- ཉིས་སྟོང་བཞི་ལྔ། ཡང་ན་གསུམ་དེ་འདྲ་ཞིག་ལ།
- སྐབས་དེ་ནས་བཟུང་ང་བུད་མེད་ཀྱི་ལས་དབང་ཟེར་དགོས་པ་རེད།
- ལས་དབང་ལ་དོ་ཁུར་བྱེད་རྒྱུའི་འགོ་བརྩམས་པ་རེད།
- དེའི་རྒྱུ་མཚན་གང་ཡིན་ཟེར་རྒྱུ་ན།
- ང་རང་ཕ་ཡུལ་ནས་ཆུང་ཆུང་ཡིན་པའི་དུས་སུའང་།
- བོད་ཀྱི་ས་ཆ་ཡིན་ན་ཆོག་གི།
- འབྲོག་ཕྱོགས་རོང་ཕྱོགས་ཚང་མ་ན་བུད་མེད་ལ་ཐོབ་ཐང་འདྲ་མཉམ་མེད་པ་རེད།
- དེ་བས་སེམས་ལ་བག་ཆགས་ཤིག་བཞག་འདུག
- དེ་གཙོ་བོ་བྱས་ཏེ།
- དེའི་ཕྱོགས་ལ་གློག་བརྙན་དང་བརྙན། ད་དུང་དུས་དེབ།
- སྒྲུང་གཏམ་དང་བཅས་པའི་ནང་དུ།
- བུད་མེད་ཚོ་ཧ་ཅང་འདྲེ་མོ་ཡིན་པ་དང་བདུད་མོ་ཡིན་པ།
- གང་ལྟར་བཤད་རུང་བསམ་མི་ཤེས་པའམ་དོན་མི་གོ་བ།
- ཚང་མས་དེ་ལྟར་བཤད་བཞིན་འདུག
- དེ་བས། ངས་རྒྱུན་དུ་འདང་བརྒྱབ་ནས།
- དེའི་རྒྱུ་མཚན་ཅི་ཞིག་ཡིན་ནམ་ཞེས་སེམས་ལ་དེ་ལྟར་དྲན་པས།
- ཉིན་ཞིག་ལ་གློ་བུར་དུ།
- ང་རང་གི་ཚོད་ཀྱིས་ཧ་ཞིག་གོ་སོང་བ་འདྲ།
- དེ་ནི་རྩོམ་པ་པོ་ཡིན་ནའང་འདྲ། གང་གི་ཕྱོགས་ནས་ཡིན་ན་ཡང་།
- སྐྱེས་པ་དག་དག་ཡིན་པ་ལས། སྐྱེས་མ་རྩོམ་པ་པོ་མེད་པ་དང་།
- གློག་བརྙན་གྱི་འཁྲབ་ཁྲིད་པ་མེད་པ་དང་།
- དེའི་རྐྱེན་གྱིས་ཡིན་རྒྱུ་རེད།
- དེ་ལྟར་སྐྱེས་པའི་དབང་དུ་ཤོར་སོང་བས།
- སྐྱེས་མ་ལ་དེ་ལྟར་དམའ་འབེབ་བྱས་པ་ཡིན་པ་འདྲ་ཞེས་དེ་ལྟར་སེམས་ལ་དྲན་བྱུང་།
- དེ་ནས ༢༠༠༥ ལོར་ངའི་ཨ་མ་ཚེ་ལས་འདས་སོང་བ་རེད།
- སྐབས་དེར་ངའི་སེམས་ཧ་ཅང་སྐྱོ་བ་རེད།
- སེམས་ཧ་ཅང་སྡུག་པས་ངས་སྒྲོལ་མ་རེ་འདོན་ཞོར་དུ།
- དྲ་ངོས་དང་དཔེ་ཆ་འགའ་རེར་མ་བལྟས་ན་ང་སེམས་ཚིག་ནས་འདུག་མ་ཐུབ་པར།
- དེ་བས་ངས་བོད་ཀྱི་རིག་གནས་དྲ་ཚིགས།
- རིག་གནས་དྲ་ཚིགས་དེའི་སྟེང་དུ་སོང་ནས།
- ངས་རང་གི་ཟིན་བྲིས་འདྲ་ཞིག་རྒྱ་ཡིག་གིས་སྤེལ་བ་ཡིན།
- ཉིན་ཞིག་ངས་ཨང་སན་སོ་ཅུས་ཀྱི་རྣམ་ཐར་ཞིག་དེའི་ཐོག་ཏུ་བཞག་པ་ན།
- དེའི་འོག་ཏུ་མི་ཞིག་གིས་གཤམ་མཆན་བྲིས་ཡོད་པ་རེད།
- གཤམ་མཆན་བྲིས་ཡོད་པ་མ་ཟད། ད་དུང་།
- ཀན་སུའུ་ཉིན་ཞ་སོགས་སུ་བོད་གྱི་བུད་མེད་ནང་ལོགས་སུ་ཡོང་ནས།
- ཁ་ཆེ་དང་རྒྱ་ཡི་རྒན་མོ་བྱས་ཏེ་བུད་མེད་དེ་ཚོར་མནར་གཅོད་བྱེད་བཞིན་པའི་བཅར་འདྲི་དེ་འདྲའི་རྩོམ་ཞིག་བཞག་ཡོད་པ་རེད།
- དེ་དེར་བལྟས་རྗེས་ང་རང་ཧང་སང་སོང་།
- སྔོན་ཆད་ཡིན་རྒྱུ་ན་བུད་མེད་ཚོ་དེ་ལྟར་ཚོང་བཞིན་ཡོད་པ་རེད་ཅེས་གོ་མྱོང་བ་མ་གཏོགས།
- ངས་དངོས་སུ་དེ་ལྟར་བཅར་འདྲི་ངོ་མ་ཞིག་རིག་མ་མྱོང་།
- དེ་ཐོག་ནས་བུད་མེད་ཚོ་དངོས་ནས་བཤད་ན།
- གནས་སྟངས་བཙོག་པོ་ཡིན་པ་ཤེས་པ་རེད།
- ཅི་ཞིག་ལ་ཟེར་རྒྱུ་ན།
- རང་གི་ཕ་ཡུལ་ནས་སྐྱེས་པ་ཚོ་གང་ལྟར་བཤད་རུང་དེ་ལྟར་བྲོས་ནས་འགྲོ་བཞིན་མེད།
- བུད་མེད་ཚོ་འབྲོ་བཞིན་པ་དེར་ཡང་ངས་དབྱེ་ཞིབ་ཅིག་བྱས་ན།
- རང་ཉིད་ཆུང་དུས་སུ་བུ་མོ་ཚོ་ལོ་བཅུ་དྲུག་བཅུ་བདུན་ལ་བུད་ན།
- གནས་ལ་འགྲོ་ས་མེད་ན།
- ཁྱིམ་ཚང་ནང་ནས་གནོན་ཤུགས་སྤྲད་དེ།
- ཚང་མས་གོ་རྒས་མ་ཞེས་དེ་འདྲ་བཤད་ན།
- བུ་མོ་ཚོ་ཡི་སེམས་སྡུག་པ་དང་།
- ངའི་ཁ་ཡ་ན་ཟླ་ཚང་མས།
- བུ་མོར་མོ་སྒོ་མེད་པ་དང་ཅུང་ཟད་ལག་ལས་ཀར་མ་བཟང་ན།
- གནས་ལ་འགྲོ་ས་ཡོད་རྒྱུ་མ་རེད་ཅེས་སེམས་སྡུག་བྱེད་བཞིན་ཡོད།
- ང་སློབ་གྲྭར་འགྲོ་དུས་རྒྱུན་དུ་ཕ་ཡུལ་ལ་སོང་།
- ལས་ཀ་རྐ་ལས་རྒྱུའམ་ཆུ་གཏོང་རྒྱུ།
- ཡུར་མ་ཡུར་རྒྱུ་དང་ཁོ་ཚོར་འགྲོགས་ནས་སྡོང་བོ་འཛུགས་རྒྱུ་དེ་འདྲར་སོང་ན།
- བུ་མོ་ང་ཚོའི་ན་ཚོད་ཚང་མས་དེ་ལྟར་སེམས་སྡུག་བྱེད་བཞིན་འདུག
- ད་ངས་རང་གིས། ཨོ། དེ་ནི་དེའི་རྐྱེན་ཡིན་རྒྱུ་རེད་ཅེས།
- དེ་ན་ཅིའི་ཕྱིར་བུ་རྣམས་འབྲོ་བཞིན་མེད་པ་དང་།
- བུ་མོ་ཚོ་འབྲོ་བཞིན་ཡོད་དམ་ཞེས།
- རྒྱུ་མཚན་དེ་འདྲ་ཞིག་ལ་འདང་བརྒྱབ་ནས།
- དེ་རྐྱེན་བྱས་ཏེ་རྒྱུ་འབྲས་ཀྱི་བློ་མིག་སེལ་བ་ཨེ་ཡིན་སྙམ།
- ང་འདུག་མ་བཟོད།
- དེ་ནས་བཟུང་སྟེ་ངས་དཔེ་ཆར་བལྟས་པ་ཡིན།
- དྲ་ཚིགས་རྒྱ་ཡི་དྲ་ཚིགས་དང་བོད་མིའི་རིག་གནས་དྲ་ཚིགས་སོགས།
- སྐབས་དེར་དྲ་ཚིགས་ཀྱང་བྱུང་བ་རེད།
- ༢༠༠༤ དང ༢༠༠༥ དེར་བོད་ཀྱི་སྐད་ཡིག་དྲ་ཚིགས་དང་བཅས་པ།
- ག་ལེར་ག་ལེར་དྲ་ཚིགས་བྱུང་བ་རེད།
- དྲ་ཚིགས་ངོར་བལྟས་ན་གང་ས་གང་དུ།
- བུ་མོ་ཚོར་དམའ་འབེབ་དང་ཁྱད་གསོད་རྐྱང་རྐྱང་གི་སྐད་ཆ་མ་གཏོགས་མེད་པ་རེད།
- ངས་འདང་བརྒྱབ་ན་རང་ཉིད་ཆུང་ཆུང་ཡིན་དུས་ཀྱང་བག་ཆགས་དེ་འདྲ་ཞིག
- སྡེ་བའི་ནང་ཡིན་ན་ཆོག་གི་གང་ས་གང་དུ།
- བུ་མོ་ཅུང་ཟད་རྒོད་པོ་ཡིན་ཚེ་ཨ་སྟག་ལྷ་མོ་ཡིན་ནི་རེད།
- སྲེད་མོ་ཡིན་པ་རེད་སོགས་ཟེར།
- དེ་མ་གཏོགས་ཅུང་ཟད་རྒོད་པོ་བྱས་ཚེ།
- འདི་ལོ་བཅོ་ལྔ་ཐོན་རྒྱུ་མ་རེད་ཅེས་ནང་དོན་ནི་འདི་རྒོད་པོ་ཡིན་པ།
- འདིས་སྐབས་དེར་རང་མགོ་མ་འཁྱོངས་བར་ཡར་མར་ལས་པ་རེད་ཅེས་བཤད་ནས།
- ཚང་མའི་སེམས་ལ་བག་ཆགས་དེ་ཡོད་པའི་སྟབས་ཀྱིས་ངས་ན་ཟུག་གིས་མ་བཟོད་པར།
- སྐབས་དེ་ནས་བཟུང་སྟེ་ང་རང་གིས་དཔེ་ཆར་བལྟས་པ་དང་བསམ་གཞིག་གཏོང་ཁུལ་བྱས་པ་དང་།
- མི་ལ་འབྲེལ་འདྲིས།
- གང་ལྟར་བཤད་ཀྱང་ཕ་ཡུལ་གྱི་དོན་དག་མང་པོ་ཤེས་མོད་ཕན་ཆད་གཞན་པ་མི་ཤེས་པ་རེད།
- དེ་བས་དོན་དག་མང་པོ་གཞན་ལ་འབྲེལ་འདྲིས་བྱས་ཏེ།
- ས་ཆའི་ས་ཆར་ཡང་ག་ལེར་ག་ལེར་འགྲོ་ཁུལ་བྱས་ནས།
- གང་ས་གང་ནས་མི་ཞིག་ལ་ཐུག་ཚེ་ངས་སྐད་ཆ་དྲིས་ཏེ།
- མདོ་དབུས་ཁམས་གསུམ་གང་ཡིན་ན་ཆོག་གི་རང་གི་ཐུབ་ཚོད་ཀྱིས།
- དེ་ཚང་མ་རང་གི་སེམས་ནས་ཟིན་བྲིས་སུ་བཏབ་སྟེ།
- ག་ལེར་ག་ལེར་ངའི་རྩོམ་གྱི་རྒྱུ་ཆར་གྱུར་ཏེ།
- ངའི་དཔེ་ཆ་དེ་ཡི་མགོ་བརྩམས་པ་རེད།
- ང་ཐབས་ཟད་ནས་འུ་ཐུག་པ་རེད།
- ཐབས་ཟད་ནས་འུ་ཐུག་པ་མ་གཏོགས་ང་ལ་ཡོན་ཏན་དང་ཤེས་ཡོན་ཞིག་ཡོད་པ་མ་རེད།
- ངས་རང་གི་བསམ་བློ་དང་ཡིག་རྩལ།
- ཐ་ན་ཐོབ་ཐང་ཡང་སྐབས་དེ་ནས་མགོ་བརྩམས་པ་རེད།
- ངས་ངོ་མ་བཤད་ན་ལོ་བརྒྱད་དགུ་ཞིག་ལ་མ་གཏོགས་སློབ་གྲྭ་ཡང་བཏོན་མེད།
- སློབ་གྲྭར་ཡང་སོང་མེད་པ་རེད།
- སློབ་གྲྭ་ཆེན་མོ་ཞིག་གི་སློབ་གསོ་ཐོབ་རྒྱུ་ཕར་ཞོག
- དེའི་ཕན་ཆད་ནས་རང་ཉིད་ལ་བག་ཆགས་ཞིག་ཡོད་པ་ནི་བུ་མོ་ཚོས་ཐུབ་པ་མ་རེད་ཅེས།
- སྐབས་དང་སྐབས་སུ་སེམས་ལ་དེ་འདྲ་ཞིག་དྲན་པ་རེད།
- དེ་དྲན་མོད་ངས་ངེས་པར་དུ།
- ང་མི་ཅུང་ཟད་ཨུ་ཚུགས་ཅན་ཞིག་རེད།
- རང་གཤིས་ཅུང་ཟད་བཙན་པ་རེད།
- དེ་བས་ཐུབ་ན་མི་ཐུབ་ན་ཧུར་བརྩོན་བྱས་ནས་དཔེ་ཆར་བལྟས་ཏེ།
- ཕྱི་རྒྱལ་གྱི་བུད་མེད་ཐོབ་ཐང་གི་ཕྱོགས་ཀྱི་དཔེ་ཆ་མང་པོ་ཉོས་ནས།
- དཔེ་ཆ་རེ་ལ་ཐེངས་གསུམ་དང་བཞི་རེར་བལྟས།
- དེ་ལྟར་བལྟས་བལྟས་ནས་མིག་ཀྱང་ཞར་ལ་ཉེ་བར་བྱས་པ་རེད།
- ད་སྔ་ཅུང་ཟད་རང་གི་ཚོད་ཀྱིས་ཧ་གོ་བ་འདི་ཡང་།
- རང་གིས་བལྟས་པ་དང་བསམ་གཞིག་བཏང་བ། མི་ལ་ཁ་བརྡ་བྱས་པ།
- སྤྱི་ཚོགས་ལ་འབྲེལ་འདྲིས་སོགས་ཀྱིས།
- རང་ཉིད་ལ་ཅུང་ཟད་རྟོགས་པ་སེལ་བར་བྱས་པ་རེད།
- ང་རང་ས་ཆ་ཁ་ཤས་ཤིག་ལ་སོང་མྱོང་།
- སོང་བ་མ་ཟད་ངས་སེམས་དང་སེམས་གཏུག་ནས་དེ་ལྟར་ཁ་བརྡ་བྱས་པ་ན།
- བུ་མོ་ཚོས་ཀྱང་།
- ཡུལ་ཚོ་ཡི་དཔོན་པོ་ལ་སོགས་པ་མར་སོང་ནས་ཁོ་ཚོ་ལ་ཁ་བརྡ་བྱས་པ་འདྲ་ཞིག་མ་རེད།
- དེའི་ཕན་ཆད་ནས་ལོ་འདི་དག་གི་རིང་ལ་ས་ཆ་གཅིག་རེ་གཉིས་རེ་ལ་སོང་ནས།
- བུད་མེད་ཚོ་ཡི་ནད་འགོག ཨེ་ཛིས་ནད་ད་བར་ས་ཆ་མང་པོ་ན་ཁྱབ་ནས་འགྲོ་བཞིན་འདུག་ཟེར།
- བོད་ཀྱི་ས་ཕྱོགས་སུ་ཡང་ཁྱབ་བཞིན་པ་རེད།
- དེ་བས་རང་གི་ནུས་ཚོད་ཀྱིས་སྲིན་མོ་ཚོགས་པའི་དཔའ་མོ། བོད་གཞུག་སྐྱིད། དཔའ་མོ་རྒྱལ་སོགས་ང་ཚོ་ཁ་ཤས་ཤིག
- ལན་ཀྲུ་ན་ཡང་བོད་ཁ་ཤས་ཡོད་པ་རེད།
- དེ་བས་ང་ཚོ་སོང་ནས་ཐུབ་ཚོད་ཀྱིས་དེ་ལྟར་ཁྱབ་བསྒྲགས་བྱས་པ་ཡིན།
- དེ་བཤད་དོན་ཡང་རང་གིས་འདང་བརྒྱབ་ན་གཞི་རིམ་གྱི་བུད་མེད་ཚོར་དེའི་ཕྱོགས་ནས་སློབ་གསོ་སྤྲོད་མཁན་མེད་པ་རེད།
- ཁོ་ཚོས་བཤད་པ་ལྟར་ན་ཡང་ཡུལ་ཚོ་ཡི་མི་ཡོང་ནས་ཁོ་ཚོར་བཤད་པ་དང་ང་ཚོས་བཤད་པ་གཉིས་ཁ་ཁ་རེད།
- ང་ཚོས་བཤད་ན་ཁོ་ཚོའི་སེམས་ལ་ཡང་འགྲོ་བ་རེད་ཅེས།
- ང་ཚོ་གང་ལྟར་ཀྱང་ཤ་རུས་གཅིག་པའི་མི་རེད།
- ང་ཚོ་ཤ་ཚ་བ་དང་སེམས་དང་སེམས་བསྟན་ནས་བཤད་ན་ཁོ་ཚོར་ཕན་ཡང་ཐོག་གི་ཟེར།
- དེ་ལྟར་བཤད་པ་ཡིན། དེ་ལྟར་བཤད་པའི་ཞོར་དུ།
- ཁོ་ཚོར་བཅར་འདྲི་བྱས་ཏེ།
- ས་ཆ་ཁ་ཤས་སུ་བུད་མེད་ཚོར་ཧ་ཅང་སྡུག་ཆེ་བ་རེད།
- ཁོ་ཚོར་ལས་ཀ་ལྕི་བ།
- དེའི་ཕན་ཆད་ནས་མོ་ནད་ཅིག་བྱུང་བ་ཡིན་ན་ཡང་བཤད་མི་ཐུབ་པ།
- ང་ཚོའི་གོམས་སྲོལ་ཞིག་གི་དབང་གིས།
- མོ་ནད་ཅིག་བྱུང་ཚེ་ཁྱིམ་ཚང་ཞིག་གི་ནང་དུ་བཤད་པ་ཡིན་ན།
- ཕལ་ཆེར་མནའ་མ་ཞིག་ཁྱིམ་ཚང་དེ་རུ་འཚོ་གནས་བྱེད་མི་ཐུབ་པ་རེད།
- དེ་དང་དེ་མཚུངས་སུ་དཔེ་བཞག་ན།
- ཟླ་མཚན་བུད་ཡོང་ན་ཤོག་བུ་ཉོ་བྱེད་ཀྱི་སྒོར་མོ་ཡང་མེད་པར་དེ་ལྟར་སྡུག་མྱོང་བཞིན་པ།
- ད་བར་ཁམས་དཀར་དེ་འདྲ་ཡོང་རྒྱུ་མང་ན་ཡང་།
- ཁོ་ཚོས་སྨན་ཁང་ལ་སྟོན་ཐུབ་ཀྱིན་མེད་པར།
- དེ་འདྲའི་སྡུག་བསྔལ་ཆེན་པོ་ཡོད་པ་ཚང་མ་ངས་དཔེ་ཆའི་ནང་དུ་བྲིས་ཡོད།
- འབྲོག་ཕྱོགས་རོང་ཕྱོགས་གང་དང་གང་ཡིན་ན་ཡང་།
- བུ་མོ་ཞིག་ཡིན་ན་ལས་ཀ་ལྕི་བ།
- ལས་ཀ་བརྒྱ་ཆའི་བདུན་ཅུའི་ཡན་ཆད་བུ་མོ་ཚོས་ལས་དགོས་པ་རེད། ད་ལྟ་ཡང་དེ་ལྟར་རེད།
- དེ་ལྟར་གང་དང་གང་ཡིན་ན་བུ་མོ་ཚོའི་སྤྱི་ཚོགས་ཀྱི་ནང་ནས་གོ་གནས་ཅུང་ཟད་ཞན་པ།
- ཞན་པ་མ་ཟད་ཁ་བལྟ་མིག་བལྟ་བྱེད་མཁན་མེད་པ།
- ཉམས་ཆུང་གི་གནས་སུ་ལུས་འདུག
- དེ་བས་ངས་བལྟས་ཀྱིན་བལྟས་ཀྱིན་སྙིང་རྗེ་ནས།
- གང་ལྟར་ཀྱང་ད་ལྟ་ངས་རང་གི་འཚོ་བ་ཆོག་པ་དང་རང་མགོ་ཅུང་ཟད་ཐོན་ཡོད་མོད།
- ཡང་རང་གི་ཕྱིར་འདང་ཞིག་བརྒྱབ་ན།
- གཞི་རིམ་གྱི་བུ་མོ་ཚང་མས་དེ་འདྲའི་སྡུག་མྱོང་ན་ངའི་སྐྱིད་འདི་ཡང་ཕྱེད་ཀ་ཞིག་རེད་སྙམ་ནས།
- རང་གིས་མ་སྐུལ་དང་ལེན་གྱི་ཚུལ་དུ་བླངས་ནས།
- རྩོམ་འབྲི་བ་དང་ཁ་བརྡ་བྱེད་པ། བསམ་གཞིག་གཏོང་བ།
- དེ་ལྟར་བྱས་ནས་མི་ཚང་མའི་མི་ཁ་ཡི་མདུན་ནས་ལངས་ཏེ།
- མི་ཁའི་རལ་གྲི་ནག་པོ་ཡིས་བཅོམ་པ་ལ་མ་བལྟས་པར།
- རང་གིས་གང་ལྟར་ཀྱང་མི་རིགས་ཤིག་ལ་མཚོན་ན།
- མི་རིགས་ཀྱི་བརྒྱ་ཆའི་ལྔ་བཅུ་རེད།
- ང་ཚོ་བོད་པར་མཚོན་ན་དེ་ལས་ཀྱང་མང་གི།
- དེ་ཡིན་ན། མི་རིགས་ཤིག་ཡིན་ན་མཐར་གཏུགས་ན་ང་ཚོ་འཕེལ་རྒྱས་སུ་འགྲོ་ཐུབ་ཀྱིན་མེད་པ་ཡང་།
- བུད་མེད་ལ་རྗེས་ལུས་ཐེབས་པ།
- བུད་མེད་ལ་སློབ་གསོ་མ་ཐོབ་པ། བུད་མེད་མི་ཡི་གྲལ་དུ་མ་བཞག
- བུད་མེད་ལ་རྩིས་ཐང་མེད་པ།
- བུད་མེད་ཀྱི་སྐྱིད་སྡུག་ལ་ཁ་ཡ་མ་བྱས་པར་འདི་འདྲ་ཞིག་གི་གནས་སུ་ལྷུང་སོང་བ་རེད་འདོད།
- འདོད་པ་མ་ཟད། ངས་རང་གི་མི་ཚེ་འདི་ལ་དེའི་ཕྱོགས་སུ་ཞིབ་འཇུག་བྱེད་རྒྱུའི་དམ་བཅའ་ཡང་བཞག་ཡོད།
- བོད་ཀྱི་མི་གྲངས་ཧ་ལམ་གཞི་རིམ་གྱི་མང་ཚོགས་རེད།
- མི་ཞིག་ཡིན་ན་གཞི་རིམ་གྱི་ཞང་ཚད་སློབ་གསོ་ཡིན་ན་གང་དང་གང་ཞིག་ཡིན་ན།
- མི་ཞིག་གི་བློ་འབྱེད། ཕྲུ་གུ་ཞིག་གི་བློ་འབྱེད་ཀྱི་སློབ་གསོ་ནི་ཡོད་ཚད་ཀྱི་གལ་ཆེན་ཡིན་ཟེར་བ་རེད།
- འོན་ཀྱང་མངལ་ཀྱི་སློབ་གསོ། ཨ་མའི་མངལ་ན་ཡོད་དུས་ཀྱི་སློབ་གསོ་དང་།
- བློ་འབྱེད་སློབ་གསོ་གལ་ཆེན་ནང་གི་ཡང་ཆེན་ཟེར་བ་རེད།
- འོང་ཀྱང་བོད་ལ་མཚོན་ན་མངལ་ཀྱི་སློབ་གསོ་ཕར་ཞོག
- བློ་འབྱེད་སློབ་གསོ་ཡིན་ན་ཡང་ང་རང་ཉིད་ཀྱང་ཁོར་ཡུག་དེའི་ནང་དུ་ནར་སོན་པ་རེད།
- བུ་མོ་ཞིག་ཡིན་ན་ཁྱོད་ཀྱིས་ཐུབ་པ་མ་རེད།
- སྐྲ་རིང་བ་རེད་བློ་ཐུང་བ་རེད།
- ཚང་མ་ཚང་མ་བཤད་ནས་སེམས་ལ་བཀག་ཟྭ་བརྒྱབ་ནས།
- ཕ་མ་དང་བཅས་པ་རང་ཉིད་ལ་ཆེས་ཉེ་བའི་མི་རྣམས་ཀྱིས་ཀྱང་བུ་མོ་ཚོས་ཐུབ་པ་མ་རེད་ཅེས་བཤད་ན།
- རང་ཉིད་ཀྱིས་ཀྱང་མི་ཐུབ་པ་རེད་འདོད་པའི་བག་ཆགས་ཤིག་བཞག་ཡོད་པ་དེའི་སྟེང་དུ།
- སློབ་གསོ་ཡིན་རྒྱུ་ན་སློབ་གྲྭར་སློབ་ཆུང་དུ་སོང་ན།
- བུ་ཚོ་སློབ་གྲྭར་སོང་ནས་ཕྱིར་ཡོང་ན་རྩེད་མོ་རྩེ་བ་དང་།
- ཁོ་ཚོ་དེ་ལྟར་རྩེ་ནས་བསྡད་ན་ཆོག་པ་རེད།
- བུ་མོ་ཚོ་ཕྱིར་ཡོང་ན་འབྲོག་པ་ཡིན་ན་ལྕི་བ་ལ་མངགས་པ་དང་།
- ཨ་མ་ལ་ཐལ་ཕོབ་རོགས་བྱེད་པ་དང་མེ་འབུད་རོགས་བྱེད་པ།
- བཞོན་མ་བཞོ་རོགས་བྱེད་དགོས་པ།
- རོང་ཕྱོགས་ཡིན་རྒྱུ་ན་ཕག་ལ་ལྡུམ་བུ་འཐུ་དགོས་པ་རེད།
- ར་ལུག་འཚོ་རོགས་བྱེད་དགོས་པ་རེད། ཆུ་ལེན་དགོས་པ་རེད།
- འདི་དག་ཚང་མས་གང་ལྟར་བཤད་རུང་འདྲ་མཉམ་ཞིག་གཏན་ནས་ཡོང་གིན་མེད་པ་རེད།
- ང་ས་ཆ་མང་པོར་སོང་ན།
- བུ་དེ་གླེན་པ་ཞིག་མིན་ན་ཐོག་མར་བུ་དེར་སློབ་ཆུང་ནང་ནས་སློབ་གསོ་སྤྲོད་དགོས་པ་རེད།
- དེ་ནས་མཐར་ཕྱིན་ནས་སློབ་གྲྭ་ཆེན་མོར་སོང་ན་ཡང་བུ་མོ་ཆ་རྐྱེན་བཟང་མོད་སློབ་གྲྭར་འགྲོ་རུ་མ་བཅུག་པ་དེ་འདྲ་མང་རེད།
- ང་རང་ཡིན་རྒྱུ་ན་ཡང་རིག་པ་བཟང་མོད་སློབ་གྲྭར་འགྲོ་རུ་མ་བཅུག་པ་རེད།
- ཁོ་ཚང་གི་ཕུ་བོའམ་ནུ་བོ་འགྲོ་རུ་བཅུག་པ་རེད་ཅེས་དེ་ལྟར་བཤད་རྒྱུ་མང་བ་རེད།
- ཁྱིམ་ཚང་གཉིས་ལ་ལྟོས་དབང་གིས་བཅར་འདྲི་བྱས་པའི་ཁྱིམ་ཚང་དེ་གཉིས་ལ་དོན་དག་དེ་འདྲ་ཡོད་པ་རེད།
- ཁྱིམ་འགའ་ཞིག་ལ་བཤད་པ་ཡིན།
- དེའི་ནང་ནས་ལྟོས་དབང་རྟེན་འབྲེལ་གྱིས་དེ་ལྟར་ཐོབ་བྱུང་།
- དེ་ཡིན་ན་དེ་ཚང་མ་འདྲ་མཉམ་ཡོད་གི་མེད་པའི་རྟགས་རེད།
- དེའི་ཕན་ཆད་ནས་སྤྱི་ཚོགས་ཐོག་ནས་བུད་མེད་ལ་ད་སྔ་རིག་གནས་ཀྱི་ཕྱོགས་ནས་རྗེས་ལུས་ཐེབས་ཡོད་པ་དེ་ཡང་།
- སློབ་གསོ་ཐོབ་པ་དང་སློབ་གསོ་ཡི་སྤུས་ཀ སློབ་གསོ་ཡི་དུས་ཚོད་ཀྱི་རིང་ཐུང་།
- དེར་མ་ཟད་ལས་ཀ་ཡི་འགན་ཁུར་མང་པོ་བཞག་ན།
- སློབ་གསོ་ལ་འབད་མ་ཐུབ་པ་རེད། དུས་ཚོད་མེད་སོང་བ་རེད།
- དེ་བས་དང་ཐོག་ང་ཚོ་གཞི་རིམ་ནས་བུ་མོ་ལ་འདྲ་མཉམ་མ་བྱུང་བའི་མཇུག་འབྲས་དེ་ད་ལྟ་སྤྱི་ཚོགས་སྟེང་དུ་ཐོན་ཡོད་པ་རེད།
- འོན་ཀྱང་མི་མང་པོ་ཞིག་གིས་ཁས་ལེན་གྱིན་མེད་པ་རེད།
- བུ་མོ་ཚོ་ལ་སློབ་གསོ་སྤྲོད་བཞིན་ཡོད་མོད་ཡིན་ན་ཡང་ཅི་ཡང་ཤེས་ཀྱིན་མེད་པ་རེད།
- བུ་མོ་ཚོའི་རིག་པར་སྐྱོན་ཡོད་པ་སོགས་བཤད་དེ། སྔོན་གྱི་བག་ཆགས་རྙིང་བ་དེ་
- ད་བར་ད་རུང་ཡོད་པ་རེད།
- ཐ་ན་ཡི་གེ་ཤེས་མཁན་མང་པོ་ཞིག་གིས་ཀྱང་དེ་ལྟར་བཤད་བཞིན་ཡོད།
- ང་རང་གིས་བལྟས་ན་འདི་འདྲ་ཞིག་རེད།
- མང་པོ་ཞིག་གིས་ད་བར་དྲ་སྟེང་ན་ང་བཤད་བཞིན་ཡོད་པ་རེད།
- ཕྱི་རྒྱལ་གྱི་རྩོད་སྟངས་འདི་འདྲ་མ་རེད་གན་འདྲ་རེད།
- རྒྱ་ཡི་རྩོད་སྟངས། བུད་མེད་ཀྱི་ཐོབ་ཐང་རྩོད་སྟངས་ཤིག་ཡོད་པ་རེད།
- ང་ཡིན་ན་ཐོབ་ཐང་རྩོད་མཁན་ཞིག་མིན།
- ང་བུད་མེད་ཀྱི་བདེ་སྡུག་ལ་དོ་སྣང་བྱེད་མཁན་ཞིག་ཡིན།
- ང་རང་གི་སེམས་སུ། ང་ཐབས་ཟད་ནས་འུ་ཐུག་པ་རེད།
- ངོ་མ་བཤད་ན། དེ་བས་ཅི་འདྲ་ཞིག་རེད་ཟེར་རྒྱུ་ན།
- ཕྱི་གླིང་ལ་མཚོན་རྒྱུ་ན་ཐོབ་ཐང་རྩོད་དུས་འདེམ་ཤོག་ནས་མགོ་བརྩམས་པ་རེད།
- ཁོ་ཚོའི་རྒྱལ་ཁབ་ཀྱི་བུད་མེད་ཅིག་ལ་མཚོན་ན་ཡང་འདེམ་ཤོག་འཕེན་པ།
- ང་ཚོ་ཡིན་རྒྱུ་ན་ངས་བསམ་ན།
- རྩོད་སྟངས་དེ་ངེས་པར་དུ་སུ་ཞིག་གིས་སྒྲིག་གཞི་ཞིག་གི་ནང་དུ་འཇུག་དགོས་པ་དེ་འདྲ་ཞིག་མ་རེད།
- ང་ཚོ་སྤྱི་ཚོགས་ལ་གང་མཁོ་བ་དང་ང་ཚོའི་འཚོ་བ་དགོས་མཁོ་གང་ཆེ་བ་རེད།
- ཁ་རྩ་དགོས་གཏུག་གི་དོན་དག་གང་ཡིན་པ་དེ་ཐག་གིས་བཅད་ནས་དེ་གླེང་བཞིན་པ་མ་གཏོགས།
- ངེས་པར་དུ་ཕྱི་རྒྱལ་གྱིས་ཅིག་རྩོད་བཞིན་འདུག་ཅེས།
- ཕྱི་རྒྱལ་གྱིས་རྩོད་བཞིན་པ་ཞིག་ད་བར་ང་ཚོའི་སྤྱི་ཚོགས་ནང་ནས་བརྩད་ན་རྩོད་སྲོལ་མེད་པ།
- རྟོགས་པ་མཐོ་དྲགས་པ་སོགས་དེ་འདྲ་མང་པོ་ཡོད་པ་རེད།
- དེ་བས་ང་རང་གིས་བལྟས་ན་ཅི་ཞིག་རེད་ཟེར་རྒྱུ་ན།
- བོད་ཀྱི་སྤྱི་ཚོགས་ལ་ད་སྔ་རྩོད་དགོས་པ་གང་ཞིག་རེད་ཟེར་རྒྱུ་ན།
- སློབ་གསོའི་ཐོབ་ཐང་འདྲ་མཉམ་ཞིག་སྤྲོད་རྒྱུ་དེ་ནི་གལ་ཆེན་ནང་གི་ཡང་ཆེན་ཞིག་རེད།
- དེའི་ཐོག་ནས་མི་ཞིག་ཡིན་ན་བརྩེ་ཐང་འདྲ་མཉམ།
- རྩིས་ཐང་ཡིན་རྒྱུ་ན། བུ་ཞིག་ཡིན་ན་ཡང་ཁྱོད་ཀྱིས་ཐུབ་པ་རེད། བུ་མོ་ཞིག་ཡིན་ན་ཡང་ཐུབ་པ་རེད་ཅེས།
- ཡིད་ཆེས་ཀྱི་གཤོག་ཟུང་དང་རང་གཤིས་ཀྱི་ཕུགས་བསམ་དེ་ཚང་མ་གཅོད་མི་ཆོག་པ་རེད།
- དེ་མ་བཅད་པར་ཆུང་དུས་སུ་ཕ་མ་ཚང་མས།
- གང་ལྟར་ཀྱང་ཁྱོད་ཀྱི་སེམས་སུ་བུ་དང་བུ་མོ་ལ་ཁྱད་པར་ཡོད་པའི་ང་ཚོའི་སྲོལ་རྒྱུན་དེ་འདྲ་ཞིག་རེད།
- སྐབས་དེར་ཚང་མ་མཉམ་དུ་དང་ལེན་བྱེད་ཐུབ་པ་མིན་མོད།
- ཁྱོད་ཀྱི་སེམས་གཏིང་ནས། དེ་ལྟར་བཤད་ན་བཟང་བ་མ་རེད་ཅེས།
- གང་ལྟར་ཀྱང་རང་གི་སེམས་སུ་དྲན་ན་ཡང་ཁ་ལ་མ་ཕུད་པར།
- བུ་མོ་ཚོར་ཁྱོད་ཚོས་ཀྱང་ཐུབ་པ་རེད་ཅེས།
- ལས་ཀ་ཡིན་ན་ཡང་ཁྱིམ་ཚང་ནང་ནས་བུ་དང་བུ་མོ་ལ་འདྲ་མཉམ་བྱས་ནས་ལས་པ་དང་།
- སློབ་གསོ་ཡི་དུས་ཚོད་ཡང་འདྲ་མཉམ་ཞིག་སྤྲད་ནས།
- སྤུས་ཚད་ཡང་འདྲ་མཉམ་ཞིག་སྤྲད་ནས།
- སློབ་གྲྭ་ཆེན་མོར་ཡང་གང་ལ་གང་འཚམས་ཀྱིས་འདྲ་མཉམ་བྱས་ན་མཇུག་འབྲས་མཉམ་མི་ཡོང་ས་མི་འགྲོ་བ་རེད།
- དེ་ཕྱི་རྒྱལ་གྱི་རྒྱལ་ཁབ་མང་པོ་ཞིག་གིས་ཀྱང་བདེན་དཔང་བྱས་ཡོད་པ་རེད།
- དེའི་ཕན་ཆད་ནས་ད་རུང་ཕྱི་རྒྱལ་གྱི་རྒྱལ་ཁབ་སྐོར་ཞིག་ནས།
- བུ་ཚོར་བལྟས་ན་བུ་མོ་ཚོའི་སློབ་སྦྱོང་བྱས་པའི་མཇུག་འབྲས་བཟང་བ་མ་ཟད།
- སློབ་གྲྭ་ནང་བྱ་དགའ་ལེན་མཁན་མང་པོ་བུ་མོ་རེད།
- དེ་བས་ངས་བསམ་བློ་བཏང་ན་བོད་ལ་ཁ་རྩ་དགོས་གཏུགས་ཅིག་ཡོད་པ།
- བུ་མོ་རྐྱང་རྐྱང་བཤད་རྒྱུ་མེད་པར་བུ་དང་བཅས་པར་སློབ་གསོ་ཡག་པོ་ཐོབ་དགོས་པ་རེད།
- ད་བར་ཁམས་ཕྱོགས།
- ང་ད་ལོ་ཧ་ལམ་ཟླ་གཅིག་ལ་སོང་བ་ཡིན།
- ཁམས་ཕྱོགས་ན་མང་པོ་ཞིག་ལ་སྣང་ཚུལ་སྐྱོ་བ་ཞིག་ཡོད་པ་ཅི་རེད་ཟེར་རྒྱུ་ན།
- བུ་རྣམས་གྲྭ་བ་བྱས་པ་དང་བུ་མོ་སྐོར་ཞིག་ཇོ་མོ་ཡང་བྱེད་དུ་མ་བཅུག་པར།
- དབྱར་རྩ་དགུན་འབུ་རྐོ་དགོས་པ་རེད། ཡུལ་གྱི་ལས་ཀ་ལས་དགོས་པ་རེད་བཞོན་མ་བཞོ་དགོས་པ་རེད་ཅེས་བཤད་ནས།
- ལས་ཀ་ཚང་མ་བྱིས་པའི་འགན་དུ་བཞག་ནས་སློབ་གྲྭར་འགྲོ་རུ་མ་བཅུག་པར།
- གྲྭ་བ་མ་བྱས་པར་སློབ་གྲྭར་བུད་སོང་ན་མི་ཚང་མ་རྒྱ་རུ་འགྱུར་འགྲོ་བ་རེད་ཅེས་བཤད་ནས།
- དངོས་ནས་དེ་འདྲའི་དོན་དག་ཡོད་རྒྱུ་རེད་མོད། འོན་ཀྱང་།
- མི་ཞིག་གི་ཀླད་པའི་ནང་དུ་ཡོན་ཏན་མི་འབྱོར་བ་ལས།
- གང་ལ་གང་འཚམས་ཀྱི་ཡོན་ཏན་ཞིག་འབྱོར་ན་མི་དེའི་རྟོགས་པ་སེལ་བར་ཕན་པ་ཡོད་རྒྱུ་རེད།
- ངས་བསམ་ན། བུ་མོ་རྐྱང་རྐྱང་མ་རེད།
- སྤྱིར་ང་ཚོའི་མི་རིགས་རྗེས་ལུས་ཐེབས་ཡོད་པ་དང་།
- སློབ་གསོ་མ་འཁྱོངས་པར་སློབ་གསོ་ཡི་ནུས་པ་མ་ཐོན་པས་རྗེས་ལུས་ཐེབས་པ་རེད།
- མི་རིགས་གང་དང་གང་ཡིན་རུང་སློབ་གསོ་མ་ཐོབ་ན།
- རྗེས་ལུས་དང་བླུན་པོ་ཡིན་པ་རེད། རྨུན་པོ་ཡིན་པ་རེད།
- སློབ་གསོ་ཐོབ་རྒྱུ་དེ་གལ་ཆེན་པོ་རེད་བསམ།
- ངས་བོད་ཀྱི་ཕ་མ་ཡོངས་ལ་སྐད་ཆ་ཞིག་བཤད་རྒྱུ་ཡོད་པ་ཅེ་རེད་ཟེར་རྒྱུ་ན།
- བུ་དང་བུ་མོ་གཉིས་ལ་འདྲ་མཉམ་གྱི་སློབ་གསོ་སྤྲད་ནས།
- བུ་དང་བུ་མོ་གཉིས་ཀ་འདྲ་མཉམ་གྱིས་མི་ཡི་གྲལ་དུ་བཞག་ནས།
- བུ་མོ་ལ་ཡང་རྩིས་ཐང་བྱིན་ནས།
- དེ་ལྟར་བྱས་ན་ང་ཚོ་མི་རིགས་འདི་འཕེལ་རྒྱས་སུ་འགྲོ་བར་རེ་བ་ཆེན་པོ་ཡོད་པ་རེད།
- ལྷག་པར་དུ་དུས་རབས་ཉེར་གཅིག་པ་ནི།
- བུད་མེད་ཀྱི་གར་སྟེགས་ཡིན་ཞེས་མང་པོ་ཞིག་གིས་བཤད་བཞིན་འདུག
- དེ་ཡིན་ན་ང་ཚོས་གོ་སྐབས་འདི་མ་ཤོར་བར།
- འབད་པ་བྱས་ནས་བུ་མོ་ཡང་མིའི་གྲལ་དུ་བཞག་ནས་སློབ་གསོ་སྤྲད་དེ།
- དེ་ལྟར་བྱས་ན་མཐར་གཏུགས་ན་བུ་མོ་རང་ཉིད་ཀྱིས་རང་མགོ་ཐོན་པ་མ་ཟད།
- མི་རིགས་ལ་ཡང་ཕན་ཐོགས་པ་རེད།
- ང་ཚོ་ཚང་མའི་བསམ་དོན་ཡང་དེ་རེད།