Skip to main content Skip to search
18 Jun 2013
28 min 30 sec
Video Overview
Creators: 
Tibetan & Himalayan Library and Tibetcul.com

This video is part three of an interview with social entrepreneur and musician Rindzin Drölma about her life and work.

Transcript search
No results found for this search
0 of 0
  • རིག་འཛིན་སྒྲོལ་མ།
    ད་རང་གི་ངས་སྔོན་ལ་བཤད་པ་ལྟར་རེད། མི་རེ་རེ་ནས་དམིག་ཡུལ་མི་འདྲ་བ་རེད།
  • རིག་འཛིན་སྒྲོལ་མ།
    དམིག་ཡུལ་མི་འདྲ་བ་སོ་སོ་ནས་བྱ་བ་ལས་ན། སོ་སོའི་འབྲས་བུ་ཡང་མི་མཚུངས་པ་རེད།
  • རིག་འཛིན་སྒྲོལ་མ།
    དངོས་གནས་མི་རབས་ཕ་མས་ཡང་མས་ནས་དར་ཡོང་བ་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    ད་སྐབས་དེ་མི་ཡག་གི དེ་ལས་རྒྱ་གླུ་ཞིག་ལ་ཉན་དེ་ཡག་པོ་འདུག
  • རིག་འཛིན་སྒྲོལ་མ།
    དངོས་གནས་ང་ཚོའི་མི་རབས་འདི་ལ་དེ་ཡག་མིག་བཤད་པའི་དབང་ཆ་ཡང་མི་འདུག དངོས་གནས་ངོ་ཚ་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    ཡིན་ཡང་འགའ་ཞིག་གི་དེ་འདྲ་བཤད་མཁན་འདུག
  • རིག་འཛིན་སྒྲོལ་མ།
    བོད་ཀྱི་ས་ཆ་སོ་སོ་ན་ན་ཆུང་འགའ་ལ་དམངས་གླུ་བླངས་ན་མུ་དགའ་མཁན་ཡོད་པ་རེད།
  • རིག་འཛིན་སྒྲོལ་མ།
    དེ་འདྲ་རེ་མཐུང་དུས་བྱ་གང་འདྲ་བྱེད་དགོས་པ་དང་།
  • རིག་འཛིན་སྒྲོལ་མ།
    དེ་ལས་གཞན་ཡང་ངས་གླུ་རེ་བླངས་པ་དང་ཁྲབ་སྟོན་རེ་བྱས་ན།
  • རིག་འཛིན་སྒྲོལ་མ།
    ཁྱོད་ཕ་ཡུལ་གང་ནས་ཡིན་ཞེས་འདྲི་མཁན་ཡང་མང་བོ་ཡོད།
  • རིག་འཛིན་སྒྲོལ་མ།
    བརྙན་འཕྲིན་གྱི་ལམ་ནས་མཐོང་བ་ལས་ངའི་ཕ་ཡུལ་གང་ཡིན་ལ་ཆ་རྒྱུས་མི་འདུག
  • རིག་འཛིན་སྒྲོལ་མ།
    མི་ལ་ལས་འདི་ཁམས་ཕྱོགས་ཀྱི་རེད་ཞེས་པ་དང་ལ་ལས་འདི་ཡང་ཕྱོགས་གཞན་པ་རེ་ནས་རེད་ཟེར་མཁན་ཡང་ཡོད།
  • རིག་འཛིན་སྒྲོལ་མ།
    དཔའ་རིས་ནས་ཡིན་པ་བཤད་དུས། ཁོང་ཚོའི་སེམས་ཞིག་ལ། འེ་ཁྱོད་དཔའ་རིས་ནས་ཡིན་རྒྱུ་མ་རེད།
  • རིག་འཛིན་སྒྲོལ་མ།
    དཔའ་རིས་པ་རྣམས་ཀྱིའི་་བོད་སྐད་མུ་ཤེས།
  • རིག་འཛིན་སྒྲོལ་མ།
    ཁོང་ཚོའི་སེམས་ཀྱི་ཚད་ཐིག་ཞིག་ལ་དཔའ་རིས་ནི་ཅི་ཡང་མེད་པ་དང་ཅི་ཡང་མུ་ཤེས་པའི་ཚད་ཧ་ཅང་དམའ་བོ་ཞིག་ཏུ་སྣང་།
  • རིག་འཛིན་སྒྲོལ་མ།
    རྒྱལ་མཚན། རེད་རེད། དཔའ་རིས་ཡིན་ན་སློབ་གྲྭའི་ཁྲོད་དུ་བོད་ཡིག་མ་ཁྲིད་པ་དང་། རེད། ཁོང་ཚོའི་དེ་འདྲ་བཤད་དུས་ངའི་སེམས་ལྷག་ཏུ་སྐྱོ་བ་ཞིག་ཏུ་གྱུར།
  • རིག་འཛིན་སྒྲོལ་མ།
    དངོས་གནས་སྐབས་རེ་ལ་མིག་མཐའ་ཡང་མཆི་མའི་བསྐོར་དུས་རེ་ཡོད།
  • རིག་འཛིན་སྒྲོལ་མ།
    ཁོང་ཚོའི་མི་འགྲིག་པ་སྐོར་ཞིག་བཤད་ཡོང་།
  • རིག་འཛིན་སྒྲོལ་མ།
    དེ་འདྲ་མི་འགྲིག་ན་ང་ཅི་ལྟར་བྱས་སོང་བ་རེད།
  • རིག་འཛིན་སྒྲོལ་མ།
    དཔའ་རིས་ལ་ཕྱོགས་སོ་སོ་ནས་མི་འགྲུག་པ་བཤད་མཁན་མང་བོ་འདུག
  • རིག་འཛིན་སྒྲོལ་མ།
    དེ་ནས་ངས་འགྲེལ་བཤད་བྱེས།
  • རིག་འཛིན་སྒྲོལ་མ།
    ང་ཚོའི་དཔའ་རིས་ནས་བོད་སྐད་མི་ཤེས་པ་བདེན་ལ། ཁྱེད་ཚོ་ལྟ་བུའི་ཆ་རྐྱེན་འཛོམས་པ་ཞིག་ཀྱང་མིན།
  • རིག་འཛིན་སྒྲོལ་མ།
    ཁྱེད་ཚོའི་འབྲོག་ས་ཡིན་ན་བོད་ཀྱི་སློབས་གྲྭ་རེ་ཡོད་པ་རེད།
  • རིག་འཛིན་སྒྲོལ་མ།
    གང་ལྟར་བྱ་བ་བསྒྲུབས་མཁན་མི་རེ་འགའ་ཡོད་པ་རེད།
  • རིག་འཛིན་སྒྲོལ་མ།
    ང་ཚོ་ལ་མི་ངན་སོང་བ་མ་ཡིན་ལ། འཁོར་ཡུག་གི་དབང་གི་རེད།
  • རིག་འཛིན་སྒྲོལ་མ།
    བོད་ཞིག་ཡིན་ན་རང་གི་སྐད་ཡིག་དང་རང་གི་རིག་གནས་ཤེས་ན་མི་འདོད་པ་གཅིག་ཀྱང་ཡོད་རྒྱུ་མ་རེད།
  • རིག་འཛིན་སྒྲོལ་མ།
    ཡིན་ཡང་ཤེས་འདོད་ཀྱང་ཤེས་ཐབ་མེད་པ་རེད།
  • རིག་འཛིན་སྒྲོལ་མ།
    ང་སློབ་གྲྭ་ལ་འགྲོ་དུས་དཔེ་དེབ་ཡང་སྔོན་མ་རྣམས་ཀྱིས་བལྟས་ཚར་ནས་ང་ཚོའི་བལྟས་ལ་ང་ཚོའི་བལྟས་ཚར་དུས་རྗེས་མ་རྣམས་ལ་སྤྲད་པ་ལས་དཔེ་ཆ་ཉོ་རྒྱུ་ཡང་མི་འདུག
  • རིག་འཛིན་སྒྲོལ་མ།
    དེའི་རྐྱེན་གྱི་དམངས་ཁྲོད་ཀྱི་གླུ་ཚིག་དང་གཞན།
  • རིག་འཛིན་སྒྲོལ་མ།
    བུད་མེད་ཞིག་ལ་མཚོན་ན་ས་ཆ་གཞན་པ་ལ་སོང་ན་དེ་འདྲ་ཉུང་བ་རེད།
  • རིག་འཛིན་སྒྲོལ་མ།
    རྒྱུན་འདོན་གྱི་སྐོར། འདོན་པའི་སྐོར།
  • རིག་འཛིན་སྒྲོལ་མ།
    གདུག་དཀར་དང་བཀའ་བསྡུས་ལ་སོགས་པ། ངའི་ན་ཚོད་རྣམས་གྱི་ཡོད་ཚད་གྱིས་བློར་བཟུང་ཡོད།
  • རིག་འཛིན་སྒྲོལ་མ།
    རྒྱུ་མཚན་བོད་ཡིག་ཁྲིད་མཁན་མེད་པའི་རེད།
  • རིག་འཛིན་སྒྲོལ་མ།
    གེ་སར་གྱི་སྒྲུང་ལ་སོགས་པ་མང་བོ་ཞིག་བློར་བཟུང་ཡོད་པ་རེད།
  • རིག་འཛིན་སྒྲོལ་མ།
    དཔེ་ཆ་མེད་པའི་དམངས་ཁྲོད་ནས་ཡོད་ཚད་ངག་ཐོག་གི་རྒྱུན་འཛིན་བྱེས་པ་རེད།
  • རིག་འཛིན་སྒྲོལ་མ།
    རྒྱལ་མཚན། རེད་རེད། ང་ཚོའི་ས་ཆ་ན་ཡང་དམངས་ཚོགས་ཀྱིས་ཁ་ཏོན་འདོན་ཆེད་བད་ཡིག་སྦྱངས་མཁན་ཡང་ཡོད།
  • རིག་འཛིན་སྒྲོལ་མ།
    དེ་དངོས་གནས་སྲོལ་རྒྱུན་གྱི་ཁྲིད་ལྟབས་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    རྒྱལ་མཚན། གར་སྟེགས་སྟེང་ན་ཁྱོད་ཀྱིས་བོད་མི་རྣམས་ལ་སྙན་ཞིང་འཇེབ་པའི་གླུ་མང་བོ་ཞིག
  • རིག་འཛིན་སྒྲོལ་མ།
    རྒྱལ་མཚན། སྙན་དབང་གསོ་བའི་བདུད་རྩི་དང་བསམ་པའི་ལོང་སྤྱོད་འགྲིབས་བཞིན་ཡོད།
  • རིག་འཛིན་སྒྲོལ་མ།
    རྒྱལ་མཚན། དེ་ལས་གཞན་ཡང་གར་སྟེགས་འོག་ནས་ཡང་།
  • རིག་འཛིན་སྒྲོལ་མ།
    རྒྱལ་མཚན། དུས་རྒྱུན་གྱི་འཚོ་བའི་ཁྲོད་ནས་ཡང་མི་རིགས་སྤྱི་མཐུན་གྱི་ལས་དོན་འདི་འདྲའི་མང་བོ་ཞིག་ལས་བཞིན་ཡོད་པ་ཡང་ང་ཚོའི་ཐོས་སོང་།
  • རིག་འཛིན་སྒྲོལ་མ།
    རྒྱལ་མཚན། དཔེར་ན་ཁྱོད་ཀྱི་ཕ་ཡུལ་དཔའ་རིས་ས་ཆ་ནས་རང་གི་སྐད་དང་ཡི་གེ་ཕྱོགས་སུ་ནུས་པ་ཡོད་ཚད་ཀྱི་ཁྱབ་སྤེལ་བྱེད་བཞིན་ཡོད།
  • རིག་འཛིན་སྒྲོལ་མ།
    རྒྱལ་མཚན། དེ་ན་ཁྱེད་ཀྱི་འདིའི་སྐོར་གྱི་ཁ་བརྡ་འགའ་བྱས་ན། ཁྱེད་ལ་བསམ་ཚུལ་གང་འདྲ་ཡོད་ནས་ལམ་འདིར་ཞུགས་པ་དང་།
  • རིག་འཛིན་སྒྲོལ་མ།
    རྒྱལ་མཚན། ལམ་བར་ནས་དཀའ་ཁག་གང་འདྲ་ཡོད་ཚུལ།
  • རིག་འཛིན་སྒྲོལ་མ།
    རྒྱལ་མཚན། ཁྱོད་རང་ལ་གྲུབ་འབྲས་གང་འདྲ་ཐོབ་པ་དང་ཉམས་མྱོང་གང་འདྲ་ལོན་པ་སོགས། ཁ་བརྡ་ཞིག་བྱས་ན།
  • རིག་འཛིན་སྒྲོལ་མ།
    རེད་རེད། ངས་གོང་ནས་བཤད་པ་དང་གཅིག་མཐུན་རེད། སྲོལ་རྒྱུན་ལ་སོང་ནས།
  • རིག་འཛིན་སྒྲོལ་མ།
    གླུ་དང་སྟོན་བཤད། བཤད་པའི་སྐོར་དང་།
  • རིག་འཛིན་སྒྲོལ་མ།
    དངས་ཁྲོད་ནས་བསྡུ་བའི་སྐབས་སུ་ལོ་ཆུང་རྣམས་ཀྱི་ཁྲོད་ན་ཤེས་མཁན་མེད་པ་རེད།
  • རིག་འཛིན་སྒྲོལ་མ།
    རྒན་པ་རྣམས་ཀྱི་ཁྲོད་ན་ཤེས་མཁན་ཡོད་ཀྱང་ཡི་གེ་མི་ཤེས་པ་རེད།
  • རིག་འཛིན་སྒྲོལ་མ།
    རྒན་པ་རྣམས་ལ་འདྲི་བའི་སྐབས་སུ་ངུ་མཁན་ཡང་མང་བོ་ཡོད།
  • རིག་འཛིན་སྒྲོལ་མ།
    བསམ་བློ་རེ་བཏང་ན་ཁོང་ཚོས་སྔོན་ཆད་དཔེ་ཆ་འགའ་རེ་བློར་བཟུང་ཡོད་པ་རེད།
  • རིག་འཛིན་སྒྲོལ་མ།
    ཁོང་ཆོས་ད་བར་དུ་ལོ་ཉུང་ཞིག་གི་ཁྱོད་ཀྱིས་ཤོད་དང་ངས་ཉན་ཟེར་མཁན་ཞིག་ལ་ཐུག་མ་མྱོང་ཟེར།
  • རིག་འཛིན་སྒྲོལ་མ།
    ངས་སོང་ནས་དྲིས་དུས་ཁོང་ཚོ་སེམས་གཏང་ནས་དགའ་བོ་འདུག
  • རིག་འཛིན་སྒྲོལ་མ།
    ཁོང་ཚོས་ཡང་ཤེས་ཚོད་ཐུབ་ཚོད་གྱི་བཤད་པ་རེད།
  • རིག་འཛིན་སྒྲོལ་མ།
    དེ་ལས་གཞན་ལོ་ཉུང་རྣམས་ཀྱི་ཁྲོད་དུ་ཡང་།
  • རིག་འཛིན་སྒྲོལ་མ།
    དཔའ་རིས་ཡོངས་རྫོགས་ཡང་མ་རེད།
  • རིག་འཛིན་སྒྲོལ་མ།
    རྒྱ་སྐད་མི་ཤེས་པ་ཡང་སྐོར་ཞིག་ཡོད་པ་རེད།
  • རིག་འཛིན་སྒྲོལ་མ།
    རྒྱ་བོད་གཉིས་ཀྱི་སྐད་ཤེས་མཁན་ཡང་ཡོད་པ་རེད།
  • རིག་འཛིན་སྒྲོལ་མ།
    མཐའ་ཕྱོགས་ན་ཡོད་པ་རྣམས་ལ་ཡང་བོད་སྐད་མི་ཤེས་པ་སྐོར་རེ་ཡོད།
  • རིག་འཛིན་སྒྲོལ་མ།
    དེ་དངོས་གནས་བཤད་ན་འཁོར་ཡུག་གི་དབང་གི་རེད།
  • རིག་འཛིན་སྒྲོལ་མ།
    འཁོར་ཡུག་བཟང་ས་ནས་ན་ཆུང་རྣམས་ཀྱི་རྒྱ་བོད་གཉིས་ཀྱི་སྐད་ཤེས་ལ།
  • རིག་འཛིན་སྒྲོལ་མ།
    དེངས་དུས་ཀྱི་རྒྱའི་སློབ་གྲྭ་ན་ཡང་ལེ་ཚན་ཅུང་ལྕི་བོ་འདུག
  • རིག་འཛིན་སྒྲོལ་མ།
    ཆུང་ཆུང་ཡིན་དུས་བོད་སྐད་བཤད་ནས།
  • རིག་འཛིན་སྒྲོལ་མ།
    ཅུང་ཆེ་བའི་སྐབས་སུ་རྒྱ་རིགས་སློབ་གྲྭ་ལ་སོང་དུས།
  • རིག་འཛིན་སྒྲོལ་མ།
    རྒྱ་སྐད་བོད་སྐད་འདྲེ་མ་བཤད་ནས་བོད་སྐད་དྭངས་མ་ཞིག་མི་བཤད།
  • རིག་འཛིན་སྒྲོལ་མ།
    དེའི་གནས་ཚུལ་གང་ལ་སོང་ཡོད་པ་རེད།
  • རིག་འཛིན་སྒྲོལ་མ།
    དེ་ནས་ལོ་ལོན་རྒན་པ་རྣམས་ཀྱི་ཤེས་པ་བ་དེ། ཁོང་ཚོ་མེད་སོང་བའི་དུས་ནས་ཤེས་བྱ་དེ་བླངས་ནས་འཁྱེར་ཐབ་མེད་པའི།
  • རིག་འཛིན་སྒྲོལ་མ།
    དེ་དུས་ཡོད་ཚད་ཚར་སོང་བ་རེད།
  • རིག་འཛིན་སྒྲོལ་མ།
    ཁོང་ཚོས་ན་ཆུང་རྣམས་ལ་ཁྲིད་ན་འདོད་ཀྱང་ན་ཆུང་རྣམས་ཀྱི་ཡི་གེ་མི་ཤེས་པའི་སློབ་ཐབ་མེད།
  • རིག་འཛིན་སྒྲོལ་མ།
    ཞེས་བཤད་དུས་རང་གི་སེམས་དངོས་གནས་སྐྱོ་བ་ཞིག་རེད། དེ་ནས་ཡང་ལོ་སར་ལ་སོགས་པར་སྡེ་བ་སོ་སོ་ལ་སོང་ནས།
  • རིག་འཛིན་སྒྲོལ་མ།
    ལོ་ལོན་རྒན་པ་རྣམས་ལ།
  • རིག་འཛིན་སྒྲོལ་མ།
    དམངས་ཁྲོད་ཀྱི་ཁོང་ཚོའི་སྐབས་ཀྱི་མི་ཚེ་ཉམས་མྱོང་སྐྱིད་སྡུག་སོགས་ཀྱི་གནས་ཚུལ་རེ་ཤེས་ན་བཟང་གི་ཉམས་ནས།
  • རིག་འཛིན་སྒྲོལ་མ།
    རྒན་པ་རྣམས་ལ་མི་ཚེའི་ལོ་རྒྱུས་རེ་དྲིས་དུས།
  • རིག་འཛིན་སྒྲོལ་མ།
    མང་བོ་ཞིག་འདི་རེད།
  • རིག་འཛིན་སྒྲོལ་མ།
    ང་ཚོའི་བོད་ཀྱི་ས་ཆ། བོད་འདི་འདི་ལྟར་བྱེས་ནས་ཚར་དགོས་པ་འེ་རེད། བོད་སྐད་ཞིག་ཤེས་དགོས་པའི་གོ་སྐབས་ཞིག་ཡོད་དམ་མེད།
  • རིག་འཛིན་སྒྲོལ་མ།
    བརྙན་འཕྲིན་ནང་ལ་བལྟས་དུས་ཕྱོགས་སོ་སོ་ནས་ན་ཆུང་རྣམས་ལ་བོད་ཡིག་ཁྲིད་བཞིན་འདུག ང་ཚོའི་ས་ཆ་ན་བོད་ཡིག་ཁྲིད་ཐུབ་པ་འེ་རེད།
  • རིག་འཛིན་སྒྲོལ་མ།
    འདི་གནད་དོན་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    ཟེར་བཞིན་མིག་ཆུ་གཏོར་ནས་བཤད་མཁན་མང་བོ་འདུག
  • རིག་འཛིན་སྒྲོལ་མ།
    དེ་དུས་རང་གི་དངོས་གནས་སྙིང་རྗེ་འདོད་སོང་། ཁོང་ཚོའི་མི་ཚེ་གཅིག་གི་ནད་ལྟ་བུ་ཞིག་འདི་རེད།
  • རིག་འཛིན་སྒྲོལ་མ།
    རང་གི་ཤ་ཁྲག་གི་མི་རྒྱུད་ཡིན་ལ།
  • རིག་འཛིན་སྒྲོལ་མ།
    རང་གི་ཤེས་པ་དེ་གཞན་ལ་བཤད་ཀྱང་ཤེས་མུ་ཐུབ་པ་དེའི་བར་ན།
  • རིག་འཛིན་སྒྲོལ་མ།
    རང་གི་ཚ་བུ་བུ་རྒྱུད་ནས་རང་གི་བར་ལ་བར་ཐག་ཞིག་འདུག།
  • རིག་འཛིན་སྒྲོལ་མ།
    བྱ་བ་བྱེད་མཁན་ཡང་མེད་པའི་ཁོང་ཚོའི་སེམས་ཡང་སྐྱོ་བཞིན་འདུག
  • རིག་འཛིན་སྒྲོལ་མ།
    དེ་དུས་རང་གི་ཡང་བསམ་བློ་རེ་བཏང་ནས།
  • རིག་འཛིན་སྒྲོལ་མ།
    རང་གི་ཐུབ་ཚོད་ཀྱི་འབད་པ་བྱས།
  • རིག་འཛིན་སྒྲོལ་མ།
    རང་གི་ལོ་ལྔ་ནས་ལོ་དྲུག་གི་བར་ལ་སློབ་མ་རེ་ཁྲིད་ནས་ཚོད་ལྟ་རེ་བྱས་ན།
  • རིག་འཛིན་སྒྲོལ་མ།
    ངས་ཡང་ཆེན་པོ་ཞིག་ཐུབ་པ་མ་རེད།
  • རིག་འཛིན་སྒྲོལ་མ།
    ང་ཡང་རང་གི་ས་ནས་རིག་གནས་མེད་ལ།
  • རིག་འཛིན་སྒྲོལ་མ།
    ཆ་རྐྱེན་ཅན་ཡང་ཡིན་པ་མ་རེད།
  • རིག་འཛིན་སྒྲོལ་མ།
    དབང་ཆ་ཅན་གྱི་དཔོན་པོ་ཡང་མ་ཡིན།
  • རིག་འཛིན་སྒྲོལ་མ།
    རང་གིས་ནུས་པས་ཐུབ་ཚོད་ཀྱིས་སློབ་མ་འདི་ཚོ་ཁྲིད་ནས་འཁོར་ཡུག་ཞིག་བསྐྲུན་ན།
  • རིག་འཛིན་སྒྲོལ་མ།
    དེ་ལས་གཞན་པའི་གནས་ཚུལ་ལ་རིམ་གྱིས་རིམ་གྱིས་བལྟས་ནས་སོང་ན་བསམ།
  • རིག་འཛིན་སྒྲོལ་མ།
    རྒྱལ་མཚན། རེད། མིག་སྔར་ཁྱོད་ཀྱི་འཛིན་གྲྭ་དེ་ལ་སློབ་མ་ཅི་འདྲ་ཞིག་ཡོད།
  • རིག་འཛིན་སྒྲོལ་མ།
    རྒྱལ་མཚན། དུས་ཚོད་གང་འདྲ་ཞིག་བཀོད་བསྒྲིག་བྱས་ཡོད།
  • རིག་འཛིན་སྒྲོལ་མ།
    འདི་འདྲ་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    དབྱར་ནང་དང་དགུན་ནང་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    གསབ་བསྦྱོངས་འཛིན་གྲྭ་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    སློབ་ཁང་ལ་སོགས་པ་མེད་ལ།
  • རིག་འཛིན་སྒྲོལ་མ།
    སྡེ་བའི་ནང་ནས། སྡེ་བ་ཕར་ཆེར་གཅུ་གཅིག་འདྲ་ཞིག་ཡོད།
  • རིག་འཛིན་སྒྲོལ་མ།
    རྒྱལ་མཚན། རེད། སྡེ་བ་བཅུ་གཅིག
  • རིག་འཛིན་སྒྲོལ་མ།
    སྡེ་བ་རེ་ལ་ཁོང་ཚོའི་སྲིད་གཞུང་གི་ཚོགས་འདུ་འཚོགས་སའི་ཁང་བ་ཡོད་པ་སོགས་གཡར་ནས།
  • རིག་འཛིན་སྒྲོལ་མ།
    འགའ་རེར་སྔོན་གྱི་སློབ་གྲྭ་རེ་ཡོད།
  • རིག་འཛིན་སྒྲོལ་མ།
    འགའ་རེ་སློབ་ཁང་ཡང་མེད།
  • རིག་འཛིན་སྒྲོལ་མ།
    སློབ་ཁང་མེད་པ་ལ་ཐབ་མེད་འདུག
  • རིག་འཛིན་སྒྲོལ་མ།
    ན་ནང་དབྱར་ཁ་སྦྲ་ཞིག་ཕུབ་པ་ཡིན།
  • རིག་འཛིན་སྒྲོལ་མ།
    ཉི་མ་ཚ་དུས་གུར་ནང་ནས་ཚ་བ་ཤིན་ཏུ་ཆེ།
  • རིག་འཛིན་སྒྲོལ་མ།
    ཆར་བབས་དུས་ཡང་ཧ་ཅང་གྲང་ངར་ཆེ།
  • རིག་འཛིན་སྒྲོལ་མ།
    ཡིན་ཡང་ཐབ་མེད་པ་རེད་། ཆ་རྐྱེན་གྱི་དབང་གི་རེད།
  • རིག་འཛིན་སྒྲོལ་མ།
    གཞན་ཡང་སྡེ་བ་གཅིག་ལ་སྦྱིན་བདག་ཞིག་ཡོད་ནས།
  • རིག་འཛིན་སྒྲོལ་མ།
    དམངས་ཚོགས་ཀྱིས་ང་ཚོའི་བོད་ཡིག་ཞིག་ཤེས་ཐུབ་ན་དེ་ལས་ལྷག་པའི་བཀའ་དྲིན་ཅན་ཡོད་པ་མ་རེད་ཟེར་ནས།
  • རིག་འཛིན་སྒྲོལ་མ།
    ཁྱིམ་ཚང་གི་གུར་ཞིག་ཕུབ་ནས་ཁང་བ་ང་ཚོ་ལ་གཡར།
  • རིག་འཛིན་སྒྲོལ་མ།
    དེ་ནས་ང་ཚོའི་ཁང་བའི་ནང་གི་སློབ་ཁྲིད་བྱས།
  • རིག་འཛིན་སྒྲོལ་མ།
    ཁོང་ཚོས་ཐུབ་ཚོད་ཀྱི་ང་ལ་རོགས་བྱས་ནས།
  • རིག་འཛིན་སྒྲོལ་མ།
    ཁོང་ཚོའི་བུ་ཕྲུག་རྣམས་ལ་ཕན་ཐོག་ན།
  • རིག་འཛིན་སྒྲོལ་མ།
    ནུས་ཚོད་ཀྱི་རོགས་བྱེས་པ་རེད།
  • རིག་འཛིན་སྒྲོལ་མ།
    དེ་ནས་ངས།
  • རིག་འཛིན་སྒྲོལ་མ།
    སྡེ་བ་བཅུ་གཅིག་ཡོད།
  • རིག་འཛིན་སྒྲོལ་མ།
    དེ་ལ་སློབ་མ་ཕར་ཆེར་༣༤༠ཡོད།
  • རིག་འཛིན་སྒྲོལ་མ།
    རྒྱལ་མཚན། འོ་༣༤༠ ངོས་གནས་མང་བོ་རེད།
  • རིག་འཛིན་སྒྲོལ་མ།
    ༣༤༠ནང་གི་སྡེ་བ་སོ་སོའི་སྐད་རིགས་ཀྱི་ཆ་རྐྱེན་ཤེས་པ་མ་ཡིན།
  • རིག་འཛིན་སྒྲོལ་མ།
    འགའ་རེའི་བོད་སྐད་རྒྱ་སྐད་གཉིས་ཤེས།
  • རིག་འཛིན་སྒྲོལ་མ།
    འགའ་རེའི་རྒྱ་སྐད་ཆེན་པོ་མུ་ཤེས།
  • རིག་འཛིན་སྒྲོལ་མ།
    འགའ་རེ་ལ་བོད་སྐད་མུ་ཤེས་པ་ཡང་ཡོད།
  • རིག་འཛིན་སྒྲོལ་མ།
    དེ་ཡིན་ན། ལོ་གཅིག་ལ་ཁྲིད་ཟིན་པ་རེད།
  • རིག་འཛིན་སྒྲོལ་མ།
    ཁོང་ཚོའི་གྲུབ་འབྲས་ཡང་མུ་འདྲ།
  • རིག་འཛིན་སྒྲོལ་མ།
    བོད་སྐད་རྐྱང་བ་ཤེས་མཁན་རྣམས་མགྱོགས་པ་རེད།
  • རིག་འཛིན་སྒྲོལ་མ།
    རྒྱ་སྐད་དང་བོད་སྐད་ཤེས་མཁན་ཡང་བཟང་བོ་འདུག
  • རིག་འཛིན་སྒྲོལ་མ།
    བོད་སྐད་མུ་ཤེས་པ་རྣམས་ཅུང་ཞན་པ་རེད།
  • རིག་འཛིན་སྒྲོལ་མ།
    དེ་ལས་གཞན་ངས་དཔེར་ན།
  • རིག་འཛིན་སྒྲོལ་མ།
    སྡེ་བའི་ནང་གི་སློབ་མ་ཉུང་ཤུས་ལ་ཉི་ཤུ་དང་མང་ཤོས་ལ་སློབ་མ་བརྒྱད་བཅུ་ལྷག་ཙམ་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    དེ་ནས་སློབ་མ་བཞི་བཅུའི་ཡན་ཆད་ཀྱི་སྡེ་བ་ལ་དགེ་རྒན་གསུམ་རེ་མངགས།
  • རིག་འཛིན་སྒྲོལ་མ།
    དེ་ལ་བོད་ཡིག་དགེ་རྒན་གཉིས་དང་དབྱིན་ཡིག་དགེ་རྒན་གཅིག
  • རིག་འཛིན་སྒྲོལ་མ།
    དབྱིན་གི་དེ་ཡང་ངེས་པར་དུ་ཤེས་དགོས་པ་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    ཡིན་ཡང་ས་གནས་ཀྱི་རྒྱུན་ལྡན་གྱི་སློབ་གྲྭ་རྣམས་ཀྱི་དབྱིན་ཡིག་དེ་འདྲ་ལེགས་པོ་ཞིག་སྦྱོངས་ཐུབ་ཀྱི་ཡོད་པ་མ་རེད།
  • རིག་འཛིན་སྒྲོལ་མ།
    ང་སོང་ནས་སྡེ་བ་གཞན་པ་རྣམས་ལ་རྒྱུས་ལོན་རེ་བྱས་ནས་དྲིས་དུས།
  • རིག་འཛིན་སྒྲོལ་མ།
    དབྱིན་ཡིག་སྦྱངས་པ་དེ་འདྲ་ལེགས་པོ་མ་རེད་ཟེར།
  • རིག་འཛིན་སྒྲོལ་མ།
    ཕར་ཆེར་སློབ་ཆུང་གི་ལོ་རིམ་བཞི་བ་ལ་མ་ཐོན་པར་དབྱིན་ཡི་མེད་པ་རེད།
  • རིག་འཛིན་སྒྲོལ་མ།
    དེ་ནས་ངས་དབྱིན་ཡིག་ཞིག་ཤེས་ན་བཟང་གི་དོད་སོང་།
  • རིག་འཛིན་སྒྲོལ་མ།
    སློབ་མ་བཞི་བཅུའི་མན་ཆད་ལ་བོད་ཡིག་དགེ་རྒན་གཅིག་དང་དབྱིན་ཡིག་དགེ་རྒན་ཅིག་རེ་མངགས།
  • རིག་འཛིན་སྒྲོལ་མ།
    དགེ་རྒན་བཙལ་བའི་ཕྱོགས་ནས་ཡང་དཀའ་ངལ་ཞིག་འདུག
  • རིག་འཛིན་སྒྲོལ་མ།
    བོད་ཡིག་དགེ་རྒན་བཙལ་བ་ཅུང་དཀའ་བོ་འདུག
  • རིག་འཛིན་སྒྲོལ་མ།
    དབྱིན་ཡིག་དགེ་རྒན་བཙལ་བ་སླ་བོ་རེད། སློང་གྲྭ་གྲོལ་དུས་དེའི་ནང་ན་དབྱིན་ཡིག་ལ་ངར་བ་མང་བོ་རེད།
  • རིག་འཛིན་སྒྲོལ་མ།
    བོད་ཡིག་གི་ཕྱོགས་ནས། བོད་ཡིག་ཤེས་མཁན་མང་ཡང་།
  • རིག་འཛིན་སྒྲོལ་མ།
    ང་ཚོའི་ས་གནས་སྐད་ཆ་ལ། ས་གཞན་ནས་དགེ་རྒན་ཡོང་དུས།
  • རིག་འཛིན་སྒྲོལ་མ།
    སློབ་ཆུང་ལ་ཅུང་དཀའ་བོ་འདུག
  • རིག་འཛིན་སྒྲོལ་མ།
    དེ་ནས་ང་ཚོ་ལ་བརྡ་རྙིང་སྐད་ཆ་མང་བོ་འདུག
  • རིག་འཛིན་སྒྲོལ་མ།
    བོད་སྐད་མི་ཤེས་མཁན་རྣམས་ལ་ཡང་།
  • རིག་འཛིན་སྒྲོལ་མ།
    ཁོང་ཚོའི་ས་གནས་ཀྱི་སྐད་ཆ་དཔའ་རིས་ཀྱི་སྐད་ནས་བཤད་ན་ཁོང་ཚོའི་གོ་བ་འདུག
  • རིག་འཛིན་སྒྲོལ་མ།
    ལན་འདེབ་མ་ཤེས་པ་ལས་དོན་གོ་བ་འདུག
  • རིག་འཛིན་སྒྲོལ་མ།
    དེ་ལ་ས་ཕྱོགས་གཞན་ནས་དགེ་རྒན་ཡོང་ན་ཁོང་ཚོའི་དོན་མི་གོ
  • རིག་འཛིན་སྒྲོལ་མ།
    དེ་ཡིན་ན་དགེ་རྒན་གྱི་ཕྱོགས་ནས་དཔའ་རིས་ཀྱི་ཕ་སྐད་མིན་ན་དཀའ་བོ་འདུག
  • རིག་འཛིན་སྒྲོལ་མ།
    དེ་ཡང་གནད་དོན་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    དེ་ནས་ཡང་ཅི་ནུས་ཀྱི་དཔའ་རིས་ཀྱི་དགེ་རྒན་རེ་བཙལ་བ་ཡིན།
  • རིག་འཛིན་སྒྲོལ་མ།
    དཔའ་རིས་ནས་ཡང་ཁྲིད་ལྟབས། དམངས་ཁྲོད་ཀྱི་ཁྲིད་ལྟབས་ལེགས་པོ་ཞིག་འདུག
  • རིག་འཛིན་སྒྲོལ་མ།
    དཔའ་རིས་ཀྱི་སྐད་ཆ་ལ་སྨྲ་དག་པོ་འདུག
  • རིག་འཛིན་སྒྲོལ་མ།
    རྒྱུས་ལོན་ན་དཔའ་རིས་ཀྱི་སྐད་ནས་ལོ་རིམ་གསུམ་པ་ལ་དཔའ་རིས་ཀྱི་སྐད་ཡིན་ན།
  • རིག་འཛིན་སྒྲོལ་མ།
    སྨྲ་བརྗོད་པའི་ཕྱོགས་ནས་ཡང་རྨང་གཞི་ལེགས་པོ་འདུག
  • རིག་འཛིན་སྒྲོལ་མ།
    ལོ་རིམ་གསུམ་པའི་རྗེས་སུ་ཕྱོགས་གཞན་ནས་དགེ་རྒན་ཡོང་ན་མི་འགྲིག་ས་མེད།
  • རིག་འཛིན་སྒྲོལ་མ།
    རྒྱལ་མཚན། རེད། ན་ཆུང་བྱས་པ་རྣམས་ནར་སོན་ན་ཡུལ་གང་ལ་སོང་ན་ནུས་པ་ཐོན་པ་རེད།
  • རིག་འཛིན་སྒྲོལ་མ།
    རྒྱལ་མཚན། རང་གི་ཕ་སྐད་ནས་སོང་ན་མགྱོགས་པ་རེད།
  • རིག་འཛིན་སྒྲོལ་མ།
    སྡེ་བ་གཉིས་ཙམ་ཞིག་ལ་ལོ་གཉིས་ཡས་མས་ཞིག་འགོར་ཡོད།
  • རིག་འཛིན་སྒྲོལ་མ།
    སྡེ་བ་གཞན་པ་རྣམས་ལ་ལོ་གཅིག་ཙམ་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    དབྱར་ནང་དང་དགུན་ནང་གཅིག་རེད།
  • རིག་འཛིན་སྒྲོལ་མ།
    ད་སྐབས་ཡང་དབྱར་ནང་གི་དགེ་རྒན་འཚོལ་བསྡུ་བྱེད་པའི་དུས་ཚོད་རེད།
  • རིག་འཛིན་སྒྲོལ་མ།
    རྒྱལ་མཚན། རེད། དཔེར་ན།
  • རིག་འཛིན་སྒྲོལ་མ།
    རྒྱ་སྐད་ལས་བོད་སྐད་མུ་ཤེས་པ་རྣམས་ཀྱི་ཕ་མ་རྣམས་ལ་བོད་ཡིག་སྦྱོངས་པ་ལ་སྤྲོ་བ་འེ་ཡོད།
  • རིག་འཛིན་སྒྲོལ་མ།
    སྤྲོ་བ་ཡོད། སྦྱངས་རྒྱུ་རེ་ཡོད་ན་ཚོད་ལྟ་རེ་བྱེད།
  • རིག་འཛིན་སྒྲོལ་མ།
    འགའ་རེ། དང་བོ་ངའི་དམིག་ཡུལ་ཡིན་ན་རང་གི་སྡེ་བ་གཉིས་ནས་གསུམ་ཙམ་ཞིག་ལ།
  • རིག་འཛིན་སྒྲོལ་མ།
    དེའི་ནང་གི་སྐད་ཆའི་ཆ་རྐྱེན་ཅུང་བཟང་བ།
  • རིག་འཛིན་སྒྲོལ་མ།
    བོད་སྐད་ཤེས་པ་དང་ཡང་ན་བོད་སྐད་རྒྱ་སྐད་གཉིས་ཤེས་པ།
  • རིག་འཛིན་སྒྲོལ་མ།
    དེ་འདྲའི་སྡེ་བ་འགའ་ཞིག་གི
  • རིག་འཛིན་སྒྲོལ་མ།
    སློབ་མ་ཕར་ཆེར་བདུན་ཅུ་བརྒྱད་བཅུ་ཡས་མས་ཞིག
  • རིག་འཛིན་སྒྲོལ་མ།
    དེ་ལས་མང་སོང་ན་རང་གི་ནུས་པའི་མི་ཐོན་འདོད་སོང་།
  • རིག་འཛིན་སྒྲོལ་མ།
    དེ་འདྲ་ཞིག་བསམ། དེ་ནས།
  • རིག་འཛིན་སྒྲོལ་མ།
    དེ་ནས་སློབ་མ་བསྡུ་སྐབས། ཁོང་ཚོའི་མུ་ཤེས་པ་རྣམས་ལ་མི་ཁྲིད་ན་མི་འགྲིག་གི་ཟེར།
  • རིག་འཛིན་སྒྲོལ་མ།
    ཤེས་མཁན་རྣམས་ལ་སློབ་ནས་མི་ཤེས་པ་རྣམས་ལ་མི་ཁྲིད་ན་མི་འགྲི་གི་ཟེར།
  • རིག་འཛིན་སྒྲོལ་མ།
    དེ་ནས་ཁོང་ཚོ་ལ་སྦྱངས་འདོད་པའི་ཡིད་ཆེས་ཡོད་ན་ངས་དེ་ཕམ་དུ་བཅུག་ན་ཡང་མི་འགྲིག་གི།
  • རིག་འཛིན་སྒྲོལ་མ།
    དེ་ནས་རང་གིས།
  • རིག་འཛིན་སྒྲོལ་མ།
    དེ་ན་ཚང་མ་ཤོག ཁྱོད་ཚོས་ཚོད་ལྟ་བྱེས་དང་ངས་ཡང་ཚོད་ལྟ་བྱེད།
  • རིག་འཛིན་སྒྲོལ་མ།
    ངས་ལོ་གཅིག་ནས་ལོ་གཉིས་ཀྱི་བར་ལ་ཚོད་ལྟ་ཞིག་བྱེད།
  • རིག་འཛིན་སྒྲོལ་མ།
    གལ་སྲིད་བྱས་པ་རྣམས་ལ་སྦྱང་འབྲས་ལེགས་པོ་ཞིག་མ་ཐོབ་ན་ང་ལ་ཡང་ཐབ་མེད་པ་རེད་ཞེས་བཤད།
  • རིག་འཛིན་སྒྲོལ་མ།
    སྦྱངས་འབྲས་ལེགས་པ་རྣམས་ལ་ལོ་ལྔ་ནས་དྲུག་བར་དུ་ངས་རྒྱུན་སྐྱོང་བྱེད།
  • རིག་འཛིན་སྒྲོལ་མ།
    རང་གི་ཡིག་རྨོང་སེལ་ནས། རང་གི་མིང་འབྲི་ཤེས་པ་དང་རང་གི་དཔེ་ཆར་བལྟ་ཤེས་པ་ཞིག་གི་ཚད་ལ་ངས་འབད་པ་བྱེད།
  • རིག་འཛིན་སྒྲོལ་མ།
    དེ་ནས་རང་གི་རང་སྦྱངས་བྱས་ན་ཡང་ཐུབ་པ་རེད།
  • རིག་འཛིན་སྒྲོལ་མ།
    རྒྱལ་མཚན། རེད། དེ་ནས་ས་ཆ་གཞན་པའི་སློབ་གྲྭ་ལ་སོང་ཡང་ཆོག་པ་རེད།
  • རིག་འཛིན་སྒྲོལ་མ།
    དེ་ན་ཁྱོད་ཚོས་བྱས་པ་རྣམས་སློབ་གྲྭ་ལ་མངག་ན་ངས་ཡང་འབད་པ་བྱེད་ཞེས་བཤད།
  • རིག་འཛིན་སྒྲོལ་མ།
    ཁྱེད་ཚོ་ཕ་མ་རྣམས་ཀྱིས་ཡང་ཁྱིམ་ནས་ཡི་གེ་ལ་བལྟ་རུ་ཆུག
  • རིག་འཛིན་སྒྲོལ་མ།
    ངས་ཡང་སྡེ་བ་གཞན་པ་རྣམས་དང་འདྲ་མཚུངས་བྱས་ནས་དགེ་རྒན་བཙལ།
  • རིག་འཛིན་སྒྲོལ་མ།
    ཁྱེད་ཚོའི་འགྲོ་སོང་གཏོང་མུ་དགོས།
  • རིག་འཛིན་སྒྲོལ་མ།
    ང་ལ་ཆ་རྐྱེན་ཞན་ཡང་།
  • རིག་འཛིན་སྒྲོལ་མ།
    ངས་རང་གི་ནུས་པའི་ཐུབ་ཚོད་ཀྱི་སློབ་མ་རྣམས་ལ་དཔེ་ཆ་དང་འབྲི་དེབ། སྨྱི་གི
  • རིག་འཛིན་སྒྲོལ་མ།
    དགུན་དུས་སུ་རྡོ་སོལ་གྱི་རིན་སོགས་ཚང་མ་ངས་འགྲོ་སོང་བྱེད།
  • རིག་འཛིན་སྒྲོལ་མ།
    བོད་སྐད་ཤེས་པ་རྣམས་ཀྱི་ལོ་གཅིག་ཙམ་ཞིག་ལ་ཁྲིད་དུས་ནས་ཕར་ཆེར་ཡིག་ངོར་ཚག་དེད་བྱས་ནས་འདོན་ཐུབ།
  • རིག་འཛིན་སྒྲོལ་མ།
    སྦྱང་འབྲས་མི་ལེགས་པ་རྣམས་ཀྱི་ཀ་ཁའི་སློབ་དེབ་དང་བོ་ཡང་མཇུག་མ་རྫོགས།
  • རིག་འཛིན་སྒྲོལ་མ།
    ཧ་ཅང་གི་དལ་མོ་རེད།
  • རིག་འཛིན་སྒྲོལ་མ།
    ཉིན་རེ་ཚིག་འགའ་རེ་ལས་བློར་མི་ཟིན།
  • རིག་འཛིན་སྒྲོལ་མ།
    རྒྱལ་མཚན། རེད། མ་ཤེས་དུས་ཡང་འདོན་ཡང་འདོན་བྱེད་པ་རེད།
  • རིག་འཛིན་སྒྲོལ་མ།
    སྐད་ཆ་དང་ཡི་གེ་གཉིད་ཉམས་ཁྲིད་བྱེད་དགོས། དེ་དུས་ཅུང་དཀའ་བོ་འདུག།
  • རིག་འཛིན་སྒྲོལ་མ།
    བོད་སྐད་ཤེས་པ་རྣམས་ལ་ཡི་གེ་ཁྲིད་ནས་བོད་སྐད་ཀྱི་འབྲེལ་བཤད་བྱས་ནས་ཕར་ཆེར་ཤེས་ཐུབ།
  • རིག་འཛིན་སྒྲོལ་མ།
    ཁོང་ཚོ། ཁྲིད་མཁན་ཚོད་འཛིན་པའི་སྡེ་བ་རེ་རེའི་མི་ཁ་ཁ་རེད།
  • རིག་འཛིན་སྒྲོལ་མ།
    རྒྱལ་མཚན། དེ་ལས་གཞན། ཁྱེད་རང་གི་དངོས་ནས།
  • རིག་འཛིན་སྒྲོལ་མ།
    རྒྱལ་མཚན། ད་ལྟའི་བོད་ཀྱི་གླུ་དང་རོལ་མོའི་རྒྱུ་རྩལ་འདི་མུ་མཐུད་དུ་ཅེ་རྒྱས་ཅེ་ལེགས་སུ་གཏོང་བའི་ཕྱོགས་སུ།
  • རིག་འཛིན་སྒྲོལ་མ།
    རྒྱལ་མཚན། རང་ལ་བསམ་ཚུལ་རེ་འེ་ཡོད།
  • རིག་འཛིན་སྒྲོལ་མ།
    དཔེར་ན། གླུ་བ་མི་དགེར་གྱི་སྟེང་ནས་།
  • རིག་འཛིན་སྒྲོལ་མ།
    ད་སྐབས་བོད་ཀྱི་གླུ་བ་ཚོར།
  • རིག་འཛིན་སྒྲོལ་མ།
    རྒྱལ་མཚན། མི་འདང་ས་དང་འབད་རྩོན་བྱེད་དགོས་ས་གང་འདྲ་ཡོད།
  • རིག་འཛིན་སྒྲོལ་མ།
    རྒྱལ་མཚན། གཉིས་ནས། སྤྱི་མཐུན་གྱི་ལས་ཀ་འདི་འདྲའི་མང་བོ་ཞིག་ལས་ཡོད།
  • རིག་འཛིན་སྒྲོལ་མ།
    རྒྱལ་མཚན། དེ་ཕྱོགས་ནས། སྤྱི་ཚོགས་ཡིན་ན་ཆོག རང་གི་སྤྱི་ཚོགས་ལ་བཅང་བའི་རེ་བ་ཡིན་ན་ཆོག
  • རིག་འཛིན་སྒྲོལ་མ།
    རྒྱལ་མཚན། རང་གི་སེམས་གཏམ་གང་འདྲ་ཡོད། དེའི་ཕྱོགས་ནས་མདོར་བདུས་ཞིག་བཤད་ན།
  • རིག་འཛིན་སྒྲོལ་མ།
    ད་འདི་རྒྱུ་རྩལ་གྱི་ཕྱོགས་ནས་བཤད་ན།
  • རིག་འཛིན་སྒྲོལ་མ།
    ང་ལྟ་བུ་ཡིན་ན།
  • རིག་འཛིན་སྒྲོལ་མ།
    ད་ལྟ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་སྦྱོངས་བྱེད་བཞིན་ཡོད།
  • རིག་འཛིན་སྒྲོལ་མ།
    རྒྱལ་མཚན། རོལ་དབྱངས་རུ་ཁག
  • རིག་འཛིན་སྒྲོལ་མ།
    རེད་རོལ་དབྱངས་རུ་ཁག་ནས།
  • རིག་འཛིན་སྒྲོལ་མ།
    རང་ཉིད་ཀྱི་ཚད་ནས་བལྟས་ན།
  • རིག་འཛིན་སྒྲོལ་མ།
    མཐའ་གཅིག་ཏུ་རང་ལ་ལད་མོ་བྱེད་དགོས་ཞེས་པ་ཡང་མིན།
  • རིག་འཛིན་སྒྲོལ་མ།
    འདི་འགྲིག་གི་བསམ་པའི་སྐད་ཆ་རེ་བཤད་ན།
  • རིག་འཛིན་སྒྲོལ་མ།
    ང་ཚོ་བོད་ཀྱི་ནང་གི་གླུ་བ་གླུ་མ་ཡིན་ཡང་ཆོག
  • རིག་འཛིན་སྒྲོལ་མ།
    གཞན་པ་བྱ་བ་སྣ་ཚོགས་ལས་མཁན་རྣམས།
  • རིག་འཛིན་སྒྲོལ་མ།
    གཙོ་བོ་གླུ་བ་རྣམས་ལ་གནད་དོན་ཅུང་འདུག
  • རིག་འཛིན་སྒྲོལ་མ།
    རང་གི་དམངས་ཁྲོད་ཀྱི་ཕ་མས་ཀྱི་རྒྱུ་ནོར་དེ་བེད་སྤྱད་ནས།
  • རིག་འཛིན་སྒྲོལ་མ།
    རང་གི་ཆེད་ལས་ཀྱི་ཕྱོགས་སུ་སློབ་སྦྱོངས་དང་དེ་ལ་འབད་པ་བྱེད་མཁན་མེད་པ་རེད།
  • རིག་འཛིན་སྒྲོལ་མ།
    རང་གི་དམངས་ཁྲོད་ཀྱི་ཕ་མས་ཀྱི་རྒྱུ་ནོར་དེ་བེད་སྤྱོད་བྱས་ནས། དེ་ལ་བརྟེན་ནས།
  • རིག་འཛིན་སྒྲོལ་མ།
    ཆེད་ལས་ཀྱི་ཕྱོགས་སུ། རང་གི་བསམ་ཚུལ་ལ།
  • རིག་འཛིན་སྒྲོལ་མ།
    ཕ་མས་ཀྱི་རྒྱུ་ནོར་དེ་ཤེས་པ་དང་། དེ་ལ་རྒྱུས་ལོན་འགའ་བྱས་ནས། ས་ཆ་སོ་སོ་ནས་ཁྱད་ཆོས་མི་མཚུངས་།
  • རིག་འཛིན་སྒྲོལ་མ།
    ཁམས་དང་ཨ་མདོ།
  • རིག་འཛིན་སྒྲོལ་མ།
    རྒྱལ་མཚན། དབུས་གཙང་སོགས།
  • རིག་འཛིན་སྒྲོལ་མ།
    དབུས་གཙང་ཡིན་ན་ཡང་ས་ཆ་སོ་སོ་ནས་ཁྱད་ཆོས་མི་མཚུངས་།
  • རིག་འཛིན་སྒྲོལ་མ།
    ང་ཚོ་དཔའ་རིས་ཡིན་ཡང་། དཔའ་རིས་ལ་རྫོང་བཅུ་ལྷག་ཞིག་ཡོད།
  • རིག་འཛིན་སྒྲོལ་མ།
    དེ་ལ་ཡང་སྡེ་བ་རེ་རེའི་ལྟ་ཚུལ་མི་མཚུངས།
  • རིག་འཛིན་སྒྲོལ་མ།
    བོད་ཀྱི་གླུ་བ་ཞིག་ཡིན་ན། ས་ཆ་སོ་སོ་ལ་སོང་ནས་།
  • རིག་འཛིན་སྒྲོལ་མ།
    ཁོང་ཚོའི་རང་རང་གི་དམང་ཁྲོད་ཀྱི་དེ་ཚོར་རྒྱུས་ལོན་བྱས་ནས། ཤེས་དགོས་པ་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    དེའི་ཕ་རོལ་ནས། དེ་ཤེས་པ་ཙམ་གྱི་མི་འདང་ལ།
  • རིག་འཛིན་སྒྲོལ་མ།
    ཁྱོད་ཀྱི་མི་ཚེ་འདིར་གཞན་གྱི་ཡོན་ཏན་དེ་བཀོལ་སྤྱོད་བྱས་ན་ཁྱོད་ལ་ཡོན་ཏན་མེད་སོང་བ་རེད།
  • རིག་འཛིན་སྒྲོལ་མ།
    དེ་ནས་རང་གི་རང་ལ་ཐུབ་ཚོད་ཀྱི་འཁོར་ཡུག་རེ་བསྐྲུན།
  • རིག་འཛིན་སྒྲོལ་མ།
    དེ་ནས་རང་གི་སློབ་སྦྱོངས་རེ་བྱེས།
  • རིག་འཛིན་སྒྲོལ་མ།
    དེ་ནས་རང་གི་ཆེད་ལས་ཀྱི་ཕྱོགས་སུ་ཚད་རེ་ཟིན་སོང་ན།
  • རིག་འཛིན་སྒྲོལ་མ།
    དེ་ནས་རང་གི་གླུ་འགའ་རེ་རྩོམས་དགོས་ན།
  • རིག་འཛིན་སྒྲོལ་མ།
    གླུ་ལེན་དགོས་ན།
  • རིག་འཛིན་སྒྲོལ་མ།
    ད་དངོས་གནས་རྒྱུ་རྩལ་འདི་གང་འདྲ་ཞིག་རེད། རོལ་མོ་འདི་གང་འདྲ་ཞིག་རེད་ཟེར་ན།
  • རིག་འཛིན་སྒྲོལ་མ།
    རང་གི་སེམས་སུ་ཅུང་ཤེས་པ་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    དེ་ནས་ཆེད་ལས་དང་དམངས་ཁྲོད་ཀྱི་གླུ་འདི་གཉིས་མཉམས་དུ་བཀོལ་སྤྱོད་བྱེད་ཐུབ་ན།
  • རིག་འཛིན་སྒྲོལ་མ།
    ཆེད་ལས་ཤེས་སོང་ན་དམངས་ཁྲོད་ཀྱི་གླུ་གང་ལྟར་བཀོལ་སྤྱོད་བྱེད་དགོས་པ་ཤེས་པ་རེད།
  • རིག་འཛིན་སྒྲོལ་མ།
    ཆེད་ལས་མ་ཤེས་ན། དངོས་གནས་ཕ་མས་ཀྱི་རྒྱུ་ནོར་དེ་བཀོལ་སྤྱོད་བྱས་པ་རེད།
  • རིག་འཛིན་སྒྲོལ་མ།
    ཡང་ཆེད་ལས་རྐྱང་བ་ལ་འབད་ནས་། རང་གི་ཕ་སྐད་བསྐྱུར་བ་དང་སྲོལ་རྒྱུན་གྱི་རིག་གནས་དེ་ཕར་བཞགས་ནས།
  • རིག་འཛིན་སྒྲོལ་མ།
    དེངས་སྐབས་ཀྱི་ཕྱོགས་སུ་འབད་ནས་གསར་བརྗེ་བྱེས་ན།
  • རིག་འཛིན་སྒྲོལ་མ།
    དེ་སློབ་པ་དང་མ་སློབ་པ་ཡང་གཅིག་ཡིན་པ་རེད།
  • རིག་འཛིན་སྒྲོལ་མ།
    དེ་ལས་མ་སྦྱངས་ན་འགྲིག་པ་རེད།
  • རིག་འཛིན་སྒྲོལ་མ།
    དངོས་གནས་ང་ཚོའི་སྲོལ་རྒྱུན་གྱི་རིག་གནས་ཧ་ཅང་ལེགས་པ་རེད།
  • རིག་འཛིན་སྒྲོལ་མ།
    བྱ་བ་བྱེད་ཚུལ་ཡིན་ཡང་ཆོག
  • རིག་འཛིན་སྒྲོལ་མ།
    གླུ་ལེན་ཚུལ་དང་འགིག་ལུགས།
  • རིག་འཛིན་སྒྲོལ་མ།
    མིའི་བསམ་ཤེས་ཚུལ་སོགས་མང་བོ་ཞིག་འདུག
  • རིག་འཛིན་སྒྲོལ་མ།
    མི་འགའ་རེའི་རང་གི་ཆེད་ལས་ལ་འབད་ནས་།
  • རིག་འཛིན་སྒྲོལ་མ།
    རང་མི་རིགས་ཀྱི་དམངས་ཁྲོད་ཀྱི་སྲོལ་རྒྱུན་དེ་བརྗེད་ནས།
  • རིག་འཛིན་སྒྲོལ་མ།
    དེ་ཡིན་ན་ཡང་མི་འགྲིག་གི
  • རིག་འཛིན་སྒྲོལ་མ།
    དེ་ཤེས་པའི་ཕ་རོལ་ནས།
  • རིག་འཛིན་སྒྲོལ་མ།
    དེ་གཉིས་ཉམས་འབྲེལ་བྱེས་ནས། བཀོལ་སྤྱོད་བྱས་ན་བཟང་བོ་འདུག
  • རིག་འཛིན་སྒྲོལ་མ།
    དེ་མིན་ཡང་། ད་སྐབས་བོད་ཀྱི་ནང་ན་གླུ་བ་གླུ་མ་ཧ་ཅང་མང་བོ་འདུག
  • རིག་འཛིན་སྒྲོལ་མ།
    ལེན་མཁན་ཡང་རང་གི་ཕྱོགས་ཀྱི་ཁྱད་ཆོས་ཅན།
  • རིག་འཛིན་སྒྲོལ་མ།
    སྐད། ངག་བདེ་བ། ཧ་ཅང་གི་ཁྱད་ཆོས་ཅན་ཡང་ཡོད་པ་རེད།
  • རིག་འཛིན་སྒྲོལ་མ།
    བོད་འདི་རྒྱུ་རྩལ་བ་རྐྱང་རྐྱང་གི་སྐྱོན་ཞིག་ཡང་མ་ཡིན།
  • རིག་འཛིན་སྒྲོལ་མ།
    ཆེད་ལས་གང་ལ་སྦྱངས་པ་ཡང་མང་བོ་རེད།
  • རིག་འཛིན་སྒྲོལ་མ།
    རང་ལ་ཡིད་མགུ་བ་ཡང་སླ་མོ་ཡང་འདུག
  • རིག་འཛིན་སྒྲོལ་མ།
    དཔེར་ན་མིང་གྲགས་པ་དང་འབྱོར་བ་ཅུང་ཡོད་པ་ནས།
  • རིག་འཛིན་སྒྲོལ་མ།
    ད་རང་གི་ཐུབ་སོང་བ་དང་རང་ཉིད་ངར་བ་ཞིག་ཡིན་པ་འདོད།
  • རིག་འཛིན་སྒྲོལ་མ།
    འགའ་རེ་ཡང་ཚོང་བྱེས་ནས་མ་རྩ་ཅུང་ཡོད་དུས་ནས་ཞེ་བདེ་ནས་དེ་ལས་ལྷག་པར་ཏུ་འབད་པ་བྱེད་པའི་སེམས་པ་དེ་མེད་པ་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    དེ་འདི་རྒྱུ་རྩལ་བ་རྐྱང་རྐྱང་གི་སྐྱོན་ཞིག་ཡིན་རྒྱུ་མ་རེད།
  • རིག་འཛིན་སྒྲོལ་མ།
    དེ་མི་རིགས་གང་ཡིན་ན་ཡོད་པ་རེད།
  • རིག་འཛིན་སྒྲོལ་མ།
    རྒྱལ་མཚན། དེ་གང་ཡིན་ན་ཡོད་པ་རེད།
  • རིག་འཛིན་སྒྲོལ་མ།
    གཞན། བསམ་བློ་འདི་ཞེས།
  • རིག་འཛིན་སྒྲོལ་མ།
    ཚུར་ལ་བསྒྱུར་བ་ཞིག་འེ་ཡོད་བསམ་པ་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    ང་རང་གི་བསམ་ཚུལ་ལ།
  • རིག་འཛིན་སྒྲོལ་མ།
    ཡོད་ན་དེའི་ལྷག་ཏུ་དེ་བརྒྱ་ཡོད་ན་སྟོང་ཅི་ལྟར་བསྒྱུར།
  • རིག་འཛིན་སྒྲོལ་མ།
    སྟོང་ཡོད་ན་ཁྲི་ཅི་ལྟར་བསྒྱུར།
  • རིག་འཛིན་སྒྲོལ་མ།
    ཡོན་ཏན་གྱི་ཕྱོགས་ནས་ཡང་འདི་ཤེས་ནས་གཞན་པ་ཞིག་འེ་ཤེས།
  • རིག་འཛིན་སྒྲོལ་མ།
    དཔེར་ན་ཁྱོད་ཀྱི་ལེན་ཤེས་ན་རྩོམ་འེ་ཤེས།
  • རིག་འཛིན་སྒྲོལ་མ།
    རྩོམ་ཤེས་ན་སློབ་མ་ལ་ཁྲིད་འེ་ཐུབ།
  • རིག་འཛིན་སྒྲོལ་མ།
    དེ་ལས་གཞན་སྤྱི་ཚོགས་ལ་ཕན་རེ་འེ་ཐོག
  • རིག་འཛིན་སྒྲོལ་མ།
    དེ་མཐའ་གཅིག་ཏུ་ངས་བོད་ཡིག་ཞིག་ཁྲིད་པའི་འགན་ཁུར་བླངས་ནས།
  • རིག་འཛིན་སྒྲོལ་མ།
    དངོས་གནས་བཤད་ན་ངའི་ཆ་རྐྱེན་དེ་འདྲའི་ཚད་ལྡན་ཞིག་ལ་ཐོན་ཡོད་པ་མ་རེད།
  • རིག་འཛིན་སྒྲོལ་མ།
    ང་ལ་རྒྱུ་ནོར་མང་བོ་ཡོད་པ་མ་རེད། ཡོན་ཏན་ཡོད་པ་མ་རེད།
  • རིག་འཛིན་སྒྲོལ་མ།
    དབང་ཆ་ཡོད་པ་ཡང་མ་རེད།
  • རིག་འཛིན་སྒྲོལ་མ།
    ཡིན་ཡང་རང་གི་ཐུབ་ཚོད་ཀྱི་འབད་པ་བྱས།
  • རིག་འཛིན་སྒྲོལ་མ།
    རང་རང་སོ་སོའི་ཕྱོགས་ནས་འབད་པ་བྱས་ན་ང་ཚོ་བོད་ཀྱི་རིག་གནས་ཡང་མིག་སྔར་མྱུར་སྐྱོབས་བྱས་ན་ཐུབ་པ་འེ་ཡིན་བསམ་པ་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    དེ་མིན་པ། ང་ཚོ་དཔས་རིས་ས་ཆ་ནས་སྐད་ཆ་ཉམས་མེད། འདི་རིག་འཛིན་སྒྲོལ་མའི་འགན་ཁུར་རེད་ཞེས་ན།
  • རིག་འཛིན་སྒྲོལ་མ།
    དེ་འདྲ་ཞིག་མ་རེད།
  • རིག་འཛིན་སྒྲོལ་མ།
    ང་ཚོ་དཔའ་རིས་ཀྱི་ས་ཆ་མ་ཡིན་པར་ས་ཆ་གཞན་པ་སོ་སོ་ན་ཡོད་པ་རེད།
  • རིག་འཛིན་སྒྲོལ་མ།
    དེ་ནས་དཔས་རིས་ས་ཆ་ནས་ཉམས་སོང་བ་ཡང་ང་ཞན་སོང་བ་ཞིག་ཡང་མ་རེད།
  • རིག་འཛིན་སྒྲོལ་མ།
    དམངས་ཚོགས་རྣམས་ཞན་ནས་བསམ་བློ་མེད་པར་བརྗེད་དུ་བཅུག་པ་ཡང་མ་རེད།
  • རིག་འཛིན་སྒྲོལ་མ།
    འཁོར་ཡུག་གི་དབང་གིས་ཁོ་ཚོས་ཡང་ཤེས་མ་ཐུབ་པར་ཡོད།
  • རིག་འཛིན་སྒྲོལ་མ།
    དེ་ནས་མི་སུ་དང་སུ་ཡིན་ཡང་། ཁྱོད་སློབ་གྲྭ་ཆེན་མོ་བ་ཞིག་ཡིན་ན་ཆོག། ཚོང་བ་ཡིན་ཆོག བྱ་བ་ལེས་བཞིན་པ།
  • རིག་འཛིན་སྒྲོལ་མ།
    མི་སོ་སོ་ནས་རང་གི་ནུས་ཚོད་ཀྱི་རང་གི་སྤྱི་ཚོགས་ལ་ཕན་ཐོག་པའི་བྱ་བ་རེ་བྱས་ན།
  • རིག་འཛིན་སྒྲོལ་མ།
    མི་ཡོངས་རྫོགས་ཀྱི་དེ་འདྲའི་བསམ་བློ་ཞིག་བཅང་ནས་བྱ་བ་རེ་བྱས་ན་འགྲུབས་པ་ཞིག
  • རིག་འཛིན་སྒྲོལ་མ།
    སྲོལ་རྒྱུན་གྱི་རིག་གནས་ཕུན་སུམ་ཚོགས་པ་ཡོད་པ་རེད།
  • རིག་འཛིན་སྒྲོལ་མ།
    དངོས་གནས་ཕྱོགས་གང་ནས་བཤད་ན།
  • རིག་འཛིན་སྒྲོལ་མ།
    རྒྱུན་དུ་བྱས་པ་རྣམས་ཀྱི་བསམ་བློའི་ཕྱོགས་དང་།
  • རིག་འཛིན་སྒྲོལ་མ།
    རྒྱུ་རྩལ་གྱི་ཕྱོགས་ནས་ཡིན་ཡང་།
  • རིག་འཛིན་སྒྲོལ་མ།
    གང་གི་ཕྱོགས་ནས་ཡིན་ཡང་སྲོལ་རྒྱུན་གྱི་རིག་གནས་འདིའི་ཡན་ཞིག་མེད་པ་རེད།
  • རིག་འཛིན་སྒྲོལ་མ།
    དངོས་གནས་དེ་ལས་ལྷག་པའི་རིན་ཐང་ཅན་གྱི་བྱ་བ་མི་འདུག
  • རིག་འཛིན་སྒྲོལ་མ།
    མི་སུ་དང་སུ་ཡིན་ཡང་རྒན་པ་རྣམས་ལ་རྩི་བཀུར་རེ་བྱེས།
  • རིག་འཛིན་སྒྲོལ་མ།
    ཕན་གང་ཐོག་རེ་བྱེས། མཐའ་གཅིག་ཏུ་ཕན་མ་ཐོག་ན་རང་གི་འབད་པ་བྱས་ན།
  • རིག་འཛིན་སྒྲོལ་མ།
    རྒྱལ་མཚན། ལྷག་བསམ་ཞིག་ཡོད་དགོས་པ་དེ་ཧ་ཅང་གི་གཙོ་བོ་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    སོ་སོ་ནས་དེ་འདྲ་བྱེས་ན།
  • རིག་འཛིན་སྒྲོལ་མ།
    ད་རུང་རྗེས་ཕྱོགས་ཀྱི་ཆུང་བ་རྣམས་ལ་ཡང་རེ་བ་ཞིག་ཡོད་པ་རེད།
  • རིག་འཛིན་སྒྲོལ་མ།
    དེ་མིན་པར་གཅིག་གིས་ཀྱང་ཉམས་མ་བཞག་པར་བུད་སོང་ན། ང་ཚོའི་མི་རབས་དེ་ཚར་ནས།
  • རིག་འཛིན་སྒྲོལ་མ།
    རྗེས་མ་རྣམས་ཀྱི་ཅི་ལྟར་བྱེད།
  • རིག་འཛིན་སྒྲོལ་མ།
    ད་ཕར་ཆེར་ཅང་མི་ཤེས་ཚོད་རེད།
  • རིག་འཛིན་སྒྲོལ་མ།
    རང་རང་གི་རིག་གནས་དེ་ཤེས་པའི་ཕན་ཆད་དུ་གཞན་པའི་རིག་གནས་དེ་དང་ལེན་བྱས།
  • རིག་འཛིན་སྒྲོལ་མ།
    རང་གི་སློབ་སྦྱོང་བྱེད་ས་ཡིན་ན། དེ་ཡིན་ན་ད་གཟོད་ཁྱོད་ཚད་ལྡན་ཞིག་རེད།