Skip to main content Skip to search
18 Jun 2013
35 min 50 sec
Video Overview
Creators: 
Tibetan & Himalayan Library and Tibetcul.com

This video is part two of an interview with social entrepreneur and musician Rindzin Drölma about her life and work.

Transcript search
No results found for this search
0 of 0
  • རྒྱལ་མཚན།
    དབྱངས་ཀུན་དགའ་ཚེ་བརྟན་གྱིས་བརྩམས་པ་འེ་རེད།
  • རིག་འཛིན་སྒྲོལ་མ།
    འདི་ཁོས་དངོས་སུ་བརྩམས་པ་ཞིག་མ་རེད།
  • རིག་འཛིན་སྒྲོལ་མ།
    དམངས་ཁྲོད་ཀྱི་རེད། དེ་ལ་རྒྱན་བཏགས་པ་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    དེའི་ནང་གི་ཚིག་ཡང་ཕར་ཆེར་ལྷ་སའི་ཕྱོགས་ཀྱི་དམངས་ཁྲོད་ཀྱི་རེད།
  • རིག་འཛིན་སྒྲོལ་མ།
    དེ་ནས་རང་གིས་ཀྱང་ཐུབ་ཚོད་ཀྱིས་ལེགས་པོ་ཞིག་བླངས།
  • རིག་འཛིན་སྒྲོལ་མ།
    དེ་ནས་དགེ་རྒན་ཚེ་བརྟན་གྱི་ཁོང་ཁྲི་འདུ་ལ་ཐེངས་ཤིག་འགྲོ་དགོས།
  • རིག་འཛིན་སྒྲོལ་མ།
    དེ་ནས་དུས་ཚོད་དང་ས་གནས་ཞིག་བཤད་ནས་དེ་ལ་སོང་དང་དེ་ན་སྒྲ་ལེན་མཁན་ཞིག་ཡོད་ཟེར།
  • རིག་འཛིན་སྒྲོལ་མ།
    ཁ་པར་ཨང་གྲངས་ཞིག་བཤད་ནས་དེ་ལ་སོང་ནས་སྒྲ་ལོངས་ཟེར།
  • རིག་འཛིན་སྒྲོལ་མ།
    ཁོ་ཁྲི་འདུ་ལ་འགྲོ་དགོས། ཕྱིར་ལ་ཐོན་དུས་འགྲིག་མིན་ལྟ་ཟེར།
  • རིག་འཛིན་སྒྲོལ་མ།
    གལ་ཏེ་མི་འགྲིག་ན་ཡང་བསྐྱར་སྒྲ་ལེན་ཟེར།
  • རིག་འཛིན་སྒྲོལ་མ།
    དེ་ནས་ངས་དུས་ཚོད་ལྟར་དུ་སྒྲ་ལེན་པར་སོང་།
  • རིག་འཛིན་སྒྲོལ་མ།
    སྒྲ་ལེན་དུས་དང་པོར་རང་ཉིད་ལ་དངོས་གནས་སྐྲག་སྣང་ཞིག་འདུག
  • རིག་འཛིན་སྒྲོལ་མ།
    རྣ་ཉན་མགོ་ལ་གྱོན་དུས་རང་གི་སྐད་གང་ན་ཡོད་པ་ཡང་མི་ཤེས་པའི་སྣང་བ་ཞིག་འདུག
  • རིག་འཛིན་སྒྲོལ་མ།
    དེ་ནས་བསྐྱར་ཉན་འགའ་བྱས་ནས་གླུ་ཞིག་བླངས།
  • རིག་འཛིན་སྒྲོལ་མ།
    ཡིན་ཡང་འགྲིག་མིན་རང་གིས་མི་ཤེས། སྒྲ་ལེན་མཁན་དེ་རྒྱ་མི་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    རང་གི་གླུ་ཚིག་གི་ཕྱོགས་ནས་འགྲིག་མིན་མི་ཤེས།
  • རིག་འཛིན་སྒྲོལ་མ།
    དེ་རྗེས་དགེ་རྒན་ཀུན་དགའ་ཚེ་བརྟན་གྱི་ཁ་པར་ཡོང་ནས། ཁྱོད་སྒྲ་ལེན་དུ་འེ་སོང་ཟེར།
  • རིག་འཛིན་སྒྲོལ་མ།
    ངས་རང་ཉིད་སྒྲ་ལེན་ས་ན་ཡོད་ཞེས་ལན་བཏབས། དེས་ན་ཁོས་མི་ཞིག་མངགས་ཟེར།
  • རིག་འཛིན་སྒྲོལ་མ།
    ཁྱོད་ཀྱི་གླུ་དེ་འགྲིག་མིན་ཞིག་བལྟས་ན་བཟང་ཟེར།
  • རིག་འཛིན་སྒྲོལ་མ།
    སྐར་མ་འགའ་སོང་དུས་དགེ་རྒན་འཇམ་དབྱངས་བསྟན་འཛིན་ཐོན་སོང་།
  • རིག་འཛིན་སྒྲོལ་མ།
    དེ་ནས་ངས་ནང་ནས་བླངས་ནས་ཁོང་གིས་ཕྱི་ནས་ཉན།
  • རིག་འཛིན་སྒྲོལ་མ།
    ངས་བླངས་དུས་ཁོང་གིས་ཁྱོད་སྒོ་ལ་ཤོག་ཟེར།
  • རིག་འཛིན་སྒྲོལ་མ།
    ང་སྒོ་ལ་ཡོང་དུས་ཁྱོད་གང་ནས་ཡིན་ཟེར། རང་ཉིད་དཔའ་རིས་ནས་ཡིན་ཞེས་ལན་བཏབས།
  • རིག་འཛིན་སྒྲོལ་མ།
    འོ་འོ་ངས་ད་བར་དུ་གླུ་བ་འདི་འདྲའི་སྨྲ་དག་མོ་ཅན་ཞིག་མཐོང་མ་མྱོངས་ཟེར།
  • རིག་འཛིན་སྒྲོལ་མ།
    ཁྱོད་ཀྱི་གླུ་འདི་འབྲོག་སྐད་དྭངས་མ་ཡིན་ལ་སྨྲ་ཡང་ཧ་ཅང་དག་པ་ཞིག་རེད་ཟེར། གླུ་བླངས་པ་ལ་འདི་འདྲའི་གླུ་ཚིག་དག་པ་ཞིག་ཚོར་མ་མྱོངས་ཟེར།
  • རིག་འཛིན་སྒྲོལ་མ།
    དེ་དུས་ངས་གླུ་ཚིག་དེ་དག་པ་མང་སོང་ཚོད་རེད། ཁྱོད་གྱི་ཁ་ནས་ཅུང་ཡང་བ་བྱོས་དང་།
  • རིག་འཛིན་སྒྲོལ་མ།
    ཅུང་ཡང་བ་བྱས་ན་སྐད་ལ་འགུག་པའི་ཕན་པ་ཡོད་ཟེར།
  • རིག་འཛིན་སྒྲོལ་མ།
    དགེ་རྒན་གྱི་ང་ལ་ཕྱོགས་གང་ཐད་ནས་མཛུབ་སྟོན་རེ་བྱས་ནས་ཡང་གླུ་བླངས།
  • རིག་འཛིན་སྒྲོལ་མ།
    སྒྲ་བླངས་ཚར་ནས་ངལ་གསོས།
  • རིག་འཛིན་སྒྲོལ་མ།
    སྒྲ་ལེན་མ་མྱོངས་པའི་རྐྱེན་གྱིས་ཡིན་པ་རེད།
  • རིག་འཛིན་སྒྲོལ་མ།
    དེ་དུས་རང་ལ་ཡང་དགོད་སྤྲོ་བ་ཞིག་བྱུང་ཡོང་།
  • རིག་འཛིན་སྒྲོལ་མ།
    ཉིན་དེར་སྒྲ་བླངས་དེ་ཕྱིར་ལ་ཡོང་ནས་ནུབ་ཇ་འཐུང་ནས་གཉིད་དུས།
  • རིག་འཛིན་སྒྲོལ་མ།
    མཚན་གང་བོར་རྨི་ལམ་དུ་གླུ་དེ་གཅིག་པོ་བླངས་ནས་ནམ་ལངས།
  • རིག་འཛིན་སྒྲོལ་མ།
    གླུ་དེ་བླངས་ནས་མ་འགྲིག་པར་ཡང་ལེན་བྱས་ནས་ནམ་ལངས།
  • རྒྱལ་མཚན།
    རེད། གླུ་དེ་ལ་དོན་སྙིང་ཆེན་པོ་འདུག ཁྱོད་ཀྱི་མི་ཚེ་ཐོག་ནས་ཐེངས་དང་པོ་སྒྲར་བླངས་པའི་གླུ་དེ་རེད།
  • རིག་འཛིན་སྒྲོལ་མ།
    བྱ་བ་དེ་ལ་ད་སྐབས་ཕྱིར་དྲན་བྱས་དུས་བརྗེད་ཐབས་མེད་པའི་བྱ་བ་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    དེའི་ཕྱི་ཉིན་དགེ་རྒན་ཀུན་དགའ་ཚེ་བརྟན་ཁྲི་འདུ་ནས་ཕྱིར་ཟི་ལིང་ལ་ཐོན།
  • རིག་འཛིན་སྒྲོལ་མ།
    ང་ལ་ཁ་པར་ཡོང་ནས་ཁྱོད་ཀྱི་སྒྲ་བླངས་འེ་ཚར་ཟེར། སྒྲ་བླངས་ཚར་ཞེས་བཤད།
  • རིག་འཛིན་སྒྲོལ་མ།
    འོ་དེ་ན་ཤོག་དང་གླུ་ལ་ཉན་དུ་འགྲོ་ཟེར།
  • རིག་འཛིན་སྒྲོལ་མ།
    དགེ་རྒན་ཀུན་དགའ་ཚེ་བརྟན་ཆུང་དུས་མཐོང་མ་མྱོངས་ལ་སྒྲ་བསྡུད་འཕྲུལ་ཆས་ནང་ནས་མང་བོ་གོ་མྱོང་།
  • རིག་འཛིན་སྒྲོལ་མ།
    ཁོང་མིང་གྲགས་ཅན་ཡིན་པས་རང་གི་སེམས་སུ་སྐྲག་སྣང་ཅུང་ཡོད།
  • རིག་འཛིན་སྒྲོལ་མ།
    ད་ངས་བླངས་པ་མ་འགྲིག་ན་ཅི་ཟེར་བསམ་ནས་ཅུང་སྐྲག་སྣང་འདུག
  • རིག་འཛིན་སྒྲོལ་མ།
    དེ་ནས་ཉན་དུ་སོང་།
  • རིག་འཛིན་སྒྲོལ་མ།
    ཁོས་ཚིག་བཞི་ལྔ་ཞིག་ལ་ཉན་ནས་འོ་ད་ཧ་ཅང་འགྲིག་གི
  • རིག་འཛིན་སྒྲོལ་མ།
    རང་ལ་སྐྲག་སྣང་གི་སེམས་པ་དེ་རིམ་གྱི་བབས་སོང་།
  • རིག་འཛིན་སྒྲོལ་མ།
    དེ་ནས་ཁོང་གིས་ཧ་ཅང་འགྲིག་གི ངའི་སེམས་ཀྱི་ཚད་ཐིག་གི་ཟིན་ཐོ་ཡང་བརྒལ་འདུག་ཟེར།
  • རིག་འཛིན་སྒྲོལ་མ།
    དེ་དུས་རང་ལ་ཡང་ཡིད་ཆེས་ཞིག་ཡོད་སོང་།
  • རིག་འཛིན་སྒྲོལ་མ།
    སྙིང་སྟོབས་ཡང་ཅུང་རྒྱས་པ་འདུག
  • རིག་འཛིན་སྒྲོལ་མ།
    ངའི་གླུ་འདི་མི་འགྲིག་གི་ཞེས་བཤད་ན་ངས་ཅི་བྱེད།
  • རིག་འཛིན་སྒྲོལ་མ།
    དེ་འདྲ་མ་ཡིན་པར་བཟང་བ་བརྗོད་དུས་སེམས་ནས་ཅུང་བདེ་བོ་འདུག
  • རིག་འཛིན་སྒྲོལ་མ།
    དེའི་རྗེས་ནས་མཚོ་སྔོན་གྱི་དཔེར་ན་དགོང་ཚོགས།
  • རིག་འཛིན་སྒྲོལ་མ།
    ལོ་སར་དགོང་ཚོགས་ལྟ་བུ། དེ་ལས་གཞན་པའི་མཚོ་སྔོན་གྱི་འབྲོག་ས་ནས་དབྱར་དུས་སུ་དགུང་ཚོགས་འཚོགས་ས་མང་བོ་ཡོད།
  • རིག་འཛིན་སྒྲོལ་མ།
    དེ་ནས་བརྙན་འཕྲིན་ཁང་ལ་སོགས་པའི་རང་ཉིན་གདན་འདྲེན་བྱེད་མཁན་མང་བོ་ཡོད།
  • རིག་འཛིན་སྒྲོལ་མ།
    དེ་དུས་སུ་ཁོང་ཆོའི་དགོང་ཚོགས་ལ་གླུ་དབྱངས་རེ་དགོས་ཟེར།
  • རིག་འཛིན་སྒྲོལ་མ།
    དེ་དུས་རང་གི་འགྲོ་སོང་གཏོང་མི་དགོས་པར་གླུ་རེ་བླངས་ན་ཆོག
  • རིག་འཛིན་སྒྲོལ་མ།
    དེ་ནས་གླུ་༼སྐྱེ་དགུའི་འཕྲིན་བཟང་༽ ༼ཚེ་འགྲོ་མི་ཡི་སྐྱིད་རེད༽
  • རིག་འཛིན་སྒྲོལ་མ།
    དེ་སོགས་གླུ་དབྱངས་རེ་གཉིས་ཞིག་ལ་རང་ངོས་ནས་འགྲོ་སོང་གཅིག་ཀྱང་མ་བྱས། རང་ཉིད་ལ་ཕན་ཆེན་པོ་ཐོགས་སོང་།
  • རྒྱལ་མཚན།
    དེ་ང་ལ་མཚོན་ན་ཕ་ཡུལ་མཚོ་སྔོན་རེད།
  • རྒྱལ་མཚན།
    ངའི་ཡུལ་ཕྱོགས་ནས་ཡང་དེ་ལ་དགའ་བསུ་ཆེན་པོ་ཐོབ་པ་ཞིག་རེད།
  • རྒྱལ་མཚན།
    ཡིན་ཡང་ང་ཚོ་མང་ཚོགས་ཞིག་ལ་མཚོན་ན་།
  • རྒྱལ་མཚན།
    ཁྱོད་ཀྱིས་བཤད་པའི་རྒྱལ་ཡོངས་རིམ་པའི་བྱ་དགའ་འདི་འདྲ་རེ་ཐོབས་པ།
  • རྒྱལ་མཚན།
    དེ་ལ་གཞི་རིམ་ནས་མང་ཚོགས་ཀྱིས་དེ་ལ་ཉམས་ཆེན་པོ་འཇོག་པ་མ་རེད།
  • རིག་འཛིན་སྒྲོལ་མ།
    རེད་རེད།
  • རྒྱལ་མཚན།
    གཞན་པའི་དགོང་ཚོགས་ཀྱི་སྐབས་སུ་བླངས་པའི་གླུ་ཡིན་ན་ཧ་ཅང་ཁྱབས་ཆེན་པོ་ཞིག་རེད། དེ་འདྲའི་སྣང་བ་ཞིག་ཡོད།
  • རྒྱལ་མཚན།
    ཁྱོད་ཀྱི་བལྟས་ན་ཅི་འདྲ་རེད།
  • རིག་འཛིན་སྒྲོལ་མ།
    དེ་རེད། ང་འགྲན་ཚོགས་སུ་ཞུགས་དུས་ཕར་ཆེར་འབྲོག་ཁུལ་ནས་བརྙན་འཕྲུན་ལ་ལྟ་བ་ཕར་ཆེར་སྟབས་བདེ་མ་རེད།
  • རིག་འཛིན་སྒྲོལ་མ།
    དེ་དུས་སྤྱི་ལོ༢༠༠༢ ༣ ༤ ཙམ་གྱི་དུས་སྐབས་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    དེ་དུས་འབྲོག་ཁུལ་ས་ཆ་མང་བོ་ཞིག་ནས་ཕར་ཆེར་བརྙན་འཕྲིན་ལ་བལྟ་བ་དེ་འདྲའི་སྟབས་བདེ་ཞིག་མ་རེད།
  • རིག་འཛིན་སྒྲོལ་མ།
    དེ་ནས་ད་བར་དུ་དགོང་ཚོགས་དང་།
  • རིག་འཛིན་སྒྲོལ་མ།
    ཡང་གཞན་པའི་འོད་སྡེར་རེ་དཔར་བསྐྲུན་བྱེད་པ་སོགས་སུ་གླུ་རེ་བླངས།
  • རིག་འཛིན་སྒྲོལ་མ།
    དེ་ནས་རང་ལ་རིམ་གྱིས་གོ་སྐབས་ཇེ་མང་དུ་སོང་ནས།
  • རིག་འཛིན་སྒྲོལ་མ།
    བྱ་བ་ཡང་མང་བོ་བསྒྲུབས།
  • རིག་འཛིན་སྒྲོལ་མ།
    དེ་དུས་རང་ལ་ཉམས་མྱོངས་དང་བསམ་བློ་ཡང་ཇེ་ཤེས་རེད།
  • རིག་འཛིན་སྒྲོལ་མ།
    གླུ་ལེན་པ་དང་། མིའི་བར་གྱི་འབྲེལ་བ་སོགས་ཇེ་ལེགས་སུ་སོང་།
  • རིག་འཛིན་སྒྲོལ་མ།
    འབྲོག་ས་དང་གྲོང་ཁྱེར་ནང་གི་བྱ་བ་བསྒྲུབས་སྟངས་སོགས་ཀྱང་མི་འདྲ་ལ།
  • རིག་འཛིན་སྒྲོལ་མ།
    མི་རྣམས་ཀྱི་བསམ་བློ་ཡང་མི་མཚུངས།
  • རིག་འཛིན་སྒྲོལ་མ།
    ང་ལ་མཚོན་ན་མང་བོ་ཞིག་གི་ཆ་ནས་དཀའ་ངལ་བྱུང་།
  • རྒྱལ་མཚན།
    དེས་ན་གོང་ནས་ཁྱེད་ཀྱིས་གླུ་དབྱངས་བླངས་པ་དང་།
  • རྒྱལ་མཚན།
    སྤྱིར་བཏང་གི་མི་ཚེའི་ལོ་རྒྱུས་མདོར་བསྡུས་བ་ཞིག་དང་།
  • རྒྱལ་མཚན།
    གླུ་དབྱངས་ཀྱི་གོ་རིམ་ལ་ཅི་ལྟར་ཞུགས་པ་སོགས་བཤད་སོང་།
  • རྒྱལ་མཚན།
    དེས་ན་གོ་རིམ་འདིའི་ཁྲོད་ནས་ང་ཚོས་མདོར་བསྡུས་ཞིག་བཤད་ན།
  • རྒྱལ་མཚན།
    ཁྱོད་ཀྱིས་སློབ་གྲྭ་སོགས་འདོན་མ་ཐུབ་པར།
  • རྒྱལ་མཚན།
    སྤྱིར་བཏང་གི་བུ་མོ་ཞིག་གིས་
  • རྒྱལ་མཚན།
    རིམ་གྱིས་རང་གི་ཕུགས་བསམ་དང་རེ་བ་དེ་བཟུང་ནས།
  • རྒྱལ་མཚན།
    གང་འདྲ་ཞིག་བྱས་ནས་མི་ཚེའི་ལམ་ལ་ཞུགས་པ་མཐོང་ཐུབ།
  • རྒྱལ་མཚན།
    དེ་ན་དེ་ལས་གཞན་པའི་ཁྱོད་ཀྱིས་གླུ་དབྱངས་ལེན་པ་དང་གཞན།
  • རྒྱལ་མཚན།
    ཚོད་ལྟ་དང་སློབ་སྦྱོང་སོགས་ཀྱི་ཕྱོགས་ནས་གྲུབ་འབྲས་དང་རང་གི་མྱོང་ཚོར་རེ། རྒྱ་ཆེའི་མང་ཚོགས་ལ་བཤད་ན། ད་ང་རང་ལ་མཚོན་ན་དང་པོ།
  • རིག་འཛིན་སྒྲོལ་མ།
    ངའི་སྐབས་སུ་གླུ་སྦྱངས་པ་དང་འགྲོ་འདུག་སོགས་སུ་དགེ་རྒན་གྱི་ངོ་གདོང་ལ་བལྟ་དགོས།
  • རིག་འཛིན་སྒྲོལ་མ།
    དེ་དུས་ང་ལ་ཆ་རྐྱེན་ཞན་པ་རེད།
  • རིག་འཛིན་སྒྲོལ་མ།
    རིན་གོང་བཤད་ན་ཡང་མི་འགྲིག་གི མ་བཤད་ན་ཡང་ཉིན་ལྟར་གཞན་པ་ལ་རོགས་བྱེད་དགོས་ན་ཡང་དཀའ་མོ་རེད།
  • རིག་འཛིན་སྒྲོལ་མ།
    མཚོ་སྔོན་ལ་སོང་ནས་མཚོ་སྔོན་གྱི་གླུ་གར་ཚོགས་པ་ནས་བསྡད་པ་རེད།
  • རིག་འཛིན་སྒྲོལ་མ།
    དེ་དུས་འཁྲབ་སྟོན་སོགས་སུ་འགྲོ་མ་དགོས་དུས་རྒྱུན་པར་སྒྱུ་རྩལ་ཕྱོགས་ཀྱི་དཔེ་ཆ་རེ་ལ་བལྟས།
  • རིག་འཛིན་སྒྲོལ་མ།
    རང་གི་ཐུབ་ཚོད་ཀྱིས་འབད་པ་བྱས་ནས་རྒྱ་ཡིག་དང་བོད་ཡིག་སོགས་ཀྱི་དཔེ་ཆ་ལ་བལྟས།
  • རིག་འཛིན་སྒྲོལ་མ།
    དེ་ནས་རང་གིས་འདང་བརྒྱབ་ནས། གང་ལྟར་ཆེན་པོ་ཞིག་མ་ཐུབ་ཀྱང་།
  • རིག་འཛིན་སྒྲོལ་མ།
    གླུ་ཞིག་ལེན་པའི་སྐབས་ཡིན་ཡང་གཞན་པའི་རང་ལ་ཁྲིད་མི་དགོས་པ་ཞིག་ཡིན་ན་རང་ལ་ཡང་སྟབས་བདེ་རེད་བསམ་ནས།
  • རིག་འཛིན་སྒྲོལ་མ།
    དེའི་ཕྱོགས་ནས་བལྟས།
  • རིག་འཛིན་སྒྲོལ་མ།
    ད་ཕར་ཆེར་རང་ཉིད་གླུ་ལེན་པའི་རྒྱུ་རྩལ་ལ་དགའ་བའི་རྐྱེན་གྱིས་་ཡིན་པ་རེད།
    \
  • རིག་འཛིན་སྒྲོལ་མ།
    དེ་ནས་དགེ་རྒན་སྨན་བླ་སྐྱབས་དང་དགེ་རྒན་ཀུན་དགའ་ཚེ་བརྟན་སོགས་རང་ལ་དངོས་གནས་བཀའ་དྲིན་ཅན་ཡིན།
  • རིག་འཛིན་སྒྲོལ་མ།
    ཁོ་ཚོ་ལ་གླུ་ཚིག་འགྲིག་པ་རེ་ཡོད་དུས་ང་ལ་སྦྱིན་ནས་ཚོད་ལྟ་བྱེད་དུ་བཅུག
  • རིག་འཛིན་སྒྲོལ་མ།
    དེ་དུས་ཡང་དབྱངས་ཀྱི་ཕྱོགས་ནས་གཞན་པ་ཞིག་ལ་རེ་བ་བྱེད་དགོས་པའི་དཀའ་ཁག་འདུག
  • རིག་འཛིན་སྒྲོལ་མ།
    དེ་ནས་རང་གི་ཚོད་ལྟ་རེ་བྱས་ནས་དགེ་རྒན་ལ་དྲིས།
  • རིག་འཛིན་སྒྲོལ་མ།
    རང་གི་བྲིས་ནས་ཚོད་ལྟ་རེ་མ་བྱས་ན་དགེ་རྒན་གྱི་ངའི་ཆུ་ཚད་གང་འདྲ་ཡིན་པ་མི་ཤེས། དེ་ནས་རང་གི་ཐེངས་དང་བོ་བྲིས་པ་ཕར་ཆེར།
  • རིག་འཛིན་སྒྲོལ་མ།
    ངའི་གླུ་དབྱངས་ཆེད་བསྒྲིག་གི་ནང་ན་ཡོད་པའི། བྱ་དཀར་པོ་ཞེས་པ་དེ་རེད། ཐེངས་དང་བོ་གླུ་དེ་བསྒྲིགས་པ་རེད།
  • རིག་འཛིན་སྒྲོལ་མ།
    དེ་བྲིས་ནས་ཡང་འགྲིག་མིན་མི་ཤེས་པས།
  • རིག་འཛིན་སྒྲོལ་མ།
    ཨ་ཁུ་སྨ་བླ་ལ་བལྟ་རུ་བཅུག་ནས་ཁྱོད་ཀྱིས་ཉོན་དང་ངས་ལེན་ཞེས་ནས་བླངས།
  • རིག་འཛིན་སྒྲོལ་མ།
    ཁོས་ཕར་ཆེར་འགྲིག་པ་རེད་ཟེར།
  • རིག་འཛིན་སྒྲོལ་མ།
    དེ་ནས་རོལ་དབྱངས་ཡང་མ་ལས་པར་དགེ་རྒན་ཞིག་ལ་ཞུ་དག་ཞིག་བྱེད་དུ་འཇུག་དགོས་བསམ་ནས་དེ་འདྲ་ཞིག་བྱས་ནས་བསྐྱུར།
  • རིག་འཛིན་སྒྲོལ་མ།
    དེའི་ཕྱིར་ལོ་མཚོ་སྔོན་གྱི་ལོ་སར་དགོང་ཚོགས་ལ་ཉེ་དུས།
  • རིག་འཛིན་སྒྲོལ་མ།
    ཁོང་ཚོའི་ལས་བྱེད་མི་སྣ་རྣམས་ཀྱིས་ཁ་པར་ཡོང་ནས། ཁྱོད་དགོང་ཚོགས་སུ་ཞུགས་པའི་གྲ་སྒྲིག་འེ་ཡོད། ཡོད་ན་གླུ་ཁྱེར་ཤོག་དང་བལྟ་ཟེར།
  • རིག་འཛིན་སྒྲོལ་མ།
    དེ་དུས་ང་ལ་གླུ་གཏན་ཁེལ་གྱི་གྲ་སྒྲིག་མེད་ཀྱང་།
  • རིག་འཛིན་སྒྲོལ་མ།
    ངས་ཡོད་ཁུལ་བྱས་ནས་ངས་གྲ་སྒྲིག་བྱེད་བཞིན་ཡོད། གྲ་སྒྲིག་བྱས་ཚར་དུས་ཁྱེར་ཡོང་ཞེས་ལན་བཏབས།
  • རིག་འཛིན་སྒྲོལ་མ།
    དེ་རྗེས་བྱ་བ་ཞིག་གི་དབང་གིས་དགེ་རྒན་འབྲུག་ལྷ་དང་མཇལ།
  • རིག་འཛིན་སྒྲོལ་མ།
    དེ་ནས་དགེ་རྒན་འབྲུག་ལྷ་ལ་ཁྱེད་ལ་གླུ་ཚིག་རེ་འེ་ཡོད། ཡོད་ན་ང་ལ་དགོས་ཞེས་བཤད།
  • རིག་འཛིན་སྒྲོལ་མ།
    དེ་དུས་ཁོང་གིས་གནས་སྐབས་སུ་མེད་ཟེར།
  • རིག་འཛིན་སྒྲོལ་མ།
    དེའི་ཕྱིར་ཉིན་ཁོང་གི་ཁ་པར་ཡོང་ནས་ཁོས་གཞན་པ་ཞིག་ལ་བྲིས་པའི་གླུ་ཚིག་ཞིག་ཡོད། ཁྱོད་ལ་བྲེལ་བ་ཡོད་ན་ཁྱེད་ལ་སྟེར་ཟེར།
  • རིག་འཛིན་སྒྲོལ་མ།
    དེ་ནས༼ཁྲི་ཤོར་རྒལ་མོ༽གླུ་ཚིག་ང་ལ་སྦྱིན།
  • རིག་འཛིན་སྒྲོལ་མ།
    སྔོན་ལ་དགེ་རྒན་ཀུན་དགའ་ཚེ་བརྟན་ལ་ཁ་པར་བཏངས་ནས་ང་ལ་གླུ་ཚིག་དགོས་པ་བཤད་ཀྱང་།
  • རིག་འཛིན་སྒྲོལ་མ།
    ཁོང་མཚོ་སྔོན་ན་མེད་སྟབས་ཉིན་བཅུ་ཡས་མས་ཞིག་ལ་སྒུག་ཟེར།
  • རིག་འཛིན་སྒྲོལ་མ།
    དེ་འདྲ་ཞིག་ལ་བརྙན་འཕྲིན་ཁང་གི་དགེ་རྒན་རྣམས་ལ་སྒུག་ཚོད་ཡོད་པ་མ་རེད།
  • རིག་འཛིན་སྒྲོལ་མ།
    དེ་ནས་གཞན་པ་མང་བོ་ཞིག་ལ་ཁ་པར་བཏང་དུས།
  • རིག་འཛིན་སྒྲོལ་མ།
    དགུན་དུས་ཡིན་སྟབས་མང་བོ་ཞིག་ཕྱོགས་སོ་སོའི་དགོང་ཚོགས་ལ་བྲེལ་བཞིན་ཡོད།
  • རིག་འཛིན་སྒྲོལ་མ།
    གོ་སྐབས་འདི་བསྐྱུར་ན་མི་འགྲིག་གི་བསམ།
  • རིག་འཛིན་སྒྲོལ་མ།
    བརྙན་འཕྲིན་ཁང་གིས་ཡང་རང་ལ་མཐོང་ཆེན་བྱས་ནས། རྒྱུན་པར་རང་གི་བཤད་པ་ལྟར་བཀོད་སྒྲིག་སོགས་བྱས་པ་རེད།
  • རིག་འཛིན་སྒྲོལ་མ།
    ད་ཐེངས་རང་གི་གོ་སྐབས་རེད། དམ་འཛིན་མ་བྱས་ན་མི་འགྲིག་གི་བསམས་ནས།
  • རིག་འཛིན་སྒྲོལ་མ།
    ཡང་རང་གི་ཚོད་ལྟ་ཞིག་བྱེད་དགོས་རྒྱུ་རེད་བསམ།
  • རིག་འཛིན་སྒྲོལ་མ།
    དེ་ནས་གླུ་ཚིག་དེ་བཟུང་ནས་གཞུང་ལས་ཁང་ལ་སོང་ནས་བྱ་བ་ལས་ཞོར་དུ་དེ་ལ་བལྟ་བ་དང་ལམ་བར་སོགས་ནས་བསམ་བློ་རེ་བཏངས།
  • རིག་འཛིན་སྒྲོལ་མ།
    གཞུང་ལས་ཁང་ནས་ཆུ་ཚོད་ཕྱེད་ཡས་མས་ཞིག་ནས་ཕར་ཆེར་བསྒྲིགས་ཐུབ།
  • རིག་འཛིན་སྒྲོལ་མ།
    ཕྱིར་ཉིན་ཁྱིམ་ལ་ཡོང་ནས་རེ་བལྟས་དུས་ཕར་ཆེར་མི་འགྲིག་ས་ཆེན་པོ་མེད་པ་འདྲ།
  • རིག་འཛིན་སྒྲོལ་མ།
    རང་གི་སྐད་ལ་མི་འགྲིག་ས་མེད་སྣང་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    ད་གང་ལྟར་འགྲིག་མིན་མི་ཤེས། ཡིན་ཡང་ལེན་འཇོག་བསམ།
  • རིག་འཛིན་སྒྲོལ་མ།
    རོལ་དབྱངས་ལས་ས་ཁྲི་འདུ་རེད། དེ་ལ་དྲ་ཐོག་ནས་ཁྲི་འདུ་ལ་བསྐུར་སོང་།
  • རིག་འཛིན་སྒྲོལ་མ།
    གཟའ་འཁོར་གཅིག་གི་ནང་ནས་འགྲུབ་པ་བྱས་ནས་བརྙན་འཕྲིན་ཁང་ལ་ཁྱེར་ནས་།
  • རིག་འཛིན་སྒྲོལ་མ།
    ཁོང་ཚོ་ལ་ཉན་དུ་བཅུག་དུས། ཁོང་ཚོས་ད་ལོའི་གླུ་དབྱངས་ལེགས་པོ་འདུག་ཟེར།
  • རྒྱལ་མཚན།
    གླུ་དབྱངས་དེ་གང་རེད།
  • རིག་འཛིན་སྒྲོལ་མ།
    ཁྲི་ཤོར་རྒྱལ་མོ་རེད།
  • རྒྱལ་མཚན།
    འོ་རེད་ཁྲི་ཤོར་རྒྱལ་མོ།
  • རྒྱལ་མཚན།
    གླུ་དེ་རང་གིས་ཐེངས་གཉིས་པ་དབྱངས་བརྩམས་པའི་གླུ་རེད།
  • རིག་འཛིན་སྒྲོལ་མ།
    དེ་ནས་དབྱངས་ཐེངས་གཉིས་ལ་བྲིས་དུས་ཅུང་ཤེས་པ་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    དེ་དུས་གླུ་བ་གཞན་པ་རྣམས་ལ་དབྱངས་འབྲི་མ་མྱོངས། རང་གི་རང་ལ་བྲིས་ནས་ཚོད་ཅུང་ཟིན་པ་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    མཐོ་དམན་དང་རང་གི་སྐད་ཀྱི་ཆ་ནས།
  • རིག་འཛིན་སྒྲོལ་མ།
    ཅི་འདྲ་བྱས་ནས་རང་གི་ཁྱད་ཆོས་ཐོན་ཐུབ་པ་སོགས་རང་ལ་ཚོད་ཟིན་པ་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    དེའི་རྗེས་ནས་རང་གི་བྲིས་ནས་ཚོད་ལྟ་རེ་བྱས་ནས་ཇེ་མང་ནས་ཇེ་མང་རེད།
  • རིག་འཛིན་སྒྲོལ་མ།
    དེ་དུས་རང་ལ་ཉམས་མྱོངས་ཡང་ཇེ་མང་རེད།
  • རྒྱལ་མཚན།
    རེད་ཉམས་མྱོངས་ཡང་ཇེ་མང་རེད།
  • རྒྱལ་མཚན།
    ད་ལྟ་ཡིན་ན་བོད་ཀྱི་སྤྱི་ཚོགས་སྟེང་ན་བོད་ཀྱི་གླུ་བ་གླུ་མ་མང་བོ་ཞིག་འདུག
  • རྒྱལ་མཚན།
    དེའི་ནང་ཡིན་ན་རྒྱ་སྐད་ཀྱི་གླུ་དབྱངས་རྡུང་ལེན་མཁན་དང་།
  • རྒྱལ་མཚན།
    བོད་སྐད་ཀྱི་གླུ་དབྱངས་རྡུང་ལེན་མཁན་དང་སྐད་རིགས་གཞན་གཞན་པ་ལེན་མཁན་ཡང་ཡོད་པ་རེད། དེ་ཡིན་ན།
  • རྒྱལ་མཚན།
    དཔེར་ན། བོད་སྐད་ཀྱིན་ལེན་མཁན་ལས་རྒྱ་སྐད་ཀྱི་ལེན་མཁན་མང་བའི་སྣང་བ་ཞིག་འདུག
  • རྒྱལ་མཚན།
    ཁྱོད་རང་ཉིད་ལ་མཚོན་ན་ཐོག་མཐའ་བར་གསུམ་དུ་བོད་སྐད་རྐྱང་བའི་ལེན་པ་ཞིག་རེད།
  • རྒྱལ་མཚན།
    རང་གི་ཕ་སྐད་གཙང་མའི་ལེན་མཁན་ཞིག་རེད།
  • རྒྱལ་མཚན།
    དེ་ཡིན་ན་ཁྱད་པར་དུ་གཞི་རིམ་གྱི་དམངས་ཚོགས་མང་བོ་ཞིག་གིས་ཁྱོད་ལ་སྐད་སྙན་མོ་ཞིག་ཡོད་པ་ལས་གཞན།
  • རྒྱལ་མཚན།
    ཚིག་འབྲུ་གསལ་ཞིང་དག་པའི་ཁྱད་ཆོས་ཞིག་ཡོད་ཟེར་ནས་ཚང་མས་དགའ་བསུ་བྱེད་བཞིན་ཡོད།
  • རྒྱལ་མཚན།
    ཁྱོད་རང་ཉིད་ཀྱིས་ཐོག་མཐའ་བར་གསུམ་དུ་གླུ་དབྱངས་འདི་བོད་སྐད་ཀྱི་ལམ་ནས་ལེན་བཞིན་པ་འདི་རྒྱུན་འཁྱོངས་བྱེད་པའི་རྒྱུ་མཚན་ཅི་ཡིན།
  • རྒྱལ་མཚན།
    དེ་ལ་བསམ་ཚུལ་གང་འདྲ་ཞིག་འདུག
  • རིག་འཛིན་སྒྲོལ་མ།
    དེའི་ཕྱོགས་ཀྱི་བཤད་ན།
  • རིག་འཛིན་སྒྲོལ་མ།
    ང་ཚོ་བོད་ཀྱི་གླུ་བ་ཚོའི་གྲས་སུ།
  • རིག་འཛིན་སྒྲོལ་མ།
    རྒྱ་སྐད་དང་བོད་སྐད་སོགས་ཀྱི་ལམ་ནས་ལེན་མཁན་ཧ་ཅང་མང་བོ་རེད།
  • རིག་འཛིན་སྒྲོལ་མ།
    དེ་མི་རེ་རེ་ནས་དམིགས་ཡུལ་དང་འཁོར་ཡུག་ཡང་མི་མཚུངས་པའི་དབང་གི་རེད།
  • རིག་འཛིན་སྒྲོལ་མ།
    དཔེར་ན། ལ་ལས་གླུ་རེ་བླངས་ན་རང་གི་མིང་གྲགས་པ་དམིགས་སུ་བཟུང་ནས་ཡོད།
  • རིག་འཛིན་སྒྲོལ་མ།
    འགའ་རེ་དཔལ་འབྱོར་ལ་བསམ་ནས་རྒྱ་སྐད་བྱས་ན་རྒྱ་སྐད་གོ་མཁན་མང་བ་དང་བོད་སྐད་གོ་མཁན་ཉུང་བ་རེད།
  • རྒྱལ་མཚན།
    ཉན་མཁན་གྱི་ཁྲོམ་ར་ལྟ་བུ་རེད།
  • རིག་འཛིན་སྒྲོལ་མ།
    རེད། ཁྲོམ་ར་ཇེ་ཆེ་རེད།
  • རིག་འཛིན་སྒྲོལ་མ།
    གཙོ་བོ་དམིགས་ཡུལ་ཡིན་པ་རེད།
  • རིག་འཛིན་སྒྲོལ་མ།
    འགའ་རེ་བོད་སྐད་རྐྱང་བའི་ལེན་མཁན་ཚོ།
  • རིག་འཛིན་སྒྲོལ་མ།
    དངོས་གནས་བོད་སྐད་རྐྱང་བའི་ལེན་མཁན་སྐོར་ཞིག་ཡོད་པ་རེད།
  • རིག་འཛིན་སྒྲོལ་མ།
    དེ་ཚོ་ང་རང་གི་བསམ་ཚུལ་ལྟར་བཤད་ན་ཕར་ཆེར།
  • རིག་འཛིན་སྒྲོལ་མ།
    གཙོ་བོ་རང་གི་སྲོལ་རྒྱུན་གྱི་རིག་གནས་འདི་བསམ་པ་རེད།
  • རིག་འཛིན་སྒྲོལ་མ།
    ང་རང་གི་བསམ་ཚུལ་ཡིན་ན།
  • རིག་འཛིན་སྒྲོལ་མ།
    ཆུང་དུས་དངོས་གནས་རྒྱ་སྐད་ཆེན་པོ་ཞིག་བཤད་ཤེས་པ་མ་རེད།
  • རིག་འཛིན་སྒྲོལ་མ།
    ད་སྐབས་རྒྱ་སྐད་རྐྱང་བའི་ལེན་མཁན་རྣམས་ཀྱིས་ཀྱང་ཆུང་དུས་རྒྱ་སྐད་ཤེས་པ་མ་རེད།
  • རིག་འཛིན་སྒྲོལ་མ།
    རྗེས་ནས་གྲོང་ཁྱེར་ལ་ཡོང་ནས་རྒྱ་སྐད་རེ་སྦྱངས་ནས་བོད་སྐད་བརྗེད་སོང་བ་རེད།
  • རིག་འཛིན་སྒྲོལ་མ།
    ང་རང་གི་བསམ་ཚུལ་ཡིན་ན།
  • རིག་འཛིན་སྒྲོལ་མ།
    ཆུང་དུས་རང་གི་རྒྱ་སྐད་ཀྱི་གླུ་འགའ་རེ་བླངས་པ་རེད། ངའི་སློབ་ཁྲིད་ཀྱི་སྐབས་སུ་ངའི་དགེ་རྒན་རྒྱ་ཡིན་པ་རེད།
  • རིག་འཛིན་སྒྲོལ་མ།
    དེའི་རྐྱེན་གྱི་རྒྱ་སྐད་ཀྱིས་མ་བླངས་ན་འགྲིག་མིན་ཡང་མི་ཤེས་པ་རེད།
  • རིག་འཛིན་སྒྲོལ་མ།
    མཐའ་གཅིག་ཏུ་རྒྱ་སྐད་ཀྱིས་ལེན་དགོས་པ་རེད། དེ་ཡང་རང་ལ་གྲུབ་འབྲས་ལེགས་པོ་ཐོབ་སོང་།
  • རིག་འཛིན་སྒྲོལ་མ།
    རྒྱ་སྐད་མ་ཤེས་ཀྱང་རྒྱ་སྐད་ཀྱིས་བླངས་ནས་འབད་པ་བྱས་དུས།
  • རིག་འཛིན་སྒྲོལ་མ།
    རང་ལ་རྒྱ་སྐད་ཀྱི་ཕྱོགས་ནས་ཕན་པ་ཆེན་པོ་ཐོབ།
  • རིག་འཛིན་སྒྲོལ་མ།
    སྐབས་སྐབས་སུ་དེ་ཡང་དགོས་མཁོ་ཅན་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    རང་གི་དང་པོ་གོམ་ཁ་དང་བོ་སྤོ་དུས་དངོས་གནས་སྡུག་མང་བོ་མྱངས།
  • རིག་འཛིན་སྒྲོལ་མ།
    ཆུང་དུས་ནས་ཨ་མ་ནད་པ་ཡིན་པས་རང་གིས་ཞིང་ལས་དང་ཕྱུགས་ལས་སོགས་བྱས།
  • རིག་འཛིན་སྒྲོལ་མ།
    ལོ་དགུ་ནས་ཕྱུགས་འཚོ་བ་དང་འོ་མ་འཇོ་བ།
  • རིག་འཛིན་སྒྲོལ་མ།
    ཞིང་འདེབས་པ་དང་རྡོ་ཁུར་བ། ཐ་ན་ཟ་མ་ལས་པ།
  • རིག་འཛིན་སྒྲོལ་མ།
    ཆུ་ཁུར་བ། ང་ཚོའི་ཕ་ཡུལ་ནས་འཐུང་ཆུ་ཁུར་བ་ཡང་རི་གཟར་བས་ཧ་ཅང་དཀའ་བོ་འདུག
  • རིག་འཛིན་སྒྲོལ་མ།
    ལས་ཀ་ཆེ་ཆུང་མ་ལས་པ་གཅིག་ཀྱང་མེད།
  • རིག་འཛིན་སྒྲོལ་མ།
    དེ་ནས་སྒྱུ་རྩལ་གྱི་ལམ་ལ་ཞུགས་པ
  • རིག་འཛིན་སྒྲོལ་མ།
    རང་གི་འཚོ་བ་འདི་དངོས་གནས་མི་ཞིག་ཡིན་ན།
  • རིག་འཛིན་སྒྲོལ་མ།
    རང་གིས་རང་ལ་མཐོང་ཆེན་བྱེད་རྒྱུ་མ་རེད། མཐོང་ཆུང་བྱས་པ་ཡིན། རང་གི་མི་ཤེས་པའི།
  • རིག་འཛིན་སྒྲོལ་མ།
    འགྱུར་ཟློག་ཧ་ཅང་ཆེན་པོ་རེད།
  • རིག་འཛིན་སྒྲོལ་མ།
    རང་ཉིད་ཆུང་དུས་རྒྱ་སྐད་གཅིག་ཀྱང་མི་ཤེས།
  • རིག་འཛིན་སྒྲོལ་མ།
    རང་གི་ཕ་ས་འདིའི་ཆགས་ཚུལ་ཙམ་ཞིག་ལས། འཇིག་རྟེན་གྱི་འགྱུར་ཟློག་དེ་ཅི་འདྲ་ཞིག་ཡིན་པ་ཡེ་ནས་མ་ཤེས།
  • རིག་འཛིན་སྒྲོལ་མ།
    ཕ་ཡུལ་ནས་ཁ་བྲལ་ཏེ་ས་གཞན་ཞིག་ལ་ཐོན་དུས། རྒྱལ་ཁབ་གཞན་པ་ཞིག་ལ་ཐོན་པ་དང་གཅིག་མཚུངས་རེད།
  • རིག་འཛིན་སྒྲོལ་མ།
    སྐད་ཆ་མི་ཤེས་ལ་འགྲོ་ལུགས་ཡང་མི་ཤེས།
  • རིག་འཛིན་སྒྲོལ་མ།
    དེར་སོང་ནས་ཕྱོགས་མང་བོ་ཞིག་གི་ཆ་ནས་སྦྱངས་བ་བྱས།
  • རིག་འཛིན་སྒྲོལ་མ།
    ཡུལ་དེ་ནས་གོམ་པ་ཞིག་བཙུགས་ནས་འགྲོ་དགོས་ན་དངོས་གནས་ལས་སླ་མོ་ཞིག་མ་རེད། གོ་རིམ་དེའི་ལམ་བར་ནས་སྡུག་མང་བོ་མྱངས་སོང་།
  • རིག་འཛིན་སྒྲོལ་མ།
    རང་གི་གོམ་པ་དེ་སྤར་ནས་བྱ་བ་ཡང་ལམ་འགྲོ་བྱུང་སོང་།
  • རིག་འཛིན་སྒྲོལ་མ།
    སྤྱི་ཚོགས་ནས་ཡང་མི་མང་བོ་ཞིག་གིས་རོགས་རམ་བྱེད་པའི་ཆ་ནས་ཡང་།
  • རིག་འཛིན་སྒྲོལ་མ།
    རང་གི་དངོས་གནས་འབད་པ་བྱས་ན་གཞན་པས་ཀྱང་འབད་མཁན་ལ་རོགས་རམ་བྱས་ན་འགྲིག་གི་བསམ་ནས།
  • རིག་འཛིན་སྒྲོལ་མ།
    རོགས་རམ་བྱེད་མཁན་ཡང་མང་བོ་ཞིག་ཡོད་སོང་།
  • རིག་འཛིན་སྒྲོལ་མ།
    དེ་ནས་བྱ་བ་ཡང་ལམ་འགྲོ་སོང་ནས། གོ་སྐབས་ཇེ་མང་ནས་ཇེ་མང་དུ་སོང་དུས།
  • རིག་འཛིན་སྒྲོལ་མ།
    གོམ་ཁ་ཡང་ཇེ་བདེ་ནས་ཇེ་ལེགས་སུ་སོང་། གོམ་ཁ་དེ་རིམ་གྱི་བདེ་ལམ་ལ་ཐོན་དུས།
  • རིག་འཛིན་སྒྲོལ་མ།
    རང་གི་སེམས་ལ་དངོས་གནས་ལོ་འདི་འདྲ་ཞིག་ལ་རང་གི་འབད་པ་བརྩོན་འགྲུས་བྱས་པའི་གྲུབ་འབྲས་ཐོབ་པ་ཤེས།
  • རིག་འཛིན་སྒྲོལ་མ།
    སྐྱིད་ཞིག་ཐོབ་དགོས་ན་སྡུག་བསྔལ་ཞིག་བརྒྱུད་དགོས་པ་ཤེས་སོང་།
  • རིག་འཛིན་སྒྲོལ་མ།
    ངས་བསམ་ན་བོད་ཀྱི་གླུ་བའི་ནང་ན་རྒྱའི་སྐད་ཡིག་དང་བོད་སྐད་ཡིག་ཚང་མ་ཤེས་མཁན་ཡང་ཡོད།
  • རིག་འཛིན་སྒྲོལ་མ།
    བོད་ཡིན་ལ་བོད་སྐད་མི་ཤེས་མཁན་ཡང་ཡོད།
  • རིག་འཛིན་སྒྲོལ་མ།
    དེ་ང་གཅིག་པུ་མ་ཡིན་པར་འབྲོག་ས་ནས་ཡོང་ཡང་བོད་སྐད་མི་བཤད་མཁན་ཡང་ཡོད།
  • རིག་འཛིན་སྒྲོལ་མ།
    ད་ས་ཆ་རེ་རེ་ནས་མི་མི་འདྲ་བ་དང་གཙོ་བོ་ཁོར་ཡུག་གི་དབང་གིས་རེད་འདོད་གི
  • རིག་འཛིན་སྒྲོལ་མ།
    ཁོར་ཡུག་ན་མཛུབ་སྟོན་བྱེད་མཁན་མེད་ན་རང་ལ་གང་གི་ཕྱོགས་ནས་འགྲིག་མིན་མི་ཤེས་པ་རེད།
  • རིག་འཛིན་སྒྲོལ་མ།
    དེ་ནས་རང་གིས་གླུ་བླངས་ནས་འདི་འདྲ་བྱས་ན།
  • རིག་འཛིན་སྒྲོལ་མ།
    ཉན་མཁན་ཡིན་ཡང་ཆོག དུས་དུས་སུ་འབྲེལ་འདྲིས་རེ་བྱས་དུས།
  • རིག་འཛིན་སྒྲོལ་མ།
    བགྲོ་གླེང་གི་སྐབས་སུ་ཁམས་ཕྱོགས་དང་ས་ཆ་སོ་སོ་ཡིན་ཡང་ང་ཚོ་བོད་ཀྱི་གླུ་བ་རྣམས་ཀྱིས་གླུ་བླངས་ན་འབྲོག་སྐད་དང་རོང་སྐད་སོགས་སུ་ཁྱད་ཆེ་བའི་མི་གོ་ས་མང་བོ་འདུག་ལ།
  • རིག་འཛིན་སྒྲོལ་མ།
    ཁྱོད་ཀྱི་གླུ་ལ་གང་ནས་ཉན་ན་མི་གོ་ས་མེད་པ་རེད་ཟེར།
  • རིག་འཛིན་སྒྲོལ་མ།
    དེ་དུས་རང་གིས་ཀྱང་བསམ་བློ་བཏང་ནས་དེ་ཅིའི་རྐྱེན་གྱིས་ཡིན་ནམ་བསམ།
  • རིག་འཛིན་སྒྲོལ་མ།
    རྗེས་ནས་རིམ་གྱིས་བསམ་བློ་བཏང་སྟེ་རང་གི་ཁྱད་ཆོས་གང་ཡིན་པར་བསམ།
  • རིག་འཛིན་སྒྲོལ་མ།
    རང་ལ་ཁྱད་ཆོས་ཞིག་མེད་ན་སྐད་དང་རྒྱུན་ལྡན་གྱི་བྱ་བ་མང་བོ་ཞིག་གི་ཕྱོགས་ནས་ཁྱད་ཆོས་ཞིག་འབུར་དུ་ཐོན་དགོས་ན་སླ་མོ་ཞིག་མ་རེད།
  • རིག་འཛིན་སྒྲོལ་མ།
    གླུ་བ་སུ་དང་སུ་ཡིན་ཡང་རང་ལ་ཁྱད་ཆོས་གང་ཡོད་པའི་ཕྱོགས་སུ་བསམ་བློ་གཏོང་བ་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    དེ་ནས་རང་གི་བསམ་བློ་བཏང་ནས་རང་གི་ཁྱད་ཆོས་དེ་ཕར་ཆེར་བོད་སྐད་གྱི་ཕྱོགས་དེ་ཡིན་པར་སེམས།
  • རིག་འཛིན་སྒྲོལ་མ།
    རྒྱུ་མཚན་ཅི་ཡིན་ཞེ་ན། རང་གིས་བསམ་བློ་བཏང་དུས།
  • རིག་འཛིན་སྒྲོལ་མ།
    རང་གི་ཕ་ཡུལ་དཔའ་རིས་ཀྱི་ས་ཆ་རེད།
  • རིག་འཛིན་སྒྲོལ་མ།
    ངའི་འདབས་ལག་རྒྱས་ས་རོང་འབྲོག་འདྲེས་མ་རེད།
  • རིག་འཛིན་སྒྲོལ་མ།
    འབྲོག་སའི་མང་ཚོགས་ཀྱི་འཚོ་བ་དང་འཁོར་ཡུག་དང་།
  • རིག་འཛིན་སྒྲོལ་མ།
    རོང་སའི་མང་ཚོགས་ཀྱི་འཚོ་བ་དང་འཁོར་ཡུག་མི་མཚུངས་པ་རེད།
  • རིག་འཛིན་སྒྲོལ་མ།
    མང་ཚོགས་ཀྱི་འཁོར་ཡུག་གི་འཚོ་བ་མི་མཚུངས་དུས། དམངས་ཁྲོད་ཀྱི་སྒྱུ་རྩལ་གྱི་རྣམ་པ་ཡང་མི་མཚུངས།
  • རིག་འཛིན་སྒྲོལ་མ།
    དེ་དུས་རོང་འབྲོག་གཉིས་ལ་རང་རང་གི་ཁྱད་ཆོས་མི་འདྲ་བ་ཡོད།
  • རིག་འཛིན་སྒྲོལ་མ།
    ངའི་ཕ་ཡུལ་ཡིན་ན་རོང་འབྲོག་གཉིས་ཀྱི་ཁྱད་ཆོས་ཡོད།
  • རིག་འཛིན་སྒྲོལ་མ།
    དཔའ་རིས་ནས་བསྒལ་དུས་ཡང་རྒྱ་ཡུལ་ཡིན་པས་དེ་ལ་ཡང་རྒྱ་བོད་གཉིས་ཀྱི་མཚམས་ཀྱི་རིག་གནས་ཡོད།
  • རིག་འཛིན་སྒྲོལ་མ།
    རང་གི་ཆུང་དུས་ཀྱི་ཉམས་མྱོང་དང་བག་ཆགས་ཞིག་གིས་རོང་འབྲོག་གང་ལ་སོང་ཡང་ཕྱོགས་གང་གི་ཆ་ནས་ཆ་རྒྱུས་ལྡན་པ་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    དེ་ནས་རང་གི་དལ་གྱིས་བསམ་བློ་བཏང་དུས་རང་གི་ཁྱད་ཆོས་གཙོ་བོ་དེ་ཕར་ཆེར་བོད་སྐད་ཡིན་པ་རེད་བསམ།
  • རིག་འཛིན་སྒྲོལ་མ།
    དེ་ནས་རང་གིས་ཀྱང་ཉམས་བཞག་དུས་བོད་སྐད་རྐྱང་རྐྱང་གི་གླུ་ལེན་མཁན་ཉུང་ཉུང་རེད།
  • རིག་འཛིན་སྒྲོལ་མ།
    དེ་རང་ཉིད་ཡང་འབྲོག་ས་མང་བོ་ཞིག་གི་ས་ལ་སོང་ནས།
  • རིག་འཛིན་སྒྲོལ་མ།
    ཉེ་བའི་ལོ་གཉིས་ཙམ་ཞིག་ལ་འབྲོག་ཁུལ་གྱི་བསམ་བློ་ཡང་ཇེ་བཟང་དུ་འགྱུར་བཞིན་ཡོད།
  • རིག་འཛིན་སྒྲོལ་མ།
    ལོ་བཞི་ལྔ་ཞིག་གི་སྔོན་ལ་ས་ཆ་དེ།
  • རིག་འཛིན་སྒྲོལ་མ།
    དཔའ་རིས་དག་མ་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    འབྲོག་ས་གང་ལ་སོང་ན་ས་ཆ་དེ་འདྲ་མཐོང་རྒྱུ་མང་བོ་འདུག བལྟས་ནས་འབྲོག་ལྭ་ཞིག་གྱོན་ནས་འགྲོ་བ་ལས།
  • རིག་འཛིན་སྒྲོལ་མ།
    སོང་ནས་སྐད་ཆ་རེ་དྲིས་ནས་ཕར་ལ་བོད་སྐད་བཤད་ཀྱང་ཚུར་ལ་རྒྱ་སྐད་བཤད།
  • རྒྱལ་མཚན།
    རེད། དེ་འདྲ་ཡོད་པ་རེད།
  • རིག་འཛིན་སྒྲོལ་མ།
    ཕར་བལྟས་ན་འབྲོག་པ་ཡིན་ཡང་བོད་སྐད་ཀྱི་དྲིས་ལན་ལ་རྒྱ་སྐད་ཀྱིས་ལན་བཏབས།
  • རིག་འཛིན་སྒྲོལ་མ།
    དེ་འདྲ་མཐོང་དུས་རང་གི་སེམས་དངོས་གནས་སྡུག་པ་ཞིག་རེད། དངོས་ནས་སེམས་སྡུག་པ་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    དེ་ལས་གཞན་པའི་བོད་ཀྱི་གླུ་བ་སྐོར་ཞིག་གིས
  • རིག་འཛིན་སྒྲོལ་མ།
    སྐད་ཆ་དེ་བཤད་ན་འགྲིག་མིན་མི་ཤེས།
  • རིག་འཛིན་སྒྲོལ་མ།
    ལ་ལས་ལྭ་བ་རེ་གྱོན་ཡང་བོད་ལྭ་ཡང་མིན་ལ་རྒྱ་ལྭ་ཡང་མིན་པའི་ལྭ་བ་རེ་གྱོན།
  • རིག་འཛིན་སྒྲོལ་མ།
    བོད་ཀྱི་རིག་གནས་མི་ཤེས་མཁན་ཞིག་གིས་བལྟས་ན་བོད་ལྭ་དེ་འདི་འདྲ་ཞིག་ཡིན་པར་སེམས།
  • རིག་འཛིན་སྒྲོལ་མ།
    གཞན་པ་ཞིག་གིས་བལྟས་ནས་ཁོ་བོད་རེད་ཞེས་བཤད་ན། ཁོས་བོད་སྐད་ཡང་བཤད་མི་ཤེས་པ་ངོ་ཚ་ཞིག་ཡིན་པ་སུས་ཤེས།
  • རིག་འཛིན་སྒྲོལ་མ།
    མཚམས་མཚམས་སུ་དེ་འདྲ་རེ་མཐོང་དུས་རང་གི་སེམས་སྡུག་པ་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    ལྷག་པར་དུ་རང་གི་ཕ་ཡུལ་དཔའ་རིས་ཀྱི།
  • རིག་འཛིན་སྒྲོལ་མ།
    རྒན་པ་རྣམས་ཡིན་ན་ངས་བོད་སྐད་བཤད་ནས་བོད་གླུ་བླངས་ན་ཧ་ཅང་དགའ་བོ་འདུག
  • རིག་འཛིན་སྒྲོལ་མ།
    ལོ་ཆུང་རྣམས་ལ་དོན་མི་གོ་བ་ཡང་ཡོད། ཕར་ཆེར་ཁོར་ཡུག་གི་དབང་གི་ཡིན་པ་རེད།
  • རིག་འཛིན་སྒྲོལ་མ།
    དེ་ནས་ངས་རྒྱུན་དུ་དམངས་ཁྲོད་ཀྱི་གླུའི་ཕྱོགས་དང་རྟ་རྒྱུགས་དང་རྟ་བཤད་དང་གླུ་བཤད།
  • རིག་འཛིན་སྒྲོལ་མ།
    དམངས་ཁྲོད་ན་ད་དུང་བཤད་པ་མང་བོ་ཡོད།
  • རྒྱལ་མཚན།
    རེད། དམངས་ཁྲོད་གྱི་སྒྱུ་རྩལ་ལ་ཕུན་སུམ་ཚོགས་པ་མང་བོ་ཡོད་པ་རེད།
  • རིག་འཛིན་སྒྲོལ་མ།
    ཕ་ཡུལ་ལ་མི་སུ་ཡིན་ཡང་བརྩེ་སེམས་ཡོད་པ་རེད། ངས་ཕ་ཡུལ་ལ་རང་བསྟོད་མིན།
  • རིག་འཛིན་སྒྲོལ་མ།
    རང་གི་མཐོང་ལམ་དུ་ངའི་ཕ་ཡུལ་ལྷག་པར་དུ་དཔའ་རིས་ཀྱི་འབྲོག་ཁུལ་རོང་ཁུལ་གྱི་སྒྱུ་རྩལ་ཉམས་འཛོམས་ཡིན་པ་རེད།
  • རིག་འཛིན་སྒྲོལ་མ།
    ལྷག་པར་དུ་ཁྱད་ཆོས་ལྡན་པ་ཞིག་རེད།
  • རྒྱལ་མཚན།
    ཁྱེད་ཚོའི་ཕ་ཡུལ་གྱི་གཉེན་སྟོན་གྱི་རིམ་པ་ཆ་ཚང་ཞིག མཚོ་སྔོན་བརྙན་འཕྲིན་ཁང་གི་འགྲེམ་སྟོན་བྱས་ཡོད་སོང་།
  • རིག་འཛིན་སྒྲོལ་མ།
    ཡོད་པ་རེད།
  • རྒྱལ་མཚན།
    དེ་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    རང་གིས་གླུ་རེ་བླངས་ན། དམངས་ཁྲོད་ཀྱི་ཤེས་པ་རེ་བྱས་པའི་ལྷག་ཏུ།
  • རིག་འཛིན་སྒྲོལ་མ།
    ཆེད་ལས་ཀྱི་ཕྱོགས་ནས་ཅུང་སྦྱངས་བ་བྱས་ནས་ཚོད་ཟིན་པ་ཞིག་བྱས། དམངས་ཁྲོད་ལ་ཡང་ཚོད་ཟིན་པ་བྱས་ནས།
  • རིག་འཛིན་སྒྲོལ་མ།
    དེ་གཉིས་ཉམས་འབྲེལ་བྱས་ན།
  • རིག་འཛིན་སྒྲོལ་མ།
    དངོས་གནས་ཕུན་སུམ་ཚོགས་པ། ཆ་ཚང་བ་ཞིག་རེད་འདོད།
  • རིག་འཛིན་སྒྲོལ་མ།
    ད་དམངས་ཁྲོད་ལ་སོང་ནས་གླུ་རེ་བླངས་པ་དང་གཞན།
  • རིག་འཛིན་སྒྲོལ་མ།
    སྟོན་བཤད་དང་རྟ་བཤད་སོགས་དམངས་ཁྲོད་ལ་སོང་ནས་བསྡུས།
  • རིག་འཛིན་སྒྲོལ་མ།
    ང་ཚོའི་ས་ཆ་ན་དངོས་གནས་བཅིངས་འགྲོལ་གྱི་རྗེས་ནས་བོད་ཡིག་གི་སློབ་གྲྭ་ཞིག་ཡོད་མ་མྱོངས།
  • རིག་འཛིན་སྒྲོལ་མ།
    ཚང་མས་ཤེས་ན་འདོད་ཀྱང་སྦྱངས་ས་མེད་པ་རེད།
  • རིག་འཛིན་སྒྲོལ་མ།
    དེ་ནས་བསྡུ་བའི་སྐབས་སུ། སོང་ནས་བསྡུ་བའི་དུས་སུ།
  • རིག་འཛིན་སྒྲོལ་མ།
    ལོ་བཞི་བཅུ་ཡན་ཆད་ཀྱི་མི་ལས་གཞན་པས་མི་ཤེས།
  • རིག་འཛིན་སྒྲོལ་མ།
    དེ་དུས་ཁོང་ཚོའི་ཡི་གེ་གཅིག་ཀྱང་མི་ཤེས།
  • རིག་འཛིན་སྒྲོལ་མ།
    ཡོད་ཚད་བློ་བཟུང་ནས་ཡོད།
  • རྒྱལ་མཚན།
    རེད། དེ་ངག་ཐོག་ནས་རྒྱུད་འཛིན་བྱས་པ་རེད།
  • རིག་འཛིན་སྒྲོལ་མ།
    དེ་ལས་གཞན་པ།
  • རིག་འཛིན་སྒྲོལ་མ།
    ཤེས་པ་རྣམས་ཀྱང་ལོ་ཆེ་བ་ལས་རྒན་པ་རྣམས་ཀྱིས་མགོ་ཤེས་ན་མཇུག་མི་ཤེས་པ་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    དེ་དུས་རང་གི་སེམས་སུ་རང་གིས་མཐའ་གཅིག་ཏུ་བོད་སྐད་ཡིག་ལ་འབད་པ་བྱེད་པ་ཡིན།
  • རིག་འཛིན་སྒྲོལ་མ།
    མི་གཞན་ལ་བོད་སྐད་ཡིག་ཁྱབ་བསྒྲགས་བྱེད་པ་དང་ཤེས་སུ་འཇུག་པ།
  • རིག་འཛིན་སྒྲོལ་མ།
    སྔོན་ཆད་ཡིན་ན་རང་གིས་ཀྱང་ཉམས་མྱོང་བརྒྱུད་ནས་ཤེས་པ་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    རང་གིས་དེ་འདྲ་མང་བོ་ཞིག་ལ་བསམ་བློ་བཏང་།
  • རིག་འཛིན་སྒྲོལ་མ།
    རྗེས་སུ་ཅི་འདྲ་ཞིག་ཡིན་པ་ཡང་མི་ཤེས།
  • རིག་འཛིན་སྒྲོལ་མ།
    ད་ལྟ་རང་ལ་ཉན་མཁན་རེ་གཉིས་འདུག
  • རིག་འཛིན་སྒྲོལ་མ།
    བོད་ཀྱི་ས་ནས་དགའ་བསུ་བྱེད་མཁན་ཇེ་མང་རེད།
  • རིག་འཛིན་སྒྲོལ་མ།
    རང་གི་ཡང་དེ་ཚོད་བཟུང་།
  • རྒྱལ་མཚན།
    རེད། རང་གི་སྒྱུ་རྩལ་གྱི་ལམ་ཕུན་སུམ་ཚོགས་པའི་ལམ་བུ་ནས། རང་གི་མི་རིགས་ཡིན་ན་སྤྱི་ཚོགས་ཀྱི་འགན་ཁྲིའི་འདུ་ཤེས་ཞིག་སྐྱེས་པ་རེད།
  • རིག་འཛིན་སྒྲོལ་མ།
    རང་གི་ཚོད་དེ་བཟུང་ནས། གོ་སྐབས་དམ་འཛིན་བྱས་ནས་དམངས་ཚོགས་ལ་ཁྱབ་བསྒྲགས་བྱས།
  • རིག་འཛིན་སྒྲོལ་མ།
    རང་གི་ཕ་སྐད་དེ་གཙོ་བོ་བྱས་ནས།
  • རིག་འཛིན་སྒྲོལ་མ།
    རང་གི་ཕ་མེས་ཡང་མེས་ཀྱི་མི་རབས་ནས་དར་ནས་ཡོང་བ་རེད།
  • རིག་འཛིན་སྒྲོལ་མ།
    དམངས་ཁྲོད་ནས་གླུ་རེ་བླངས་ན་ཡག་མིན་མང་བོ་འདུག
  • རིག་འཛིན་སྒྲོལ་མ།
    ཡིན་ཡང་ཕ་མེས་མི་རབས་ནས་ཡག་དུས།
  • རིག་འཛིན་སྒྲོལ་མ།
    ང་ཚོའི་སྐབས་སུ་མི་ལེགས་པ་ཞེས་བཤད་ན་ང་ཚོའི་ངོ་ཚ་རེད།
  • རིག་འཛིན་སྒྲོལ་མ།
    རྒྱུ་མཚན་ང་ཚོ་ལ་སྐྱོན་ཡོད་པ་རེད། ང་ཚོ་ལ་ཡོན་ཏན་མེད་སོང་བ་རེད།
  • རིག་འཛིན་སྒྲོལ་མ།
    རང་ཉིད་ཆུང་དུས་སུ་རྒན་པ་རྣམས་ཀྱིས་བཤད་པའི་གཏམ་འགའ་རེ་འཚོལ་བསྡུའི་སྐབས་སུ་མ་རྙེད་པ་ཡང་ཡོད།
  • རིག་འཛིན་སྒྲོལ་མ།
    ཤེས་མཁན་གྱི་རྒན་པ་འགའ་རེ་ཡང་འཇིག་རྟེན་ལས་འདས་ཟིན་པ་རེ་འདུག
  • རིག་འཛིན་སྒྲོལ་མ།
    འགའ་རེ་ལོ་ན་རྒན་པས་དྲན་པ་ཆེན་པོ་མེད་པ་ཡང་ཡོད།
  • རིག་འཛིན་སྒྲོལ་མ།
    དེ་དུས་རང་གི་སེམས་སུ། ད་རང་གིས་འབད་རྩོན་བྱེད་དགོས་པ་རེད།
  • རིག་འཛིན་སྒྲོལ་མ།
    མཐའ་གཅིག་ཏུ་རྒྱ་སྐད་ཀྱི་གླུ་མི་ལེན་པ་ཡང་མིན། དེ་བྱེད་དོན་ཡང་མེད།
  • རིག་འཛིན་སྒྲོལ་མ།
    སྐད་རིགས་ཅི་འདྲའི་མང་བོ་ཤེས་ན་རང་ལ་བཟང་བོ་འདུག ལམ་གང་གི་ཕྱོགས་ནས་ཡང་བཟང་ཆ་འདུག
  • རིག་འཛིན་སྒྲོལ་མ།
    དཔེར་ན། རྒྱ་སྐད་ལས་གཞན་དབྱིན་སྐད་ཤེས་ན་ཡང་བཟང་ཆ་མང་བོ་འདུག དེ་བཟང་བོ་ཞིག་འདུག
  • རིག་འཛིན་སྒྲོལ་མ།
    ངས་རྒྱ་སྐད་ཀྱིས་བླངས་ན་མི་བཟང་གི་ཞེས་པ་ཡང་མིན།
  • རིག་འཛིན་སྒྲོལ་མ།
    དངོས་གནས་དེ་ཤེས་ཐུབ་ན་ཁྱོད་རང་གི་ནུས་པ་རེད།
  • རིག་འཛིན་སྒྲོལ་མ།
    ཡིན་ཡང་ཁྱོད་བོད་ཞིག་ཡིན་པའི་ཆ་ནས་ཐོག་མར།
  • རིག་འཛིན་སྒྲོལ་མ།
    ཁྱོད་རང་གི་སྐད་དང་རིག་གནས་ཤེས་པ་ནས།
  • རིག་འཛིན་སྒྲོལ་མ།
    གཞན་པའི་རིག་གནས་ཤེས་ན་ཁྱོད་དངོས་གནས་ནུས་ལྡན་རེད།
  • རིག་འཛིན་སྒྲོལ་མ།
    དེ་མིན་པར་རང་གི་རིག་གནས་བསྐྱུར་ནས།
  • རིག་འཛིན་སྒྲོལ་མ།
    གཞན་པའི་རིག་གནས་སྦྱངས་ན་མི་འགྲིག་གི
  • རྒྱལ་མཚན།
    རེད། རང་གི་དམངས་ཁྲོད་ཀྱི་རིག་གནས་ཕུན་སུམ་ཚོག་པ་ཞིག་ཡོད་མ་ཤེས་པར།
  • རྒྱལ་མཚན།
    གཞན་པའི་དེ་གཏིང་ཟབ་པ་ཞིག་ཤེས་པ་དེ་ཡང་དཀའ་བོ་རེད།
  • རིག་འཛིན་སྒྲོལ་མ།
    དེ་ཡང་ལེགས་པོ་ཞིག་ཤེས་ཐུབ་པ་མ་རེད།
  • རིག་འཛིན་སྒྲོལ་མ།
    དཔེར་ན་རང་གི་མི་རིགས་ཀྱི་རྨང་གཞི་མཐུག་པོ་ཞིག་ཡིན་ན་གཞན་པའི་མི་རིགས་ཀྱི་རྨང་གཞི་མཐུག་པོ་ཞིག་ཤེས་བ་དཀའ་བོ་འདུག
  • རིག་འཛིན་སྒྲོལ་མ།
    མི་རིགས་གཞན་པའི་རིག་གནས་དེ་ཡང་གསལ་བོ་ཞིག་ཤེས་ཐུབ་ཀྱི་མི་འདུག
  • རིག་འཛིན་སྒྲོལ་མ།
    རང་གི་མི་རིགས་ཀྱི་རིག་གནས་ཡང་མི་ཤེས་པ་ཞིག་རེད།
  • རིག་འཛིན་སྒྲོལ་མ།
    དེ་ཡིན་ན་གང་གི་ཕྱོགས་ནས་ཡང་ཚད་ལྡན་ཞིག་མ་རེད།
  • རིག་འཛིན་སྒྲོལ་མ།
    དེ་འདྲ་ཡིན་ན་མི་བཟང་གི་འདོད་ནས།
  • རིག་འཛིན་སྒྲོལ་མ།
    རང་ཉིད་བོད་ཞིག་རེད། རང་གི་ཕྱོགས་ནས་ད་ལྟ་ཉིད་དུ་ལོ་དུ་མ་ཞིག་ལ་ཆ་རྐྱེན་ཞན་ཡང་ཆོག
  • རིག་འཛིན་སྒྲོལ་མ།
    དགའ་བསུ་མ་ཐོབ་ཀྱང་ཆོག དེ་དུས་དེ་འདྲ་བྱས་ན་དགའ་བསུ་ཐོབ་མིན་མི་ཤེས།
  • རིག་འཛིན་སྒྲོལ་མ།
    གཞན་པའི་ཅི་བཤད་རང་གིས་མི་ཤེས།
  • རིག་འཛིན་སྒྲོལ་མ།
    ཡིན་ཡང་རང་གི་ཕྱོགས་ནས་འབད་པ་བྱས་པ་ཡིན།
  • རིག་འཛིན་སྒྲོལ་མ།
    མི་ལ་ལས་རང་ལ་གླད་པ་རྗེས་ལུས་རེད་ཟེར་མཁན་ཡོད་ཀྱང་རང་གིས་རང་ཚུགས་ཐུབ་དགོས་པ་རེད་འདོད།
  • རིག་འཛིན་སྒྲོལ་མ།
    དགའ་བསུ་མ་ཐོབ་པར་རང་ལ་ཐ་ན་ཁ་གསོ་བྱེད་ཀྱི་ཆ་རྐྱེན་མེད་སོང་ཡང་།
  • རིག་འཛིན་སྒྲོལ་མ།
    རང་གིས་འབད་པ་བྱེད་དགོས་འདོད།
  • རིག་འཛིན་སྒྲོལ་མ།
    འགྱོད་པ་མེད་པ་ཞིག་བྱེད་དགོས་རྒྱུ་རེད་འདོད་ནས་རང་གིས་སེམས་ཐག་བཅད་པ་ཡིན།
  • རིག་འཛིན་སྒྲོལ་མ།
    དུས་དུས་སུ་གླུ་དབྱངས་རེ་ལ་སྒྲ་ལེན་པ་སོགས་སུ་འབོད་མཁན་རེ་ཡོད།
  • རིག་འཛིན་སྒྲོལ་མ།
    དེ་དུས་སུ་རང་གི་ཤེས་ནོ་དེ་འཕྲོ་བརླག་བྱས་ན་མི་འགྲིག་གི
  • རིག་འཛིན་སྒྲོལ་མ།
    དེ་བཟང་བོ་ཞིག་མ་རེད། རང་གིས་མ་ཤེས་པར་བླངས་ན་མི་འགྲིག་གི
  • རིག་འཛིན་སྒྲོལ་མ།
    སྐབས་རེ་ལ་འཁྲབ་སྟོན་གྱི་སྐབས་སུ། རྒྱ་སྐད་ཀྱིས་ལེན་དགོས་ས་ལ་རྒྱ་སྐད་ཀྱིས་ལེན་དགོས་པ་རེད།
  • རིག་འཛིན་སྒྲོལ་མ།
    ཡང་སྐབས་རེ་ལ་རང་གི་གླུ་ཚིག་རེ་བརྩམས་ནས་ཕབ་བསྐྲུན་བྱེད་སྐབས།
  • རིག་འཛིན་སྒྲོལ་མ།
    རང་གི་སྐད་དང་རིག་གནས། དམངས་ཁྲོད་ཀྱི་སྒྱུ་རྩལ་སོགས་རྒྱུད་འཛིན་གྱི་བསམ་བློ་རེ་འགུག་ཆེད།
  • རིག་འཛིན་སྒྲོལ་མ།
    དཔེར་ན། བོད་ཀྱི་ངའི་ཉན་མཁན་ཞིག་ཡིན་ན།
  • རིག་འཛིན་སྒྲོལ་མ།
    མཐའ་གཅིག་ཏུ་ངའི་གླུ་ལ་དགའ་མཁན་ཞིག་ཡིན་ན།
  • རིག་འཛིན་སྒྲོལ་མ།
    ངའི་བོད་སྐད་ཀྱི་གླུ་ཞིག་བླངས་ན། ཁོས་ལད་མོ་བྱེད་འདོད་ཀྱང་བོད་སྐད་ཀྱིས་མི་ལེན་ཐབས་མེད་རེད།
  • རིག་འཛིན་སྒྲོལ་མ།
    དེ་ལ་སོགས་པ་ཕན་ཆུང་ཆུང་རེ་ཅི་ཐོགས་བྱས་པ་ཡིན།
  • རྒྱལ་མཚན།
    རེད། ངས་བལྟས་ན་ཁྱོད་ཀྱི་འདི་མ་བཤད་པ་ཙམ་རེད་མ་གཏོགས།
  • རྒྱལ་མཚན།
    དཔེར་ན་ཁྱོད་ཀྱི་དུས་རབས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་མྱོང་སོགས་མྱོང་པ་ཞིག་ལ། གླུ་གར་གྱི་གླུ་གཅིག་པོ་མ་ཡིན་ལ།
  • རྒྱལ་མཚན།
    གཞན་པ་ཞིག་བླངས་ནས་རང་གི་རྩ་བ་བོར་ན་ཡང་མི་འགྲིག་གི
  • རྒྱལ་མཚན།
    དུས་རབས་ཀྱི་ཁྱད་ཆོས་དང་རང་གི་མི་རིགས་ཀྱི་ཁྱད་ཆོས་སོགས་ཉམས་འབྲེལ་བྱེད་པ་ལ། དེངས་རབས་ཀྱི་ན་གཞོན་རྣམས་ཀྱིས་ཀྱང་དགའ་བསུ་ཆེན་པོ་ཡོད་པ་རེད།
  • རྒྱལ་མཚན།
    ངེད་གཉིས་ཀྱི་ཁ་བརྡའི་གོ་རིམ་ཁྲོད་ནས་ངས་བལྟས་ན། ཁྱོད་རང་གི་བོད་སྐད་ཀྱིས་ལེན་པ་འདི། ཁྱོད་རང་ཉིད་ཀྱི་སྲོལ་རྒྱུན་གྱི
  • རྒྱལ་མཚན།
    ཕ་མེས་ཡང་མེས་ནས་བརྒྱུད་པའི་སྒྱུ་རྩལ་འདི་ལ་དུངས་བ་ཟབ་པ་རེད།
  • རྒྱལ་མཚན།
    དུངས་བ་འདིའི་རྐྱེན་གྱིས་ཁྱེད་ལ་འདི་སྲུང་སྐྱོབ་དང་རྒྱུན་འཛིན་གྱི་སྤོབས་པ་དང་ཡིད་ཆེས་ཡོད་པ་རེད། གྲུབ་འབྲས་ཡང་ལེགས་པོ་ཡོད་པ་རེད།