Skip to main content Skip to search
28 Jun 2018
3 min 50 sec
Video Overview
Creators: 
Yeshi Wangchuk, Dorji Nima

The song Gangkhawa Chacha, a Boedra song, was sung by Leki Dolma. The song says, everything existing in this temporary world needs to depend on each other, without which everything is impossible to sustain. Thus, the song is describing interdependence in the universe. According to the lyrics, the snow, the lake, and the cloud exist in the universe because of the presence of mountain peaks and the fishes.

 

གཞལམ་སྒང་རྫོང་ཁག་ ངང་ལ་སྤྲོང་སྤྱི་འོག་ནང་ལས་ ལེགས་སྐྱིད་སྒྲོལ་མ་གི་ གླུ་གཞས་ གངས་ཁ་བ་ཆགས་ཆགས་ཟེར་མི་འཐེནམ་ཨིན་མས། གླུ་གཞས་གི་ གདངས་དབྱངས་འདི་ རན་ཏོག་ཏོ་ཡོདཔ་ལས་ བོད་སྒྲའི་གླུ་གཞས་ཀྱི་གྲངས་སུ་ཚུདཔ་ཨིན་མས། སྙིང་པོ་མེད་པའི་ འཛམ་གླིང་འདི་ནང་ལུ་ ག་ཅི་ཡང་ འབྱུང་སྲིད་དོ་ཡོད་རུང་ གཅིག་གི་གཅིག་ལུ་ མ་རྟེན་པ་ཅིན་ ག་ཅི་འབད་རུང་ འབད་ཚུགས་ནི་འདི་ ལཱ་ཁག་ཡོདཔ་ཨིན། དེ་འབདཝ་ལས་ གླུ་གཞས་འདི་གི་ འཇིག་རྟེན་ནང་ལུ་ གཅིག་གི་གཅིག་ལུ་བརྟེན་དགོ་པའི་སྐོར་ལས་བཤདཔ་ཨིན་མས། གླུ་གཞས་ཀྱི་ཚིག་ནང་ལུ་ གངས་ཁ་བ་དང་ རྒྱ་མཚོ་ དེ་ལས་ ས་སྨུག་ཚུ་འབྱུང་མི་འདི་ འཇིག་རྟེན་ནང་ལུ་ གནམ་དང་ ཉ་ དེ་ལས་ གངས་ཆེན་ཚུ་ཡོད་ནི་འདི་ འབྱུམ་ཨིན་ཟེར་ཨིན་མས། གནད་དོན་དེ་ལུ་བརྟེན་ཏེ་ གླུ་གཞས་འདི་གི་ འཇིག་རྟེན་ནང་ལུ་ གཅིག་གི་གཅིག་ལུ་རྟེན་དགོ་ཟེར་བའི་ཚིག་གི་ཐོག་ལས་ མཇུག་བསྡུ་དོ་ཡོདཔ་ཨིན། 

 

Transcript search
No results found for this search
0 of 0
  • ལས་སྐྱིད་སྒྲོལ་མ་ Leki Delma
    གངས་ཁ་བ་ཆགས་ཆགས། །ཡར་རི་གངས་ལུ་ཆགས། །གངས་མེད་ན་ལོ་ཡར་རི་ཁ་བ་ཆགས་རྒྱུ་མེད། །
  • ལས་སྐྱིད་སྒྲོལ་མ་ Leki Delma
    ཕུ་ལ་ཤིང་ཤུགས་པོ་འཁྲུངས་འཁྲུངས། །ཡར་རི་ལ་ལ་འཁྲུངས། །ལ་མེད་ན་ལོ་ཡར་རི་ཤུགས་པོ་འཁྲུངས་རྒྱུ་མེད། །
  • ལས་སྐྱིད་སྒྲོལ་མ་ Leki Delma
    གསེར་བྱ་ངང་པ་ཆགས་ཆགས། །ཡར་རི་མཚོ་ལ་ཆགས། །མཚོ་མེད་ན་ལོ་ཡར་རི་གསེར་བྱ་ཆགས་རྒྱུ་མེད། །
  • ལས་སྐྱིད་སྒྲོལ་མ་ Leki Delma
    ཕུ་ལུ་་་་ ཨེ་ཧེམ་་་་་ ནམ་ཆར་པ་འབབ་འབབ། །ཡར་རི་སྤྲིན་ལས་འབབ། །སྤྲིན་མེད་ན་ལོ་ཡར་རི་ཆར་པོ་འབབ་རྒྱུ་མེད། །
  • ལས་སྐྱིད་སྒྲོལ་མ་ Leki Delma
    གསེར་གྱི་རི་ལ་གསེར་ཤིང་འཁྲུངས་སོང་། །གསེར་གྱི་མེ་ཏོག་ས་ལ་ཤར་སོང་། །ས་ལ་ཤར་ན་ལུས་ལ་སྐྱིད་སོང་། །ལུས་ལ་སྐྱིད་ན་སེམས་ཡང་སྤྲོ་རྒྱུ། །
  • ལས་སྐྱིད་སྒྲོལ་མ་ Leki Delma
    དངུལ་གྱི་རི་ལ་དངུལ་ཤིང་འཁྲུངས་སོང་། །དངུལ་གྱི་མེ་ཏོག་ས་ལ་ཤར་སོང་། །ས་ལ་ཤར་ན་ལུས་ལ་སྐྱིད་སོང་། །ལུས་ལ་སྐྱིད་ན་སེམས་ཡང་སྤྲོ་རྒྱུ། །
  • ལས་སྐྱིད་སྒྲོལ་མ་ Leki Delma
    གདུང་གི་རི་ལ་གདུང་ཤིང་འཁྲུངས་སོང་། །གདུང་གི་མེ་ཏོག་ས་ལ་ཤར་སོང་། །ས་ལ་ཤར་ན་ལུས་ལ་སྐྱིད་སོང་། །ལུས་ལ་སྐྱིད་ན་སེམས་ཡང་སྤྲོ་རྒྱུ། །
  • ལས་སྐྱིད་སྒྲོལ་མ་ Leki Delma
    གཡུ་གི་རི་ལ་གཡུ་ཤིང་འཁྲུངས་སོང་། །གཡུ་གི་མེ་ཏོག་ས་ལ་ཤར་སོང་། །ས་ལ་ཤར་ན་ལུས་ལ་སྐྱིད་སོང་། །ལུས་ན་སྐྱིད་ན་སེམས་ཡང་སྤྲོ་རྒྱུ། །
  • ལས་སྐྱིད་སྒྲོལ་མ་ Leki Delma
    ལགས་སོ་ལགས། དེམ་ཅིག་ལས་ཞུ་ནི་མིན་འདུག་ལགས།། །།