Video Overview
This is a video of Namkha from Gagya Village in Chentsa singing a song called "The Snow Lion Atop Mount Kailash." This song is part of a collection of folk songs from the Rebgong cultural area.
- Kailash
- ཡེ་་་ཨ་ལུང་ལ་མོ་་་ཡང་ལེན་དགོ ཡེ་གླུ་བ་ཡང་གིས་ལེན། །
- གངས་ཏེ་སེ་སྒང་གི་སེང་གེ་དང་། ། ༼ཡེ་་་ཨ་ལུང་ལ་མོ་ཞིག་ལེན༽
- ནགས་ཙན་དན་ཁུག་གི་རྒྱ་སྟག་གཉིས། ། ༼ཡེ་་་ཨ་ལུང་ལ་མོ་ཞིག་ལེན༽
- འདི་གཉིས་ཀྱི་མཆོང་ལམ་གཅིག་ནོ་འདི། ། ༼ཡེ་་་ཨ་ལུང་ལ་མོ་ཞིག་ལེན༽
- དགྲ་ཟིལ་གྱིས་གནོན་པའི་རྟེན་འབྲེལ་རེད། ། ༼ཡེ་་་ཨ་ལུང་ལ་མོ་ཞིག་ལེན༽
- དགུང་ཨ་སྔོན་དཀྱིལ་གྱི་འབྲུག་ཆུང་དང་། ། ༼ཡེ་་་ཨ་ལུང་ལ་མོ་ཞིག་ལེན༽
- སྟོད་བར་སྣང་ཁམས་ཀྱི་ཁྱུང་ཆེན་གཉིས། ། ༼ཡེ་་་ཨ་ལུང་ལ་མོ་ཞིག་ལེན༽
- འདི་གཉིས་ཀྱི་འཕུར་ལམ་གཅིག་ནོ་འདི། ། ༼ཡེ་་་ཨ་ལུང་ལ་མོ་ཞིག་ལེན༽
- དབྱར་ཆར་ཆུ་འཛོམས་པའི་རྟེན་འབྲེལ་རེད། ། ༼ཡེ་་་ཨ་ལུང་ལ་མོ་ཞིག་ལེན༽