Video Overview
འདི་ནི་བུ་ཞིག་གིས་འབྲུག་གཅིག་བསྐྱབས་ཏེ་འབྲུག་དེས་ཀླུ་ཡུལ་དུ་དྲངས་ནས་ཀླུའི་སྲས་མོ་ཀླུ་མོ་མཚོ་ཆུང་མར་ཐོབ་པའི་གཏམ་རྒྱུད་ཅིག་ཡིན།
གཏམ་རྒྱུད་འདིའི་ནང་དུ་བུ་ཞིག་འབྲུག་དོང་དུ་ལྷུང་ནས་འབྲུག་ཅིག་བསྐྱབས་པ་དང་འབྲུག་དེ་ལ་ཞོན་ནས་་ས་ཁར་བུད། འབྲུག་དེ་ནི་ཀླུ་ཕྲུག་ཅིག་ཡིན་པས་ཁོ་ཀླུ་ཡུལ་དུ་གདན་འདྲེན་བྱས། ཀླུ་ཡུལ་ནས་ཕྱིར་འོངས་སྐབས་ཁོས་གཏང་རག་ལ་ཁྱི་མོ་དམར་ལུ་མ་བླངས། ཁྱི་མོ་དམར་ལུ་མ་ནི་དོན་དུ་ཀླུ་མོ་ཞིག་ཡིན་པས་ཁོའི་ཆུང་མ་བྱས། ཉིན་ཞིག་ཁོས་ཆུང་མ་རྒྱལ་པོ་ལ་བསྟན་པས་རྒྱལ་པོས་ཁོའི་ཆུང་མ་འཕྲོག་རྩིས་ཀྱིས་རྟ་རྒྱུག་གོས་བཏུམ་དགྲ་འདུལ་སོགས་ཀྱི་འགྲན་བཙུགས། དེ་ནས་ཁོ་ཀླུ་མོའི་མངགས་བཀོལ་ལྟར་མཚོ་ཁར་སོང་ནས་ཀླུ་སྒམ་དག་གཡར་ཏེ་རྒྱལ་འཁོར་ཚར་བཅད། མཐར་ཁོས་ཀླུ་མོ་མཚོ་ལ་ད་ཁྱོད་ལ་རིན་པོ་ཆེ་ཅི་ཞིག་ཡོད་ཅེས་ཡང་ཡང་དྲིས་ཤིང་ཀླུ་མོ་མཚོའི་གསེར་གྱི་གླིང་བུའང་གཡར་བས་ཀླུ་མོ་མཚོ་ཁོ་དང་ཁ་གྱེས་ནས་སོང་།
这则故事主要讲述了一位男孩救了一条龙,被邀去龙王宫做客并和龙王的女儿小龙女结为了夫妻。
这个故事主要讲述了一个男孩救了一条掉进洞里的龙。随后,他骑着那条龙飞回了地面。没想到被救的是个小龙王,男孩被邀请去龙王宫做客。回来时,他带回了一只红色的母狗作为酬谢。原来那只红色的母狗是小龙女,并做了他的妻子。有一天,他带着妻子去觐见国王。国王一眼就看上了他的妻子,并想抢走他的爱妻。于是,国王向他做出了各种挑战,赛马、用布匹围住群山打斗等。他遵照小龙女的嘱咐,走到海边向龙王借宝箱来击败了国王。随后,他一次又一次地问小龙女还剩下什么宝贝。最后,把龙女的金笛子也借走了,最终迫使龙女也离开了他。
The story of a boy who saves a naga and marries the daughter of the Naga King, but then loses her when he spends all his treasure.
- དཀོན་མཆོག་སྐྱིད།དེ་ནས་མོས་ཡག་དེ་རྐང་བའི་འོག་ཏུ་མནན་ནས་བསྡད།
- ཇ་ཞིག་བསྐོལ་ནས་ཇ་ཞིག་བླུད་དུས།
- རྐང་བའི་འོག་ཏུ་མ་ནོན་པར་ཤོར་སོང།
- རྒྱལ་བོས་བལྟས་དུས།
- མིག་ཕར་བལྟས་ཕྱིར་མི་ལོན་པ།
- དེ་འདྲའི་བུ་མོ་ཡག་པ་ཞིག་རེད།
- འདི་ཁྱོད་ལ་དགོས་བ་ཞིག་མ་རེད།
- ཁོ་ལ་དགོས་པ་ཞིག་རེད།
- ཁོར་བཙུན་མོར་དགོས་ཟེར།
- མི་སྟེར་བཀོད་པ་མེད་ཟེར།
- དགོས་ཟེར་ནས་བཀོད་པ་མེད་ཟེར།
- ཁྱོད་ཀྱིས་དངོས་ནས་མི་སྟེར་བ་དེ་འདྲ་ཞིག་ཡིན་ན།
- ངེད་ཚང་གཉིས་ཀྱིས་རྟ་རྒྱུགས་རྒྱལ་འཇོག་བྱེད།
- འགྲན་སྡུར་བྱེད།
- དེ་ནས་རྒྱལ་ཁ་སུས་ལོན་ན་དེའི་ཆུང་མ་བྱེད།
- དེ་ནས་ཅི་ཞིག་བྱེད་ཟེར་ནས་བུད་སོང་།
- རྒྱལ་བོས་དེ་ལྟར་བཤད་ནས་ཉི་བཅད་ཅིག་འཐེན་ནས།
- དེ་ཉིན་ངེད་གཉིས་ཀྱིས་རྟ་རྒྱུགས་ཀྱིས་འགྲན་སྡུར་བྱེད་ཟེར་ནས།
- ཉི་བཅད་ཅིག་བཤད་ནས་བུད་སོང་།
- ད་ཅི་ཞིག་བཤད།
- ཁྱོད་རྒྱལ་བོ་རི་ནང་དུ་མ་འབོད་ཟེར་ན་བཀོད་པ་མེད་གི
- མོས་རྐང་བའི་འོག་ཏུ་མནན་རུང་མ་ནོན་པ་རེད།
- ཁྱོད་མཚོ་ཁ་ཐུར་དང་མཚོ་ཁ་ཐུར་དུ་རྒྱུགས།
- ཨ་མ་ཀླུ་མོ་རྒྱལ་དང་ཀླུ་མོ་རྒྱལ་ཞེས་བོས་ན།
- ཁྱོད་ལ་ཨ་མས་ཨ་ཟེར།
- ཨ་མ་མཚོ་ནང་ནས་བུད་ལ།
- ཁྱོད་ཀྱི་བུ་མོ་ཀླུ་མོ་མཚོ་ཡིས་བཤད་པ་ལ།
- ལྷ་རྟ་ཆེ་བོ་མི་དགོས་འབྲིང་བ་མི་དགོས།
- ཆུང་བ་དགོས་ཞེས་དེ་ལྟར་ཤོད།
- ཁྱོད་ལ་རྟ་ཞིག་སྟེར་བ་དེར་ཁྱོད་མ་ཞོན་པར།
- ཡུལ་ལ་ཐོན་རག་བར་དུ་ཁྲིད་ནས་ཤོག་ཟེར་བས་ཡ་ཟེར།
- དེ་ནས་ཁོ་མཚོ་ཁ་ཐུར་དུ་རྒྱུགས་ནས།
- ཨ་མ་ཀླུ་མོ་རྒྱལ་དང་ཀླུ་མོ་རྒྱལ་ཞེས་བོས་པ་ལ།
- ཨ་མ་དེས་ཨ་ཟེར།
- ཁྱོད་ཀྱི་བུ་མོ་ཀླུ་མོ་མཚོ་ཡིས་བཤད་པ་ལ།
- ལྷ་རྟ་ཆེ་བོ་མི་དགོས་འབྲིང་བ་མི་དགོས།
- ཆུང་བ་དེ་བྱིན་ཟེར་དེ་ལྟར་བཤད།
- དེ་ནས་ཡ་ཡ་ཟེར་ནས།
- རྟ་ཤེད་མེད་ཅིག་མཚོ་ཁ་ལ་ཕུད།
- འདི་ངེད་གཉིས་ཀྱིས་རྟ་རྒྱུགས་རྒྱལ་འཇོག་ཅི་ལྟར་བྱེད་འདོད་ནས།
- ཁོ་ཡིས་ཁྲིད་ནས་ཡུལ་ལ་སོང་།
- ཡུལ་ལ་ཡོང་ནས་བུ་མོ་ཀླུ་མོ་མཚོ་ཡིས་ནངས་མོར།
- རྟ་རྒྱུགས་རྒྱལ་འཇོག་གི་ཉིན་མོར།
- བསང་ཞིག་ཕུད་ནས་མནོལ་གསང་ཞིག་བདུག་ནས།
- རྟ་རྐྱང་རྐྱང་ཞིག་ལ།
- མིག་ཕར་བལྟས་ཕྱིར་མི་ལོན་པ་དེ་འདྲའི་རྟ་རྐྱང་རྐྱང་ཞིག་ཏུ་གྱུར་ཡོད།
- ཁྱོད་ཞོན་ནས་རྒྱུགས་དང་རྒྱལ་ཁ་ལོན་ཐུབ་ཟེར།
- དེ་ནས་ཁོ་ཞོན་ནས་སོང་།
- རྒྱལ་བོ་དེ་ཚང་དང་མཉམ་དུ་རྟ་ཡི་འགྲན་སྡུར་བྱས།
- ཐང་ཆེན་ཞིག་ལ་དཀྱུས་གསུམ་བརྒྱབ་ནས་ཁོའི་རྗེས་ལ་རྡུལ་ཡང་མ་འདྲེས།
- ཡུལ་ལ་ཡོང་།
- ནངས་མོར་ཁྱེར་ནས་སོང་དང་།
- ཨ་མ་ཀླུ་མོ་རྒྱལ་དང་ཀླུ་མོ་རྒྱལ།
- ཁྱོད་ཀྱི་བུ་མོ་ཀླུ་མོ་མཚོ་ཡིས་བཤད་པ་ལ།
- ལྷ་རྟ་ཆུང་བ་འདི་ཡིན་ཟེར་ནས་ཕྱིར་ལ་བྱིན་ཟེར།
- ཡ་ཟེར་ནས་ཕྱིར་བྱིན།
- དེ་ནས་ཡང་རྒྱལ་བོ་ཐོན་བྱུང་།
- རྟ་རྒྱུགས་རྒྱལ་འཇོག་གིས་ཁྱོད་ཀྱིས་རྒྱལ་ཁ་བླངས་པ་ཡིན།
- ངེད་ཁ་གཉིས་ཀྱིས་གཡག་གི་ཐུག་བརྒྱབ་ནས་འགྲན་སྡུར་བྱེད།
- སུ་ཚང་གི་གཡག་ངར་ན་རྒྱལ་ཁབ་སུས་ལོན་ན་དེའི་ཡིན་ཟེར།
- ཁོ་ལ་གཡག་གཅིག་ཀྱང་མེད།
- ཅི་ཞིག་བྱེད།
- དེ་ནས་ཕྱིར་སོང་ནས་ཨ་ཡེ་ལ་དེ་ལྟར་བཤད།
- ཨ་ཁུ་རྒྱལ་བོ་ཡོང་ནས་དེ་ལྟར་བཤད་ཟེར།
- ཁྱོད་དེང་མ་ཞིག་ནས་རྒྱལ་བོ་ནང་དུ་མ་འབོད་ཟེར་ན་བོས།
- ཡང་ཁྱོད་མཚོ་ཁ་ཐུར་དུ་སོང་ལ།
- ཨ་མ་ཀླུ་མོ་རྒྱལ་དང་ཀླུ་མོ་རྒྱལ།
- ཁྱོད་བུ་མོ་ཀླུ་མོ་མཚོ་ཡིས་བཤད་པ་ལ།
- ལྷ་གཡག་ཆེ་བོ་མི་དགོས་འབྲིང་བོ་མི་དགོས།
- ཆུང་བ་དེ་བྱིན་ཟེར།
- ཁྱོད་གཡག་ཅིག་སྟེར།
- ཁྱོད་ཀྱིས་དེ་དེད་ནས་ཤོག་ཟེར།
- ཡང་ཡ་ཡ་ཟེར།
- ཡང་མཚོ་ཁ་ཐུར་དུ་རྒྱུགས་ནས།
- ཨ་མ་ཀླུ་མོ་རྒྱལ་དང་ཀླུ་མོ་རྒྱལ།
- ཨ་མས་ཨ་ཟེར།
- ཁྱོད་བུ་མོ་ཀླུ་མོ་མཚོ་ཡིས་བཤད་པ་ལ།
- ལྷ་གཡག་ཆེ་བོ་མི་དགོས་འབྲིང་བ་མི་དགོས།
- ཆུང་བ་བྱིན་ཟེར།
- ཡ་ཡ་ཟེར་ནས་གཡག་དཀར་པོ་ཞིག་ས་ཁར་ཕུད།
- མཚོ་ཁ་དེར་ཕུད།
- དེ་ནས་ཁོ་ཡིས་བལྟས་ནས་གཡག་དཀར་པོ་ཞིག་ཡིན།
- འདི་ཡིས་ཨ་ཁུ་རྒྱལ་བོ་ཚང་གི་ནོར་མང་པོ་ཞིག་གི་ནང་ནས།
- གཡག་ཅི་འདྲའི་བཟང་པོ་འབྲོང་འདྲ་བ་མེད་གི
- དེ་ཅི་ཞིག་བྱེད་ཟེར་ནས་སེམས་འཁུར་བྱས་ནས་དེད་ནས་ཡོང་།
- དེ་ནས་གཡག་གི་འགྲན་སྡུར་གྱི་ཉིན་མོར།
- བུ་མོ་ཀླུ་མོ་མཚོ་ཡིས་བསང་ཕུད་ནས།
- ལྷ་གཡག་དེར་མནོལ་བསང་བདུག་ནས།
- གཡག་དཀར་པོ་ཕར་བལྟས་ཕྱིར་མི་ལོན་པ་དེ་འདྲ་ཞིག
- བལྟ་ཡིས་མིག་གིས་མི་བཟོད་པ་དེ་འདྲའི་གཡག་ཅིག་ཏུ་གྱུར་བ་རེད།
- ཁྱོད་ཀྱིས་དེད་ནས་སོང་དང་རྒྱལ་ཁ་ལོན་ངེས་ཟེར།
- ཁོ་ཡིས་དེད་ནས་སོང་།
- རྒྱལ་པོ་ཚང་གི་ནོར་ཚོའི་གྲལ་ན།
- རྒྱལ་བོ་ཚང་གི་ལྷ་གཡག་གོང་གི་འབྲོང་འདྲ་བ་དག་ལ།
- ཐུག་རྒྱབ་དུས་རྒྱག་རྒྱུ་མེད་གི
- མ་ཐུབ་པ་རེད།
- ཨ་ཁུ་རྒྱལ་བོ་ཚང་གི་གཡག་རྣམས་ལམ་འདེད་ལུང་འདེད་བྱས་ནས།
- གཡག་དེད་ནས་ཕྱིར་ཡོང་།
- རྒྱལ་ཁ་བླངས་པ་ཡིན།
- དེ་ནས་ཕྱིར་ཡོང་ནས།
- ཁྱོད་ཕྱིར་སོང་ནས་ཨ་མ་ཀླུ་མོ་རྒྱལ་དང་ཀླུ་མོ་རྒྱལ།
- ཁྱོད་ཀྱི་བུ་མོ་ཀླུ་མོ་མཚོ་ཡིས་བཤད་པ་ལ།
- ལྷ་གཡག་འདི་ཡིན་ཟེར་ནས་ཕྱིར་བྱིན་ཟེར།
- ཡ་ཡ་ཟེར་ནས་ཁོས་དེ་ལྟར་དེད་ནས་སོང་སྟེ་བྱིན།
- དེ་ནས་ཡང་ཉིན་ཞིག་ལ་ཨ་ཁུ་རྒྱལ་བོ་ཐོན་བྱུང་།
- རྟ་རྒྱུགས་རྒྱལ་འཇོག་བྱས་ཏེ་འགྲན་སྡུར་བྱས་ནས།
- ཁྱོད་ཀྱིས་རྒྱལ་ཁ་བླངས་པ་ཡིན།
- གཡག་གི་ཐུག་བརྒྱབ་ནས་ཁྱོད་ཀྱིས་རྒྱལ་ཁ་བླངས་པ་ཡིན།
- ངེད་ཁ་གཉིས་ཀྱིས་རི་མགོར་གོས་བཏུམ་ནས་འགྲན་སྡུར་བྱེད།
- དེ་ལྟར་རྒྱལ་ཁ་སུས་ལོན་ན་དེ་ངོ་མ་ཡིན་ཟེར།
- ཡ་ཟེར།
- ཡ་མི་ཟེར་ལ་ཅི་ཞིག་ཟེར་བསམ་ནས་ཕྱིར་ཡོང་།
- དེ་ལྟར་ཨ་ཡེ་ལ་བཤད།
- ཨ་ཁུ་རྒྱལ་བོ་ཚང་གིས་བཤད་པ་ལ།
- རི་མགོ་གོས་ཀྱིས་བཏུམས་ནས་འགྲན་སྡུར་བྱེད་ཟེར།
- རྒྱལ་བོ་ལ་ཅི་ཞིག་ཡོད་གི་ཅི་ཞིག་མེད་གི
- ངེད་གཉིས་ཀྱིས་འགྲན་སྡུར་བྱས་ནས་ཐུབ་པ་མ་རེད།
- ཁྱོད་ལ་དེང་མ་ཞིག་ནས་རྒྱལ་བོའི་རི་ནང་དུ་མ་འབུད་ཟེར་ན་བཀོད་པ་མེད།
- ཡང་ཁྱོད་སོང་།
- ཡང་ཁྱོད་མཚོ་ཁ་ཐུར་དུ་སོང་།
- ཨ་མ་ཀླུ་མོ་རྒྱལ་དང་ཀླུ་མོ་རྒྱལ།
- ཁྱོད་ཀྱི་བུ་མོ་ཀླུ་མོ་མཚོ་ཡིས་བཤད་པ་ལ།
- གོས་སྒམ་ཆེ་བོ་མི་དགོས་འབྲིང་བ་མི་དགོས།
- ཆུང་བ་བྱིན་ཟེར།
- དེ་ལྟར་ཤོད་དང་ཁྱོད་ལ་སྒམ་ཞིག་སྟེར་ངེས།
- ཁྱོད་ཀྱིས་དེ་ཁྱེར་ནས།
- ཁྱོད་ཀྱིས་དེའི་ཁ་མ་ཕྱེ་ཟེར།
- ཡ་ཡ་ཟེར།
- སོང་ནས་ཨ་མ་ཀླུ་མོ་རྒྱལ་དང་ཀླུ་མོ་རྒྱལ།
- ཨ་མས་ཨ་ཟེར།
- ཁྱོད་ཀྱི་བུ་མོ་ཀླུ་མོ་མཚོ་ཡིས་བཤད་པ་ལ།
- གོས་སྒམ་ཆེ་བོ་མི་དགོས་འབྲིང་བོ་མི་དགོས།
- ཆུང་བ་དེ་བྱིན་ཟེར།
- དེ་ལྟར་བཤད་ནས།
- ཡ་ཡ་ཟེར་ནས་དེ་ལྟར་རྒྱུགས་ནས་སོང་སྟེ་སྒམ་ཞིག་ཁྱེར་ནས་ཡོང་།
- ཨ་རོད་ཁྱོད་ཀྱིས་འདིའི་ཁ་མ་ཕྱེ་ཟེར།
- ཡ་ཡ་ཟེར།
- དེ་ནས་ཡར་ལ་བཀྱགས་ནས་འདི་འདྲའི་སྒམ་ཆུང་ཆུང་ཞིག་གི་ནང་དུ།
- ཅི་ཞིག་ཡོད་པ་ལ།
- ཅི་འདྲའི་གོས་ཤིག་ཡོད་པ་ལ།
- ཅི་ཞིག་ཡོད་ཟེར་ནས་ཁ་ཕྱེ་ནས་བལྟ་འདོད་ནས།
- ཁ་ཕྱེ་དུས་གོས་ས་ཆ་གང་དུ་གཤིག་ནས་བུད་སོང་།
- བཤིག་ནས་འགྲོ་དུས་ཁོས་ཅི་ཞིག་བྱེད་པ་མ་ཤེས་པར་བསྡད་དུས།
- བུ་མོ་ཀླུ་མོ་མཚོ་རྒོད་ཐང་དཀར་ཞིག་གིས་སྤྲུལ་ནས།
- ནམ་མཁའ་ནས་གཤོག་པ་ཡིས་ལོག་ལོག་བྱས་ནས་ཕྱིར་སྒམ་ནང་དུ་བཅུག
- དེ་ནས་ཁོས་ཁྱེར་ནས་ཡོང་།
- ཨ་རོད་ཁྱོད་ཀྱིས་ཁ་མ་ཕྱེ་འམ་ཟེར།
- མ་ཕྱེ་ཟེར་ནས་རྫུན་བཤད་པ་རེད།
- ཕྱིའི་ནངས་མོར་འགྲན་སྡུར་གྱི་ཉིན་མོར།
- སྔོན་ལ་ཨ་ཁུ་རྒྱལ་བོ་ཚང་གིས་བཀབ་པ་རེད།
- སྒང་གི་རྐེད་པ་ལའང་མ་ཐོན་པ་རེད།
- དེ་ནས་ལོག་ལོག་བྱས།
- དེ་ནས་བུ་མོ་ཀླུ་མོ་མཚོ་ཡིས་སྒམ་ཁ་ཕྱེ་བ་རེད།
- ཁ་ཕྱེ་ནས།
- གོས་བཏང་ནས་རི་མགོར་གོས་ཀྱིས་བཀང་བ་མ་ཟད།
- ཐང་ལ་ཡང་བཤིག་ནས་འགྲོ་བ་རེད།
- རྒྱལ་བོ་ཚང་གིས་འགྲན་སྡུར་བྱས་ནས་མ་ཐུབ་པ་རེད།
- དེ་ནས་མོ་ཐང་དཀར་ཞིག་གིས་སྤྲུལ་ནས།
- གཤོག་པ་གཡུགས་ནས་ཕྱིར་གོས་སྒམ་ནང་དུ་བཅུག
- ཁྱེར་ནས་གཉིས་ཀ་ཡུལ་དུ་ཡོང་།
- ཡུལ་ལ་ཡོང་ནས།
- ཁྱོད་ཀྱི་འདི་ཁྱེར་ནས་སོང་དང་།
- ཨ་མ་ཀླུ་མོ་རྒྱལ་དང་ཀླུ་མོ་རྒྱལ་ཟེར་ནས་བོས་ལ།
- ཨ་མ་ཨ་ཟེར།
- གོས་སྒམ་འདི་ཡིན་ཟེར་ནས་བྱིན་རྗེས་བུད་ལ་ཤོག་ཟེར།
- ཡ་ཟེར།
- ཡང་སོང་ནས་ཨ་མ་ཀླུ་མོ་རྒྱལ་དང་ཀླུ་མོ་རྒྱལ།
- ཨ་མས་ཨ་ཟེར།
- ཁྱོད་ཀྱི་བུ་མོ་ཀླུ་མོ་མཚོ་ཡིས་གོས་སྒམ་འདི་ཡིན།
- ཕྱིར་བྱིན་པ་ཡིན།
- ཡ་ཡ་ཟེར་ནས་ཕྱིར་ཁྱེར་སོང་།
- ཕྱིར་ཡོང་ནས་བསྡད་ནས།
- ཁོ་ཡིས་ཨ་ཡེ་འདུག་ཏུ་མ་བཅུག
- ཁྱོད་ཉི་མ་བརྒྱ་བོར་ཡུལ་ནས་བསྡད་ནས་ཅི་ཞིག་ཡོད་གི
- ཁྱོད་ལྷ་གཡག་ཡོད་གི་ལྷ་རྟ་ཡོད་གི
- གོས་མང་གི
- ཁྱོད་དེ་ལས་གཞན་ཅི་ཞིག་ཡོད།
- དེ་ལས་གཞན་མོ་ལ་ཅི་ཡང་མེད་ཟེར།
- ཡོད་ནི་རེད།
- ཁྱོད་ཀྱི་ཨ་མའི་ལག་ཏུ་ཅི་ཞིག་ཡོད་ཟེར།
- ཁྱོདཀྱི་ཨ་མའི་ལག་ན་ཡོད་ནི་རེད།
- ཁྱོད་ལ་ནོམ་ཅི་ཞིག་ཡོད་ཟེར།
- དྲིས་ནས་འདུག་ཏུ་མ་བཅུག
- ཉིན་ཞིག་ལ་མོ་ལ་ཅི་ཡང་མེད།
- མོར་ཡོད་པ་ཞིག་ནི་གསེར་གྱི་པི་ཝང་ཞིག་དང་།
- གསེར་གྱི་གླིང་བུ་ཞིག་ཡོད།
- དེ་ལས་གཞན་མོ་ལ་ཅི་ཡང་མེད།
- འདི་ཁྱེར་ནས་མ་ཡོང་།
- དེ་ད་རུང་ཁྱེར་ནས་ཡོང་རན་ཞིག་ཡིན་ནི་མ་རེད་ཟེར།
- ཉིན་ཞིག་ཁྱེར་ཡོང་རན་དུས་ངས་ཁྱོད་ལ་བཤད་ཟེར།
- ཡ་ཡ་ཟེར།
- ཁོ་ལྐོག་ནས་རྒྱུགས།
- ཁ་རོག་རྒྱུགས་ནས་སོང་།
- ཨ་མ་ཀླུ་མོ་རྒྱལ་དང་ཀླུ་མོ་རྒྱལ་ཟེར་ནས་བོས།
- ཨ་ཟེར།
- ཁྱོད་ཀྱི་བུ་མོ་ཀླུ་མོ་མཚོ་ཡིས་བཤད་པ་ལ།
- མོའི་གསེར་གྱི་པི་ཝང་དང་གསེར་གྱི་གླིང་བུ་གཉིས་མོ་ལ་བྱིན་ཟེར།
- དེ་ནས་ཨ་མ་ངུས་ནས་ཧ་བོ།
- ངའི་བུ་མོ་དེ་ད་རུང་དེའི་ཚད་ལ་ཐོན་མེད།
- དེ་སྟེར་རན་མིན་མོད་ཁྱོད་ལ་བཀོད་པ་མེད།
- བྱིན་པ་རེད།
- གླིང་བུ་བུས་ནས་པི་ཝང་གཡུགས་ནས།
- ས་གཡུགས་རྡོ་གཡུགས་བྱས་ནས་ཡུལ་ལ་ཐོན།
- དེ་ནས་ཧ་བོ་དེ་ཁྱེར་ནས་མ་ཡོང་ཞེས་ངས་བཤད་ཡོད།
- དེ་ཁྱེར་ནས་ཡོང་རན་མིན།
- དེ་ཁྱེར་ནས་ཡོང་ན་ང་ལ་འདུག་ས་ཡོད་ནི་མ་རེད་ཟེར།
- དེ་ལྟར་བཤད་ནས་དེ་ནས་གསེར་གྱི་པི་ཝང་གཡུགས་ནས།
- གསེར་གྱི་གླིང་བུ་བུས་ནས་གསེར་གྱི་པི་ཝང་གཡུགས་ནས།
- མོ་ནམ་མཁའ་གྱེན་ལ་ལྷ་ཡུལ་ལ་བུད་སོང་།
- སོང་དུས་ཁོ་ངུས་ནས་རྗེས་ལ་རྒྱུགས་པས་རྗེས་མ་ཆོད་པ་རེད།
- དེ་འདྲ་ཞིག་རེད།