Video Overview
འདི་ནི་བུ་ཞིག་གིས་འབྲུག་གཅིག་བསྐྱབས་ཏེ་འབྲུག་དེས་ཀླུ་ཡུལ་དུ་དྲངས་ནས་ཀླུའི་སྲས་མོ་ཀླུ་མོ་མཚོ་ཆུང་མར་ཐོབ་པའི་གཏམ་རྒྱུད་ཅིག་ཡིན།
གཏམ་རྒྱུད་འདིའི་ནང་དུ་བུ་ཞིག་འབྲུག་དོང་དུ་ལྷུང་ནས་འབྲུག་ཅིག་བསྐྱབས་པ་དང་འབྲུག་དེ་ལ་ཞོན་ནས་་ས་ཁར་བུད། འབྲུག་དེ་ནི་ཀླུ་ཕྲུག་ཅིག་ཡིན་པས་ཁོ་ཀླུ་ཡུལ་དུ་གདན་འདྲེན་བྱས། ཀླུ་ཡུལ་ནས་ཕྱིར་འོངས་སྐབས་ཁོས་གཏང་རག་ལ་ཁྱི་མོ་དམར་ལུ་མ་བླངས། ཁྱི་མོ་དམར་ལུ་མ་ནི་དོན་དུ་ཀླུ་མོ་ཞིག་ཡིན་པས་ཁོའི་ཆུང་མ་བྱས། ཉིན་ཞིག་ཁོས་ཆུང་མ་རྒྱལ་པོ་ལ་བསྟན་པས་རྒྱལ་པོས་ཁོའི་ཆུང་མ་འཕྲོག་རྩིས་ཀྱིས་རྟ་རྒྱུག་གོས་བཏུམ་དགྲ་འདུལ་སོགས་ཀྱི་འགྲན་བཙུགས། དེ་ནས་ཁོ་ཀླུ་མོའི་མངགས་བཀོལ་ལྟར་མཚོ་ཁར་སོང་ནས་ཀླུ་སྒམ་དག་གཡར་ཏེ་རྒྱལ་འཁོར་ཚར་བཅད། མཐར་ཁོས་ཀླུ་མོ་མཚོ་ལ་ད་ཁྱོད་ལ་རིན་པོ་ཆེ་ཅི་ཞིག་ཡོད་ཅེས་ཡང་ཡང་དྲིས་ཤིང་ཀླུ་མོ་མཚོའི་གསེར་གྱི་གླིང་བུའང་གཡར་བས་ཀླུ་མོ་མཚོ་ཁོ་དང་ཁ་གྱེས་ནས་སོང་།
这则故事主要讲述了一位男孩救了一条龙,被邀去龙王宫做客并和龙王的女儿小龙女结为了夫妻。
这个故事主要讲述了一个男孩救了一条掉进洞里的龙。随后,他骑着那条龙飞回了地面。没想到被救的是个小龙王,男孩被邀请去龙王宫做客。回来时,他带回了一只红色的母狗作为酬谢。原来那只红色的母狗是小龙女,并做了他的妻子。有一天,他带着妻子去觐见国王。国王一眼就看上了他的妻子,并想抢走他的爱妻。于是,国王向他做出了各种挑战,赛马、用布匹围住群山打斗等。他遵照小龙女的嘱咐,走到海边向龙王借宝箱来击败了国王。随后,他一次又一次地问小龙女还剩下什么宝贝。最后,把龙女的金笛子也借走了,最终迫使龙女也离开了他。
The story of a boy who saves a naga and marries the daughter of the Naga King, but then loses her when he spends all his treasure.
- དཀོན་མཆོག་སྐྱིད།གནའ་ཞིག་ལ།
- བུ་ཞིག་ལྡོམ་ནས་སོང་ནི་རེད།
- ཁོ་ལྡོམ་ནས་སོང་སྟེ་འབྲུག་དོང་ཞིག་གི་ནང་དུ་ལྷུང་སོང་།
- ལྷུང་ནས་ཁོ་སད་དུས།
- ས་ཆ་གླིང་ཆུ་མེད་མི་མེད་ཞིག་ན་ཡོད་ནི་རེད།
- དེ་འདྲ་ཞིག་ལ་འཕངས་པ་ཡིན།
- དེ་ནས་ཁོ་ལྡོམ་ནས་སོང་སྟེ་ས་དམར་པོ་ཞིག
- མཁར་དམར་པོ་རྩེ་མོ་དགུང་ལ་མཉམ་པ་ཞིག་ལ་ཐུག
- ཁོ་དེར་སོང་ནས།
- ཁོ་དེ་ལྟར་སོང་ནས།
- མཁར་དེའི་ནང་དུ་སོང་ནས་བསྐོར་བ་བྱས།
- བར་ཞིག་ལ་འུར་སྒྲ་ཞིག་དང་ཞང་སྒྲ་གྲགས།
- ཁོ་སྐྲག་ནས་སེར་གས་བར་ལ་འཛུལ་ནས་བསྡད།
- སྲིན་མོ་ཞིག་ཐོན་སོང་།
- སྲིན་མོ་དེ་ཐོན་ནས།
- ཁོས་གྱང་གི་སེར་གས་བར་ནས་བལྟས་ནས་བསྡད་དུས།
- མི་ཤ་རློན་པ་ཟོས་མི་ཁྲག་རློན་པ་འཐུང་ནས་བསྡད་ཡོད།
- སྐྲག་ནས་ཁ་རོག་བསྡད།
- ནངས་མོར་ནམ་ལངས་དུས་བུད་སོང་།
- དེ་ནས་ཁོ་དེར་སོང་།
- ཁང་བ་གཅིག་ལས་གཅིག་རྒྱུད་ནས་སོང་།
- ལྡེ་མིག་ཟོག་གི་ལག་པ་འདྲ་བ་ཞིག་ཡོད་གི
- དེ་ནས་ཁོ་ཡིས་མ་ཐེག་པར་ཁྱེར་ནས་སྐོར་བ་བྱེད་དུས།
- ཁང་བ་སྒོ་ཁ་ལྕགས་ཀྱིས་དམ་ཅན་ཞིག་ལ།
- ཟྭ་ཆེན་པོ་ཞིག་བརྒྱབ་ཡོད།
- དེ་ནས་ཁོས་མ་ཐེག་པར་བླངས་ནས་བལྟས་དུས།
- འབྲུག་ཞིག་གི་རྐང་ལག་བཞི་བོ་གནམ་ལ་བཏགས་ནས།
- ལྕགས་ཀྱིས་འཛེར་མ་བརྒྱབ་ནས་གནམ་ལ་བཏག་ཡོད།
- དེ་ནས་ཁོས་དེ་མ་ལོན་པར་བླངས་དུས།
- འབྲུག་དེ་ཤི་ལ་ཉེ་མོད་ཤི་མེད།
- ཁོས་དེ་གཉོར་ནས་བསྡད།
- སྲིན་མོ་དེ་ནུབ་མོ་ཐོན་བྱུང་།
- ཁོ་གཉིས་སྦས་ནས་བསྡད།
- ཉིན་མོར་ནམ་ལངས་དུས་བུད་འགྲོ།
- དེ་ནས་འབྲུག་དེ་གཉོར་ནས་དྲག་སོང་།
- དྲག་ནས་ཁྱོད་འདི་ལ་ཅི་ལྟར་ཡོང་བ་ཡིན།
- ཁོ་དོང་ཞིག་གི་ནང་དུ་ལྷུང་ནས།
- ཁོ་ས་འདི་འདྲ་ཞིག་ལ་ཐོན་པ་ཡིན།
- ཁྱོད་འདིར་ཅི་ལྟར་ཡོང་བ་ཡིན་ཟེར།
- ཁོ་ཀླུ་རྒྱལ་གཙུག་ལ་རིན་ཆེན་གྱི་བུ་ཡིན་ལ།
- ཁོ་སྲིན་མོ་དེ་ཡིས་བཟུང་བ་ཡིན།
- བཟུང་བ་རེད།
- དེ་ན་ངེད་གཉིས་ས་ཁ་ལ་འགྲོ་ཐུབ་བྱེད་དགོས།
- ཁོས་ཁྱོད་ལ་ཕན་ཐོགས་དགོས་ནི་རེད།
- ངེད་གཉིས་ས་ཁར་ཅི་ལྟར་འགྲོ།
- ངེད་གཉིས་ལ་ཟས་ཁམ་གང་ལ་ཟ་རྒྱུ་མེད།
- ངེད་གཉིས་ས་ཁར་འགྲོ་ཐུབ་ནི་མ་རེད།
- ཁོ་འབྲུག་ལ་སྟོབས་ཤུགས་མེད་གི་ཟེར།
- དེར་ཅི་ཞིག་བྱེད་ཟེར།
- ཁྱོད་ཀྱིས་བྱེའུ་བརྒྱ་དང་བརྒྱད་ཉིན་གཅིག་ལ་གསོད་ཨེ་ཐུབ།
- གསོད་ཐུབ་ཟེར།
- དེ་ཡིན་ན་ཁྱོད་ཀྱིས་བྱེའུ་བརྒྱ་དང་བརྒྱད་སོད་དང་།
- དེ་མ་སོད་ན་ངེད་གཉིས་ས་ཁར་འགྲོ་ཐུབ་ནི་མ་རེད།
- བྱེའུ་བརྒྱ་དང་བརྒྱད་བསད་ནས་ཁྱོད་ཤོག་ཟེར།
- ཡ་ཟེར་ནས་ཉིན་གང་བོར་བྱེའུ་བསད་ནས།
- བྱེའུ་བརྒྱ་དང་བདུན་ལས་གསོད་མ་ཐུབ།
- ཕྱིར་ཡོང་ནས་ཁོས་རྫུན་བཤད་པ་རེད།
- ཁྱོད་ཀྱིས་བྱེའུ་བརྒྱ་དང་བརྒྱད་བསད་ཡོད་དམ་ཟེར།
- ཡོད་ཟེར།
- ཡོད་དམ་ཟེར་དུས་ཡོད་ཟེར།
- དེ་ན་ཁྱོད་ཁོར་ཞོན་དང་།
- ཞོན་རྗེས་ཁོ་གནམ་ལ་འཕུར་ཟེར།
- ཁོ་གྲགས་ནས་འཁོར་ཐེངས་རེ་ལ།
- ཁ་རེ་གདངས་ན་ཁྱོད་ཀྱིས་ངའི་ཁའི་ནང་དུ་བྱེའུ་རེ་འཕེན་ཟེར།
- དེ་ལྟར་བྱས་ན་བྱེའུ་བརྒྱ་དང་བརྒྱད་ཀྱི་ནང་ནས་ངེད་གཉིས་ས་ཁར་འབུད་ཡོད།
- ཡ་ཟེར།
- དེ་ནས་ཁོ་གནམ་ལ་འཕུར་དུས།
- འབྲུག་དེར་ཞོན་ནས་སོང་།
- འབྲུག་དེ་རེ་རེ་གྲགས་ནས་འཁོར་ཐེངས་རེ་ལ།
- ཁ་རེ་གདངས་ན་ཁ་ནང་དུ་བྱེའུ་རེ་འཕེན།
- བྱེའུ་བརྒྱ་དང་བདུན་པོ་འཕེན་ཚར་དུས།
- ས་ཁ་ལ་བུད་ལ་ཉེ།
- དེ་ནས་ཡང་ཞིག་གྲགས་ནས་ཁ་ཞིག་གདངས་དུས།
- ཁོ་ལ་འཕེན་རྒྱུ་མེད་པར།
- ཁོའི་ཉྭ་ཐོག་ཏུ་གྲི་གཙགས་བྱས་ནས།
- ཤ་ལོག་ཞིག་བཅད་དེ་ཁ་ནང་དུ་འཕེན་པ་ཡིན།
- འཕེན་རྗེས་ཁོ་གཉིས་ས་ཁར་བུད་མོད་།
- འབྲུག་དེ་དབུགས་ཆད་ནས་བསྡད།
- དེ་ནས་ཅུང་འགོར་ནས་འབྲུག་དེ་དབུགས་ཕྱིར་ཡོང་བ་ཡིན།
- དབུགས་ཡོང་ནས་ཁྱོད་ཀྱིས་ངའི་ཁ་ནང་དུ་ཅི་ཞིག་འཕངས་པ་ཡིན་ཟེར།
- ངས་ཁ་སང་ཁྱོད་ལ་རྫུན་བཤད་པ་ཡིན།
- བྱེའུ་བརྒྱ་དང་བདུན་མ་གཏོགས་གསོད་མ་ཐུབ།
- ང་ལ་ཁྱོད་ཀྱི་ཁ་ནང་དུ་འཕེན་རྒྱུ་མེད་པར།
- ཉྭ་ལོག་གི་ཤ་ལོག་ཅིག་བླངས་ནས་འཕེན་པ་ཡིན་ཟེར།
- དེ་འདྲ་ཞིག་ཡིན་པ་འདྲ།
- ཁྱོད་ཀྱིས་ངའི་སྒལ་དཀྱིལ་ལ་ཁུ་ཚུར་གྱིས་རྒྱོབ་ཟེར།
- སྒལ་དཀྱིལ་ལ་ཁུ་ཚུར་གྱིས་བརྒྱབ་ནས་འབྲུག་དེ་སྐྱུག་པ་རེད།
- བྱེའུ་ཐམས་ཅད་ནམ་མཁའ་ལ་འཕུར་སོང་།
- ཤ་ལོག་དེ་ཡང་བུད་སོང་།
- དེ་ནས་འབྲུག་དེས་བླངས་ནས་རྨ་ཁའི་ནང་དུ་བཞག་ནས་གཅིག་ཕུར་ཕུར་བྱས་དུས།
- ཕྱིར་སོས་པ་ཡིན།
- དེ་ནས་ངས་ཁྱོད་ལ་ཕན་ཞིག་ཐོགས་དགོས་པ་ཡིན།
- ངེད་གཉིས་ཀླུ་ཡུལ་ལ་འགྲོ་ཟེར།
- ངས་ཁྱོད་ལ་སྟོན་མོ་བྱེད་ཟེར།
- ཁོང་གི་ཀླུ་རྒྱལ་གཙུག་ལ་རིན་ཆེན་གྱིས་ཁྱོད་ཅི་དགོས་ཟེར།
- ཅི་ཞིག་དགོས་ཟེར་ན།
- ཁྱོད་ཀྱིས་དོ་མགོ་ཟླ་བ་ཁྲ་རིས་དང་།
- དོ་རྔ་ཁྱི་མོ་དམར་ལུ་མ་གཉིས་ཁོ་ལ་དགོས་ཞེས་ཤོད།
- དེ་ལས་ཁོ་ལ་ཅི་ཡང་མི་དགོས་ཟེར།
- ཁྱོད་ཀྱིས་དེ་གཉིས་ཁྱེར་ནས་སོང་ལ།
- དེའི་་གཞན་གྱི་ནོམ་ཞིག་ཁོང་ཚང་ལ་མེད་ཟེར།
- དོ་ཐོག་ཟླ་བ་ཁྲ་རིས་དེ་སྔས་འོག་ལ་བསྡུས་ནས།
- ཁྱོད་ཀྱིས་ཅི་ཞིག་ལ་སྨོན་ལམ་བཏབ་ན་དེ་ལ་ཐོན་ཐུབ།
- ཁྱོད་ས་གང་ལ་ཐོན་འདོད་ན་གཉིད་ལས་སད་ན་དེར་ཐོན་ཐུབ།
- ཡ་ཟེར།
- དེ་ནས་ཁྱོད་ཀྱིས་མིག་བཙུམ་ཟེར།
- མིག་བཙུམ་པ་རེད།
- ཉིན་ཞིག་ཨ་རོད་མིག་ཕྱེ་ཟེར།
- ཕྱེ་དུས་ཀླུ་ཡུལ་ལ་ཐོན་འདུག
- དེ་ནས་ཀླུ་རྒྱལ་གཙུག་ལ་རིན་ཆེན་ཚང་གི
- ཨ་མ་ལོ་ཉལ་དང་ཚེ་ཉལ་ཡིན།
- དེ་ལྟར་སེམས་སྡུག་བྱས་ནས་ཤི་ལ་ཉེ།
- ཀླུ་རྒྱལ་གཙུག་ལ་རིན་ཆེན་དེའི་བུ་དེ།
- བདུད་ཀྱིས་ཁྱེར་སོང་བས་སེམས་སྡུག་བྱས་ནས་བསྡད།
- དེ་ནས་ཐོན་ནས་དགའ་བ་རེད།
- ཉི་མ་བདུན་ལ་སྟོན་མོ་བྱས།
- ངའི་སྲོག་སྐྱོབ་ཀྱི་དྲིན་ཆེན་འདི་རེད།
- ཉི་མ་བདུན་ལ་སྟོན་མོ་བྱས།
- ཁྱོད་ལ་ཅི་ཞིག་དགོས།
- ཁྱོད་ལ་ཅི་ཞིག་དགོས།
- ཁྱོད་ལ་ཅི་ཞིག་དགོས་ཟེར།
- ཁོ་ཡིས་བལྟས་དུས།
- དོ་ཐོག་ན་ཟླ་བ་ཁྲ་རིས་ཡོད།
- དོ་རྔ་ནས་ཁྱི་མོ་ཞིག་ཉལ་ནས་བསྡད་ཡོད།
- ང་ལ་དོ་ཐོག་ཟླ་བ་ཁྲ་རིས་དང་།
- དོན་རྔ་ཁྱི་མོ་དམར་ལུ་མ་གཉིས་ལས་མི་དགོས་ཟེར།
- མི་དགོས་ཟེར་ནས་བསྡད།
- དེ་སྟེར་ཐུབ་པ་ཞིག་མིན་མོད།
- ཁྱོད་ལ་སྟེར་དགོས་ནི་རེད་ཟེར་ནས་བྱིན་པ་རེད།
- དེ་ནས་ཁོས་དེ་ཁྱེར་ནས་ས་ཁར་ཡོང་བ་ཡིན།
- ཁོ་སྒོ་ལ་བུད་ནས་ཁྱི་མོ་དེ་ལྟོགས་གི་ཡོད་པ་སྙམ་ནས།
- ཁ་གཏད་ནས་བསྡད་པས་མ་ཟོས་པ་རེད།
- དེ་ནས་ཁོ་དོ་ཐོག་ཟླ་བ་ཁྲ་རིས་འདི་སྔས་འོག་ཏུ་བཞག་ན།
- ཁྱོད་ཀྱིས་སྨོན་ལམ་ཅི་ཞིག་བཏབ་ན་དེ་ཐོབ་ཐུབ་ཟེར་བ་ལ།
- ཨེ་ཐོབ་གི་བལྟ་དང་ཟེར་ནས།
- དེ་ནས་སྔས་འོག་ཏུ་བཞག
- དེ་ནས་ཁོ་ཡིས་སྦྲ་གུར་གཞི་རྒན་ཞིག
- རྒྱུ་ནོར་ཚེ་གསུམ་ཡོད་པ་དེ་འདྲ་ཞིག་ཏུ་གྱུར་ཅིག
- སྨོན་ལམ་དེར་བརྒྱབ་ནས་ཁོ་གཉིད་སོང་།
- གཉིད་ནས་ཁོ་སད་དུས་སྦྲ་གུར་གཞི་རྒན་ཞིག་ཏུ་གྱུར་ནས།
- ཟས་རང་འགྲུབ་དང་གོས་རང་འགྲུབ་ཡིན་པ་ཞིག
- ཟླ་བ་དོ་ཐོག་ལ་བཞག་ནས།
- དོ་རྔ་ན་ཁྱི་མོ་ཉལ་ནས་བསྡད་ཡོད།
- ཁོ་ཡིས་བཟང་གི་འདོད་ནས་བསྡད།
- དེ་ནས་ཁོ་གང་སར་སོང་ནས་ཕྱིར་ཡོང་ན།
- ཟས་བཅུད་ཟ་མ་བཟོས་ནས།
- ཟས་རང་འགྲུབ་དང་གོས་རང་འགྲུབ་ཡིན།
- ཟ་རྐྱང་འཐུང་རྐྱང་བཟོས་ནས།
- ཉི་མ་བརྒྱ་བོ་ལ་དེ་ལྟར་བཞག་ཡོད་པ་ཞིག་ཡིན།
- འདི་ཅི་ཡིན་འདོད་ནས།
- ཉིན་ཞིག་ཁོ་ཕྱིར་བུད་སོང་ཚུལ་བྱས་ནས།
- ཕྱིར་ཡོང་སྟེ་ཁ་རོག་ལ་བལྟས་ནས་བསྡད་དུས།
- བསྡད་དུས་ཁྱི་མོ་དེ་ལངས་ནས།
- ཁྱི་པགས་ཕུད་ནས་དོ་ཐོག་ལ་བཞག
- དེ་ནས་བུ་མོ་ཡག་པོ་ཡག་པོ་ཞིག
- མིག་གིས་མི་བཟོད་པའི་བུ་མོ་ཞིག་ཡིན་ནི་རེད།
- སྐྲ་ནག་ཐམས་ཅད་ལ་གསེར་ཐུར་དངུལ་ཐུར་ཡིན་པ་དེ་འདྲ་ཞིག་ཡིན།
- ངོ་མ་བཟང་གི་རེད།
- མོར་བལྟས་ནས་བསྡད་དུས།
- ཡར་ནས་ཇ་བསྐོལ་ནས་ཟ་མ་བཟོས་ནས།
- དེ་ལྟར་སྡེར་ཁ་བསྒྲིགས་ནས།
- དེ་ལྟར་ཁྱི་པགས་དེ་གྱོན་ནས་ཕྱིར་དོ་རྔ་ནས་ཉལ་བ་རེད།
- དེ་ནས་ཡང་ཕྱི་ཉིན་ཁོ་ཕྱིར་བུད་སོང་ཚུལ་བྱས་ནས།
- སྲིབ་འོག་ནས་བསྡད།
- ཡང་ཁྱི་མོ་དེའི་དེ་ལྟར་ཁྱི་པགས་ཕུད།
- ཁོ་རྒྱུགས་ཐེངས་གཅིག་ལ་ཁྱི་པགས་དེ་ཐལ་ནང་དུ་བརྫངས།
- ཐ་ལ་བརྫངས་ནས།
- ཨོ་ཧ་ཧ་ལས་ངན་པོ།
- ངའི་ཁྱི་པགས་དེ་ད་རུང་ཕུད་རན་མིན་ལ།
- ཁྱོད་ཀྱིས་དེ་འདྲ་བྱས་པས་ཕྱིར་ཡོང་མེད།
- ཁྱོད་ཀྱིས་ཁོ་ལ་ཨ་ཡེ་འདི་འདྲ་ཞིག་ཡོད་པ་སུ་ལ་ཡང་མ་བཤད་ཟེར།
- ཡ་ཡ་མི་བཤད་ཟེར།
- ཉིན་ཞིག་ལ་ཞོལ་ན་རྒྱལ་བོ་བཙན་པོ་ཞིག་ཡོད།
- ཁོས་རྒྱལ་བོ་དེ་འུ་ཚང་གི་རུ་ནང་དུ་གཅིག་འབོད་དགོས།
- ཁོར་འདི་འདྲའི་ཁྱིམ་ཚང་ཞིག་ཡོད་པ་ཁོས་འདོད་པ་མ་རེད།
- ཁོའི་ཡན་ལ་ཅི་ཡང་མེད་འདོད་པ་རེད།
- ཨ་ལ་ཁྱོད་ཀྱིས་འབོད་ན་འབོད་ན་དེ་འབོད་པ་ལ།
- འདི་གཏན་ནས་མ་འབོད་ཟེར།
- ཨ་རོད་ཁྱོད་ཀྱིས་དེ་འབོད་ལ།
- དེ་མིན་ཟེར་ནས།
- དེ་ཟེར་ནས་ཁོ་ཁ་རོག་ལ་རྒྱུགས་ཏེ་སོང་ནས།
- རྒྱལ་བོའི་སྐུ་མདུན་ལ་སོང་།
- བལྟས་དུས།
- བུ་མོ་མཛེས་མ་དེས་གཅིག་བལྟས་དུས།
- རྒྱལ་བོ་ཁྲིད་ནས་ཡོང་བཞིན་ཡོད།
- མོ་ཡི་རྒད་པོས།
- ད་མ་འགྲིག་ཐལ་ཟེར་ནས།
- མོའི་ཡག་འདི་མཐོང་ན་རྒྱལ་བོ་ཚང་གིས་འཕྲོག་རྒྱུ་ཟེར།
- དེ་འདོད་ནས་མོ་ཡིས་ཧུར་བརྩོན་བྱས་ནས།
- དོ་རྔ་ནས་ཡག་དེ་རྐང་པའི་འོག་ཏུ་མནན་ནས་བསྡད།
- བསྡད་དུས་ཁྱི་མོ་ཡར་ལ་ལངས་ནས་ཇ་བསྐོལ།
- ཨ་ཁུ་རྒྱལ་བོ་ལ་ཇ་བླུད་ཟེར་ནས་བཀོད་པ་མེད་པ་རེད།