Video Overview
Pakri, age 72, gives a brief and general introduction on the art and varieties of smoke offering ceremonies in Zangkar Regions. For each, he gives a detailed explanation and exemples. Furthermore, he singles out the importance of what goods may be considered for smoke offering and which may not, emphasizing the need to offer pure goods. Moreover, depending on the deities, he gives suggestions on what to wear, what kind of offering goods to bring, and in what order the offering has to be made, particularly how to plead or talk to deities. In addition, he gives suggestions on how to introduce family members to the protector deities, and also to which protector deities women should make the smoke offerings.
ལོ་བདུན་ཅུ་དོན་གཉིས་ལ་སོན་པའི་འཕགས་རིས་ཀྱིས་བོད་པའི་བསང་མཆོད་ཀྱི་ཆོ་གའི་རིགས་དང་བསང་གསོལ་བྱེད་ཕྱོགས་སོགས་ནས་ངོ་སྤྲོད་མདོར་བསྡུས་ཤིག་བྱས་པ་དང་། ལྷག་པར་དུ་ཟངས་དཀར་ཡུལ་གྱི་བསང་གསོལ་བྱེད་སྟངས་དང་སྐུལ་བ་བྱེད་སྟངས་སོགས་ནས་རྒྱས་བཤད་དང་དེ་དག་ལ་རེ་རེར་བཞིན་དཔེ་མཚོན་བཞག་ནས་གསལ་འགྲེལ་བྱས་པར་མ་ཟད། ཁོང་གིས་བསང་མཆོད་བྱེད་དུས་བསང་རྫས་དང་ཆབ་སོགས་གཙང་མ་ཡིན་དགོས་པའི་སྐོར་དང། སྒོས་སུ་དངོས་པོ་གང་དག་བསང་རྫས་སུ་འཇོག་མི་ཉན་པའི་རིགས། ད་དུང་ཆོས་སྐྱོང་སྲུང་མ་དང་ཡུལ་ལྷ་གཞི་བདག་སོགས་གང་ལ་བསང་མཆོད་བྱེད་དུས། གོན་པ་གྱོན་སྟངས་དང་། བསང་རྫས་སྒྲིག་སྟངས་དང་དེའི་གོ་རིམ། བསང་མཆོད་བྱེད་དུས་སྐུལ་བ་བྱེད་སྟངས་སོགས་དམིགས་སུ་བཀར་ནས་འགྲེལ་བརྗོད་བྱས་པར་མ་ཟད། ཡུལ་ལྷ་གཞི་བདག་ལ་སོ་སོའི་མི་རྒྱུད་ངོ་སྤྲོད་དང་། བུད་མེད་ཚོས་ཡུལ་ལྷ་གཞི་བདག་གང་ལ་བསང་མཆོད་དང་སྐུལ་བ་བྱེད་སྟངས་སོགས་བཤད་སོང་།
七十二岁的帕日对藏族祭祀仪式和煨桑仪式等进行了简短的介绍。。然而,对于藏斯卡地区的焚香祭祀,他给出了非常详细的解释,并举例说明了每一种煨桑。他还指出了哪些商品被认为是供品,特别是哪些物品不能作为煨桑物。更重要的是,他强调了商品的纯度的重要性。 此外,根据护卫者或神灵,他会建议穿什么,带什么祭品,必须是什么顺序,特别是如何向护卫者和神灵恳求。他还提出了如何向护神介绍家人,以及妇女应该向哪些护神献煨桑等的建议。
- Zangkar
- འཕགས་པ་སྐྱབས།ལོ་བདུན་ཅུ་དོན་གཉིས་རེད།
- མིང་ལ་འཕགས་རིས་ཞེས་འབོད།
- འཕགས་རིས་མ་གཏོགས་མིང་གཞན་མེད།
- གཙོ་བོ་ཕལ་ལ་ཁྲིད་རྒྱུ་དེ་ཡིན་ནམ།
- གཙོ་བོ་རང་ཉིད་ལ་མཚོན་ན་ལོ་བདུན་ཅུ་དོན་གཉིས་ལ་ཐོན་ཡོད་ཀི།
- བོད་ཁ་བ་ཅན་དུ་གཅིག་ན་གཞི་བདག་ཅིག་ལ་མཆོད་ན།
- ཡུལ་ལྷ་གཞི་བདག་ཅིག་ལ་མཆོད་ན།
- ཆོས་སྐྱོང་ཞིག་ལ་མཆོད་ན།
- མཆོད་ཚུལ་ལ་རྣམ་པ་མང་པོ་ཡོད་པ་རེད།
- གཅིག་ཅི་རེད་ཟེར་ན་ང་ཚོའི་མཆོད་ཚུལ་ཞིག་གི་ཐད་ལ།
- གཅིག་ན་ནང་གིས་དཀར་པོ་གོན་རྒྱུ།
- བོད་གོས་གོན་རྒྱུ།
- དེ་ནས་ད་དུང་ཧེད་ར་གོན་རྒྱུ།
- ཞྭ་མོ་ཡིན་ན་ཕྱིང་ཞྭ་གོན་རྒྱུ།
- གཙོ་བོ་རྣམས་སྟབས་བདེ་ངང་བཤད་ན་དེ་དག་དགོས་པ་རེད།
- དེ་དག་ཡོད་རྗེས་ད་དུང་བསང་ཤུག་གི་མི་ཚད།
- བསང་ཤུག་ཡིན་ན་ཉུང་ཉུང་ཞིག་གིས་འདང་བ་མ་རེད།
- བསང་ཤུག་མང་པོ་དགོས་པ་རེད།
- བསང་རྩི་ལ་བསང་མར་རིལ་བུ་གང་ཡིན་རུང་དགོས་པ་རེད།
- དེ་དག་མེད་པར་ཡུལ་ལྷ་གཞི་བདག་དང་ཆོས་སྐྱོང་ཞིག་ལ་འབོད་དགོས་ན།
- དཀའ་མོ་ཞིག་ཡིན་པ་རེད།
- དེ་ལ་གཙོ་བོ་སྟེ་འབོད་སྤྱད་གཙོ་བོ།
- གཅིག་ན་ང་ཚོས་གསེར་ཆབ་ཟེར་ན།
- ཇ་སྐོལ་ནས་ནང་དུ་མར་འཕངས་ནས།
- དེ་ནས་ཡར་ལ་གསེར་ཆབ་མཆོད་དགོས་པ་རེད།
- བསང་ཞིག་ཕུད་བྱུང་ཟེར་དུས།
- གཙོ་བོ་བསང་ཤུག་དེ་ཡར་ལ་བཞག་ནས།
- དེ་རིམ་པ་ལྟར་དུ་འཇོག་རྒྱུ་ཡོད་པ་རེད་མ་གཏོགས།
- བསང་ཤུག་ཡིན་ན་ང་ཚོས་ཤུག་པ་ཡི་མགོར་རྔ་བརྗེ་ཆོག་པ་མ་རེད།
- ཤུག་པ་དེ་རིམ་བཞིན་དུ་ཡར་ལ་པོག་པོག་བྱས་ནས་བཞག་སྟེ།
- མགོ་རྔ་མ་བརྗེ་བར་ཞིབ་མོར་བཞག
- དེའི་ཐོག་ལ་བསང་རྩི་དེ་གཏོར།
- དེའི་འཕྲོར་དར་སྣ་ཡིན་ན་འདྲ།
- གོས་སྣ་ཡིན་ན་འདྲ།
- དེ་གཙོ་བོར་ནང་དུ་བཞག་ནས་ཆབ་བརྒྱབ་སྟེ་བསང་མཆོད་བྱེད་པ་རེད་མ་གཏོགས།
- བསང་མཆོད་ནི་རང་བཞིན་གྱི་དེ་འདྲ་སླ་མོ་ཞིག་ཡིན་པ་མ་རེད།
- དེ་ནས་ངས་རང་གི་གཞི་བདག་དེར་མཆོད་ཚུལ་གྱི་སྟེང་ནས།
- ཆོས་སྐྱོང་སྲུང་མར་མཆོད་ཚུལ་དེ་ངས་གཅིག་བཤད།
- ཨཱོཾ་ཨ་ཧཱུྃ། ཨཱོཾ་ཨ་ཧཱུྃ། རཾ་ཡཾ་ཁཾ།
- ཨཱོཾ་ཨ་ཧཱུྃ། རཾ་ཡཾ་ཁཾ།
- ཨཱོཾ་ཨ་ཧཱུྃ། རཾ་ཡཾ་ཁཾ།
- དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ།
- ཡུལ་ལྷ་གཞི་བདག་ནོར་ལྷ་གཏེར་བདག
- དེ་རིང་བསང་མཆོད་རྒྱ་ཆེན་པོ་བྱས་ཏེ་བསྟོད་པ་ཡིན།
- ཁང་དམར་མགོན་པོ་ཐུགས་རྗེ་ཅན།
- མགོན་པོ་ཕྱག་དྲུག་བ་མགོན་ཆེན་ཡིད་བཞིན་ནོར་བུ།
- གསུང་གི་མགོན་པོ་ཐུགས་ཀྱི་མགོན་པོ།
- འཕྲིན་ལས་ཀྱི་མགོན་པོ།
- མགོན་ཆེན་ཡིད་བཞིན་ནོར་བུ།
- དེ་རིང་ནས་བཟུང་ཁ་འཛིན་ཉན་པ་དང་རྡུང་རོགས་བྱེད་རྒྱུ།
- དཔའ་ཡ་བྱེད་རྒྱུ་དང་དཔུང་རོགས་བྱེད་རྒྱུ།
- ཟུར་ནས་འཐེན་རྒྱུ་འདབས་ནས་སྐྱོར་རྒྱུ།
- འདབས་ནས་སྐྱོར་རྒྱུ།
- ཆོས་སྐྱོང་སྲུང་མ།
- ཁྱེད་ཀྱི་ཐུགས་ལ་གཅིག་འཛིན་དགོས།
- ས་བཅུ་བ་ཐོབ་པའི་ཨ་མྱེས་རྨ་ཆེན།
- ཡུལ་ལྷ་མྱུར་ཟློག་ཅན།
- ཡུལ་ལྷ་དྲག་སར་ཅན།
- འཛམ་པོ་གླིང་གི་གཞི་བདག
- རང་བོད་ཁ་བ་ཅན་གྱི་གཞི་བདག་འདི།
- འདི་ཨ་མྱེས་རྨ་ཆེན།
- ཡུལ་ལྷ་མྱུར་ཟློག་ཅན།
- ཁ་འཛིན་ཉན་རྒྱུ་དང་རྡུང་རོགས་བྱེད་རྒྱུ།
- དཔའ་ཡ་བྱེད་རྒྱུ་དང་དཔུང་རོགས་བྱེད་རྒྱུ།
- ཟུར་ནས་འཐེན་རྒྱུ་དང་འདབས་ནས་སྐྱོར་རྒྱུ།
- མ་ཤེས་པ་ཁྲིད་པ་དང་མ་གོ་བ་བཤད་རྒྱུ།
- འདི་ལ་དེ་རིང་གི་བསང་མཆོད་རྒྱ་ཆེན་པོ་ཁྱེད་ལ་མཆོད་པ་དང་བསྟོད་པ་ཡིན།
- ཐང་ལོང་ར་རྩལ་དཔའ་བོ་དགྲ་འདུལ།
- ཐང་ལོང་གཡུ་ངོགས།
- ཡུལ་ལྷ་མྱུར་ཟློག་ཅན་པོ།
- རང་གི་ཡུལ་ལྷ་ཕ་མ་འདྲ་བོ།
- དེ་རིང་བསང་མཆོད་རྒྱ་ཆེན་པོ་ཁྱེད་ལ་མཆོད་པ་དང་བསྟོད་པ་ཡིན།
- དགྲ་བོ་དམིགས་མགོར་འདུག་རྒྱུ།
- རང་མགོར་ཉི་མ་ཤར་རྒྱུ།
- རང་རང་གིས་བསམ་པའི་དོན་འགྲུབ་རྒྱུ།
- དེ་དངོས་གྲུབ་ཅིག་ཡིན་ན་དེ་སྟེར་རྒྱུ།
- རི་རབ་འབབ་འབབ་བྱེད་རྒྱུ།
- རྒྱ་མཆོད་འཁྱིལ་འཁྱིལ་བྱེད་རྒྱུ།
- འདི་ལ་དེ་རིང་གི་བསང་མཆོད་རྒྱ་ཆེན་པོ་མཆོད་པ་ཡིན།
- ཨཱོཾ་ཨ་ཧཱུྃ། རཾ་ཡཾ་ཁཾ། ཨཱོཾ་ཨ་ཧཱུྃ། རཾ་ཡཾ་ཁཾ།
- རགས་ཁྲོམ་དལ་དཀར་སྤུན་གསུམ།
- རགས་ཁྲོམ་བཀྲ་ཤིས་རྒྱལ་བོ
- རགས་ཁྲོམ་འོད་ཟེར་འབར་མ།
- རགས་ཁྲོམ་བཀྲ་ཤིས་རྒྱལ་མཚན།
- ཡུལ་ལྷ་མྱུར་ཟློག་ཅན་པོ།
- ཡུལ་ལྷ་དྲག་སར་ཅན་པོ།
- དེ་རིང་གི་བསང་མཆོད་རྒྱ་ཆེན་པོ་ངས་ཁྱེད་ལ་མཆོད།
- ཁྱེད་ལ་བསྟོད།
- སངས་རྒྱས་ཀྱི་བསྟན་པ་དར་རྒྱུ།
- སེམས་ཅན་ལ་དགེ་བཅུ་འཛོམས་རྒྱུ།
- བོད་ཁ་བ་ཅན་ལ་ཁ་ལས་དགེ་རྒྱུ།
- རླུང་རྟ་དར་རྒྱུ།
- བྱ་བ་ལམ་ལ་འགྲོ་རྒྱུ།
- འདོད་པ་ལག་ལ་ཡོང་རྒྱུ།
- ཟུར་ནས་འཐེན་རྒྱུ་དང་འདབས་ནས་སྐྱོར་རྒྱུ།
- བྱ་བ་ལམ་ལ་འགྲོ་རྒྱུ།
- དེ་རིང་གི་བསང་མཆོད་རྒྱ་ཆེན་པོ་ཁྱེད་ལ་མཆོད།
- ཁྱེད་ལ་བསྟོད་པ་ཡིན།
- ས་འདི་ཡི་ཡུལ་ལྷ་གཞི་བདག
- ས་འདི་ཡི་ནོར་ལྷ་གཏེར་བདག
- དེ་རིང་གི་བསང་མཆོད་རྒྱ་ཆེན་པོ་ཁྱེད་ལ་མཆོད།
- ཁྱེད་ལ་བསྟོད་པ་ཡིན།
- མ་རིག་པ་སྟོན་རྒྱུ།
- མ་གོ་བ་བཤད་རྒྱུ།
- ཁ་འཛིན་རྡུང་གྲོགས།
- དཔའ་ཡ་དཔུང་རོགས་བྱེད་རྒྱུ།
- དུས་ཉི་མ་ནམ་ཞིག་ཡིན་ན།
- ངས་ཁོ་ལ་ཁ་མི་དལ་བར་འབོད་དགོས།
- ལག་མི་དལ་བར་མཆོད་དགོས།
- འདི་ལ་འབྲས་བུ་དང་དངོས་གྲུབ་ཅིག་སྟེར་རྒྱུ།
- འདི་ལ་རི་རབ་བརྗིད་ཆགས་ཤིག་དང་རྒྱ་མཚོ་འཁྱིལ་འཁྱུལ་ཞིག
- འདི་ལ་དངོས་གྲུབ་ཅིག་སྟེར་རྒྱུ།
- དེ་རིང་གི་བསང་མཆོད་རྒྱ་ཆེན་པོ་ཁྱེད་ལ་མཆོད་པ་ཡིན།
- ཁྱེད་ལ་བསྟོད་པ་ཡིན།
- ས་འདི་ཡི་ཡུལ་ལྷ་གཞི་བདག
- ས་འདི་ཡི་ནོར་ལྷ་གཏེར་བདག
- དེ་རིང་གི་བསང་མཆོད་རྒྱ་ཆེན་པོ་ཁྱེད་ལ་མཆོད་པ་ཡིན།
- ཁྱེད་ལ་བསྟོད་པ་ཡིན།
- ཨཱོཾ་ཨ་ཧཱུྃ། རཾ་ཡཾ་ཁཾ། ལྷ་རྒྱལ་ལོ།
- རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ།
- འདི་ཟེར་དུས་རང་གི་ཡུལ་ལྷ་དང་རང་གི་ཆོས་སྐྱོང་ལ།
- དེ་དག་གཙོ་བོ་བྱས་ནས།
- ས་བཅུ་བ་ཐོབ་པའི་སངས་རྒྱས།
- ཨ་མྱེས་རྨ་ཆེན།
- འདི་དག་གཙོ་བོ་བྱས་ནས་མཆོད་དགོས།
- སྣ་དལ་ཡོད་པ་མ་རེད།
- མི་རབས་ནས་མི་རབས།
- མི་རབས་སྟོང་ཚོ་ཀྱང་འགོར་ཡོད་པ་རེད།
- འགོར་ཡོད་མོད་གཙོ་བོ་སྔོན་ལ་འབོད་རྒྱུ་ནི་ཨ་མྱེས་རྨ་ཆེན་རེད།
- དེའི་འཕྲོར་ང་ཚོ་རང་རང་གི་ཆོས་སྐྱོང་སྲུང་མ།
- འདི་ལ་འབོད་དགོས་པ་རེད།
- དེ་ནས་རང་གི་ས་ཆ་ནས་གཞི་བདག་གང་ཞིག་ཡིན་ན།
- རང་གི་སྐྱེས་ལྷ་ཡུལ་ལྷ་ཟེར་བ་ཞིག་ཡོད།
- སྐྱེས་ལྷ་ཡུལ་ལྷ་ལ་མཆོད་ན།
- ས་གང་དུ་སོང་ན་སྐྱེས་ལྷ་ཡུལ་ལྷ་ཡིས་གྲོགས་མི་བྱེད་པ་གཏན་ནས་དཔེ་མེད།
- ནམ་ཡིན་རུང་རང་གི་སྐྱེས་ལྷ་ཡུལ་ལྷ་དེ་བརྗེད་ཉན་པ་མ་རེད།
- དེ་ཤེས་དགོས་པ་ཞིག་རེད།
- རང་རང་གི་དྲིན་ཆེན་ཕ་མ་ཡིན་ན།
- ས་གང་ནས་སྐྱེས་ན་གཞི་བདག་གང་ཡིན་ན།
- གཞི་བདག་གམ་རང་གི་སྐྱེས་ལྷ་དེ།
- སྐྱེས་ཕོ་མོ་ལ་ཁྱེད་མེད།
- བུ་མོ་ཡིན་ན་འདྲ་སྐྱེས་པ་ཡིན་ན་འདྲ།
- སུ་ཞིག་ཡིན་ན་སྐྱེས་ལྷ་དེར་ཧ་ཅང་མཆོད་དགོས་པ་རེད།
- ང་ཚོར་གྲོགས་བྱེད་པ་ཞིག་རེད།
- དེ་མིན་རང་བཞིན་གྱིས་གང་ཡིན་ན།
- ཁོ་ཚོས་གྲོགས་ལོས་བྱེད།
- ནང་ཁུལ་ཏག་ཏག་བཤད་ན།
- རྔ་བའི་སྔོན་མའི་རང་གི་སྐྱེས་ལྷ་དེ།
- ས་གང་ན་ཡོད་ན་གང་ནས་མཆོད་ན།
- དེར་ཐོན་སྲིད་པ་རེད།
- སྔོན་གྱི་ལོ་རྒྱུས་བཤད་ན།
- དེ་འདྲ་ཞིག་རེད།
- ད་དུང་མི་ཤེས་པ་ནི་བསང་མཆོད་ཅིག་བྱེད་དགོས་ན།
- གཞི་བདག་ཡིན་ན་ཆོས་སྐྱོང་ཡིན་ན།
- ཡར་ལ་མཆོད་ས་ཅིག་ལ།
- མཆོད་བསམ་རུང་འབོད་ས་དེར་མ་བོས་ན།
- རང་བཞིན་གྱི་བསང་ཞིག་ཡར་ལ་ཕུད་པ་ལས།
- བོས་ན་གྲོགས་ཤིག་བྱེད་པ་ལས།
- མིང་བཟུང་སྐལ་བཟུང་བྱས་ཚེ།
- གཞི་བདག་འདི་མི་འདྲ་ཞིག་རེད།
- རང་བཞིན་ཞིག་མ་རེད།
- [གསལ་བོ་མིན་པ།]
- བོས་ཚེ་མི་ཨ་ན་མ་ན་རེད།
- བོས་ཚེ་མི་ཐོན་པ་མེད།
- ས་གང་ནས་བོས་ན་གང་ན་མི་ཐོན་པའི་གཞི་བདག་ཅིག་མེད།
- ཕྱི་མ་ལ་ཕན་ཐོགས་པ།
- མཁྱེན་པ་ཡོད་ཟེར་བ་འདྲ།
- མཁྱེན་པ་ཡོད་པ་མ་རེད།
- བོས་བྱུང་ཟེར་དུས་ཡོང་ཤག་ཤག་རེད།
- རང་རང་གི་གྲོགས་བྱས་ནས།
- གཞི་བདག་གང་ངར་ན་གང་རེད།
- གཙོ་ཕར་ཚུར་གང་ཡིན་ནའང་གཞི་བདག་ལ་མཆོད་མཁན་མང་བ་རེད།
- གཞི་བདག་ལ་ཡང་ཕན་ཚུན་ལ་འགྲིག་མི་འགྲིག
- དེ་འདྲ་ཧ་ཅང་མང་བ་རེད།
- གཞི་བདག་གང་བཙན་ན་དེས་རྒྱལ་ཁ་མི་སྤྲོད་པ་མེད།
- ང་ཚོས་འཛིང་རེས་འདྲ་བྱས་ན།
- བསང་མཆོད་གྲལ་ན་ཡོད་པ་རེད།
- ཡོད་ན་དེར་གྲོགས་བྱེད་པ་རེད།
- དེ་མིན་གཞན་རྐུན་མ་ལ་སོགས་པས་ཀྱང་གཞི་བདག་ལ་མི་མཆོད་པ་མེད།
- མཆོད་ཚེ་རྐུན་མ་ཡིན་རུང་གཞི་བདག་གིས།
- སུས་བོས་ན་སུ་རེད།
- དེར་གྲོགས་བྱེད་པ་རེད།
- དེ་མིན་ཆོས་སྐྱོང་སྲུང་མ་དང་ལྷ་ཡི་ཤེས་བ་ཞིག་གིས།
- ཏག་ཏག་བཤད་ན་ཁྱེད་ཀྱིས་བོས་ན།
- མི་གཙང་བ་ཞིག་དང་མི་ལེགས་པ་ཞིག་ལས་ན།
- ཁྱོད་ལ་གྲོགས་བྱེད་པ་མ་རེད།
- གཞི་བདག་ཅིག་ཡིན་ན་མི་ཨ་ན་མ་ན་རེད།
- བོས་ན་ཨ་ན་མ་ན་རེད།
- [གསལ་བོ་མིན་པ།]
- དེ་ལ་མཆོད་ཚུལ་གཅིག་ན་གཙང་དགོས་པ་རེད།
- མ་གཙང་ན་ཁྱེད་ལ་ཚུར་རྟགས་བསྟན་ནས།
- ཁྱེད་ལ་མི་ལ་ན་ཚ་བྱུང་རྒྱུ་འདྲ།
- ཡང་ན་ཁྱེད་ཀྱི་བྱ་བ་ལམ་ལ་མི་འགྲོ་བ་འདྲ།
- ཚུར་ལ་འཁོར་བ་རེད་མ་གཏོགས།
- ཁྱེད་ལ་གྲོགས་མི་བྱེད་པ་མིན།
- ང་ཚོས་བསང་ཕུད་དུས་བསང་རྩི་ཡིན་ན་ཏག་ཏག་གཙང་མ་བྱས།
- ཟ་མ་ཡིན་ན་གཙང་མ་བྱས།
- དེའི་རླུང་རྟ་དང་དཔུང་རྒྱན་ལ་སོགས།
- ཅི་ཞིག་གི་ཐད་ཡིན་ན་ཏག་ཏག་གཙང་དགོས་པ་རེད།
- ཤ་ལ་ཐུག་ཉན་པ་མ་རེད།
- མི་རུང་བ་ཞིག་ལ་ཤ་ལ་ཐུག་མི་ཉན།
- དེའི་འཕྲོར་ང་ཚོའི་ས་ཆའི་གཞི་བདག་ཅིག་ཡིན་ན།
- དུ་བ་མི་རུང་ལ་ཆང་ཡང་མི་རུང་།
- ཆང་དང་དུ་བ།
- ཤ་ཡོད་ཚེ།
- ཁྱེད་ཀྱིས་མཆོད་པ་ལམ་ལ་འགྲོ་བ་མ་རེད།
- ཁྱེད་ལ་ཚུར་ཅིག་མི་ཡོང་བ་ཞིག་མེད་ན།
- ཁྱེད་ལ་བཟང་བ་མ་རེད།
- དེ་ཡང་གཞི་བདག་ཅིག་ཡིན་ན་དེ་ལྟར་བྱེད་པ་རེད།
- གཙང་དགོས་པའི་རྒྱུ་མཚན་དེ་རེད།
- ང་ཚོའི་ས་ཆ་གང་ཡིན་ན་བླ་མ་སུ་ཡིན་རུང་།
- གཅིག་ན་ལབ་ཙེ་གཏོད་དུས།
- གཅིག་ན་ཁ་རྒྱག་མི་བཤད།
- ལ་ལས་ཁ་རྒྱག་བཤད་པ་རེད།
- ཅིག་དང་མིག་ཅེས་ཁ་རྒྱག་བཤད་ནས།
- ཁ་རྒྱག་བཤད་ན་ཁ་རྒྱག་གི་སར་མི་འགྲོ་བ་རེད།
- དངོས་སུ་ཁྱེད་ཀྱིས་མ་རིག་པ་མ་གཏོགས།
- འདི་ལྟར་རྩིབ་ན་ཁྱེད་ལ་བལྟས་ནས་བསྡད་ཡོད་པ་རེད།
- བལྟས་ནས་བསྡད་ཡོད་དུས་ཁྱེད་ཀྱིས་ཅིག་ལ་ཁ་རྒྱག་བཤད་ན།
- ཁྱེད་ལ་ངན་པ་ཡོང་རྒྱུ་རེད་མ་གཏོགས།
- ཁྱེད་ལ་བཟང་བ་ཡོང་བ་མ་རེད།
- གཏན་ནས་ཁ་རྒྱག་མི་བྱེད།
- ང་ཚོ་བསང་མཆོད་ཅིག་ལ་འགྲོ་ཁ་བྱེད།
- ཚང་མའི་གྲལ་དུ།
- འདི་བཞག་ཚེ་མི་འགྲིག་ཅེས།
- ཡང་ཁ་ཙེ་བཤད་པ་དང་ཁ་ངན་གྲག
- དེའི་རིགས་ང་ཚོ་མི་དང་ཨ་ན་མ་ན་ཡིན་པས་རྣ་ཡིས་གོ།
- ཨ་ན་མ་ན་གོ
- དེ་འདྲ་མི་ལེགས་ས་གང་མང་ཡོད་པ་རེད།
- བསང་ཞིག་ཕུད་ན།
- རང་བཞིན་གྱི་བསང་ཞིག་ཕུད་ན།
- གང་ལྟར་བསང་བཤད་མི་ཤེས་མཁན་ཡང་ཡོད་མོད།
- ཁ་ནས་བཤད་པ་མི་ལེགས་པའམ་ཚིག་ལོག་འདྲ།
- འདྲ་མི་འདྲ་ཡི་ཁ་ལོག་མ་བརྒྱབ་པར།
- རང་བཞིན་གྱིས་ཡར་ལ་མཆོད་བཞག་ན།
- ཁྱེད་ཀྱིས་མཆོད་ས་འགྲོ་བ་རེད།
- དེ་མིན་མཁས་པ་འདྲ་མི་འདྲ་ཡོད་པ་རེད།
- མཁས་པ་རྣམས་ཀྱིས་འདྲ་མི་འདྲ་བྱས་རུང་།
- དོན་དག་སྟེ་ཁྱེད་ཀྱི་སེམས་ཀྱི་གཏིང་གི།
- མཆོད་པ་གཅིག་མེད་ཚེ།
- ཁྱེད་ལ་ཚུར་དངོས་གྲུབ་ཅིག་དང་རོགས་ཤིག་མེད།
- ཡག་པོ་བྱས་ཚེ་ཁྱེད་ལ་དངོས་གྲུབ་ཀྱང་སྟེར་བ་རེད།
- དངོས་གྲུབ་རི་རབ་འདྲ་ཞིག་བརྩེགས་རྒྱུ།
- རྒྱ་མཚོ་འདྲ་ཞིག་འཁྱིལ་རྒྱུ་ཟེར་བ་དེ་ཅི་རེད་ཟེར་ན།
- འཇིག་རྟེན་འདིར་རྒྱུ་ལོངས་སྤྱོད་ཀྱི་མགོར་འབུད་པ།
- དེར་འབུད་སྤྱད་ཀྱི་དམིགས་ཡུལ་སྒོར་མོ་ཡིན་ན།
- ཟོག་དང་བྱ་བ་གང་ཞིག་ཡིན་ན།
- མི་ཡིན་ན་གང་ཞིག་ཡིན་ན།
- འདི་ཧ་ཅང་ལམ་ལ་འགྲོ་སྤྱད་དེ།
- གཞི་བདག་གིས་དངོས་གྲུབ་ཚུར་ལ་སྟེར་དགོས་པ་རེད།
- དེ་སྟེར་དུས་ལམ་ལ་འགྲོ་བ་རེད།
- དེ་མ་གཏོགས་གཙོ་བོ་ངས་འདིའི་སྔོན་ལ་བཤད་པ།
- ངས་རང་གི་ཆོས་སྐྱོང་སྲུང་མ་དང་མགོན་པོ་དེར་འབོད་དགོས་སྤྱད་ཀྱི་རྩ་བ་དེ་རེད།
- གཙོ་བོ་དེ་རེད།
- གཞི་བདག་གི་ཁར་ཉན་ནས་དེ་ལྟར་བྱས་ན།
- འཇིག་རྟེན་འདིར།
- ལོ་ལོན་ཕལ་ཆེར་བསང་མཆོད་འདྲ་མ་བྱས་ན།
- ཤི་རུ་འཇུག་པ་མ་རེད།
- ཤི་མི་ཐུབ་པ་རེད།
- གཏན་ནས།
- ཁྱེད་རང་ཤི་ལ་ཁད་དང་ཤི་སོང་ན་བཟང་བསམ་རུང་།
- ཡིང་ཡང་གཞི་བདག་གིས་ད་དུང་ཁྱེད་རང་དགོས་བསམ་ནས།
- ཤི་རུ་མི་འཇིག་པར་བྱེད་ཐུབ།
- དེ་ལྟར་བཟུང་ནས་འདུག་རྒྱུ་ཡོད་པ་རེད།
- དེ་ལྟར་ཡིན་ཚེ་བླ་མ་ཡིན་ན་སུ་ཞིག་ཡིན་རུང་།
- སྐྱེས་ལྷ་ཡིན་ན།
- གཞི་བདག་དེར་བསང་ཞིག་ཕུད་དང་ཟེར་བ་འདྲ།
- བསང་མཆོད་བྱོས་ཟེར་བ་འདྲ།
- དེ་འདྲ་གང་མང་ཡོད་ཀི།
- དེ་ལྟར་བྱས་ཚེ་མངགས་འཇོག་པ་ཕལ་ཆེར་ཡོད།
- བར་མ་ཡིན་ན་ང་ཚོས་མི་གསོ།
- རང་བཞིན་གྱི་བསང་མཆོད་ཆེན་པོའི་སྐབས་སུ་མཆོད་པ་རེད་རེད་མ་གཏོགས།
- གཙོ་བོ་ལ་མཆོད་པ་མ་གཏོགས།
- བར་མ་ཡིན་ན་ད་རུང་།
- གཞི་བདག་ལྷག་པ་འགའ་ཞིག་ཡོད།
- ང་ཚོས་འཇིང་མོ་ཟེར་དུས།
- འཇིང་མོ་བཅུ་གསུམ་ཅན་ལ་བསྟོད་ཅེས།
- ལྷ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མར་སྔུན་ལ་བོས་ནས།
- དེའི་འཕྲོར་འཇིང་མོ་དངུལ་སྲོལ་བཅུ་གསུམ་ཅན་ལ་བསྟོད་ཅེས་བཤད་དེ།
- དེར་ཡར་ལ་མཆོད་པ་རེད།
- དེར་མཆོད་ན་ངོ་མས་ཁ་འཛིང་རྡུང་རོགས་དཔའ་ཡ་དཔུང་རོགས།
- དེ་འདྲ་དཔེ་མེད་བྱེད་པ་རེད།
- ལྷག་པར་དུ་བུ་མོ་ཡག་པ་ཡོད་པ་འདྲ།
- དེ་ནས་བུ་མོ་ཚོའི་ལུས་པོ་ཡག་པོ་ཡོང་བ་འདྲ།
- ཁ་ངོ་གང་ལ་སོང་ན་ཡག་པོ་ཡོད་སྤྱད་གཙོ་བོ།
- ཡིན་ན་མིན་ན་འཇིང་མོ་ཡིན་པ་རེད།
- འཇིང་མོ་འདི་མོ་ལྷ་ཡིན་པ་རེད།
- མོ་ལྷ་ཡི་གཞི་བདག་ཡིན་པ་རེད།
- དེ་བས་གསར་བུ་ཡིན་ནའང་ཡག་པོ་བྱུང་བའམ།
- བུ་མོ་ཡག་པོ་སྐྱེས་པ་འདྲ།
- དེ་འདྲ་ཧ་ཅང་མང་།
- གསར་བུ་ཚོས།
- ང་ཚོའི་ཕྱོགས་དེར་ཐང་ལོང་དང་རགས་ཁྲོམ།
- གནའ་ནས་ཟངས་དཀར་སྟོད་སྨད་བར་གསུམ་གྱིས།
- རགས་ཁྲོམ་དེར་མཆོད་པ་རེད།
- འདི་ཟངས་དཀར་སྟོད་སྨད་བར་གསུམ་གྱིས།
- མ་གསོས་པར་ནུས་པ་ཞིག་མ་རེད།
- སྔུན་དང་པོ་ནས།
- འདིའི་མགོ་ན་ལབ་རྩེ་གཉིས་ཡོད་ཀི།
- དེ་ཟངས་དཀར་སྟོད་སྨད་བར་གསུམ་ཡོང་ནས་བསང་མཆོད་བྱེད་པ་རེད།
- དེར་ལྷན་དུ་མཆོད་པ་ཞིག་རེད།
- དེ་མ་གཏོགས་ཟངས་དཀར་སྟོད་མས།
- རང་བཞིན་གྱིས་ཡུལ་གྱི་བསང་མཆོད་ཀྱི་སྐབས་སུ།
- རགས་ཁྲོམ་དེ་གང་ཞིག་ཡིན་རུང་འཇོག་བཞིན་ཡོད་པ་རེད་མ་གཏོགས།
- གཙོ་བོ་དེའི་ལད་མོ་བྱས་ནས་ལྷན་དུ་མཆོད་པ་ཡོད་པ་མ་རེད།
- བར་མ་སྟེ་ང་ཚོ་ཡང་ཨ་ན་མ་ན་རེད།
- གཙོ་བོ་འདིར་ཡོང་དུས་ལྷན་དུ་མཆོད་པ་ཡོད།
- ཡོད་པ་མ་ཟད་ཨ་མཆོད་སྐུ་མདུན་རིན་པོ་ཆེ་ཡིན་ནའང་།
- ཏག་ཏག་ཐང་ལོང་དང་རགས་ཁྲོམ་གང་ཡིན་ན།
- བར་མ་མི་རྣམས་ཀྱིས་མཆོད་དགོས།
- མ་གསོས་པར་ནུས་པ་མ་རེད།
- ཕྱིན་ཆད་སྤྱི་ཚོགས་ལ་ཟེར་རྒྱུ་མེད།
- བཟང་བ་མ་རེད།
- དེ་མཆོད་དགོས་རྒྱུ་ཞིག་རེད།
- [གསལ་བོ་མིན་པ།]
- འདི་འདྲའི་གཞི་བདག་ཡིན་པ་རེད།
- དེ་བས་མཆོད་དགོས་པ་རེད་ཟེར།
- དེའི་བར་ལ་སྐོར་གཉིས་ཙམ་ཐོན་བྱུང།
- དེའི་ཐོག་ལ་བར་མ་འདིར་མཆོད་དུ་ཡོང་བཞིན་མེད།
- མི་ཡོང་བ་ཅི་རེད་ཟེར་ན།
- གཞི་བདག་འདི་བཅོས་བསྒྱུར་གྱི་སྐབས་སུ།
- དེ་དུས་སུ།
- ཁོང་གིས་རིག་རབ་བ་ཚང་ལ་ཞུས་ནས།
- འདིའི་གཞི་བདག་འདི་ཁོང་གིས་ཡར་ལ་གླེང་ནས།
- ལྗང་མཁར་གྱི་འདི་ཕྱོགས་ན་དབུ་རྩེ་ཟེར་བ་ཞིག་ཡོད།
- དེར་མཆོད་པ་རེད།
- འདིར་མ་ཡོང་སྔོན་ལ་རགས་ཁྲོམ་དེ་རུ་མཆོད་བཞིན་ཡོད་ཟེར་བ་རེད།
- མདོར་ནས་བཤད་ན།
- རགས་ཁྲོམ་མ་གསོས་པར་ཐུབ་ཀྱིན་མེད།
- ཟངས་དཀར་སྟོད་མ་ཡིན་ན་རགས་ཁྲོམ་ལ་མཆོད་བཞིན་ཡོད་རྒྱུ་རེད།
- ཏག་ཏག་བཤད་ན།
- ཧོར་འབུད་སྔོན་མར་ཡིན་ན།
- ངོ་སོ་བཅུ་གསུམ་ཅན་ལ་བསྟོད་རྒྱུ་ཧོར་འབུད་ཡིན་ན།
- ཏག་ཏག་བཅོས་བསྒྱུར་བྱས་ནས་ལོ་འདི་འདྲ་ཞིག་འགོར་སོང་།
- འགོར་སོང་ན།
- སྔོན་ལ་ཟངས་དཀར་སྟོད་སྨད་བར་གསུམ་པོར་རང་རང་ལ་ས་གྲངས་ཤིག་ཡོད་པ་རེད།
- སྤྱིར་ན་ཟངས་དཀར་སྟོད་མའི་ས་ཡིན་པས།
- ཟངས་དཀར་སྟོད་མས་མཆོད་སྲིད་པ་རེད།
- སྤྱིར་ན་དེ་ང་ཚོའི་ས་ཐོག་ཟེར་རྒྱུ་མེད་ཀི།
- ད་ལྟ་ལོ་ཉི་ཤུ་སུམ་ཅུ་ལ་བུད་ནས་བསྡད་འདུག
- ང་ཚོར་མཆོན་ན་ལོ་སུམ་ཅུ་ལྷག་རེད།
- སུམ་ཅུ་ལྷག་ཡིན་ལ་དེའི་སྐྱེས་ལྷ་ཧོར་འབུད་རེད།
- ཡིན་ན་མིན་ན་འབོད་རྒྱུ་ནི་དེ་རེད།
- གཙོ་བོ་ཡིན་ན་མིན་ན་འབོད་རྒྱུ་དེ་རེད།
- དེ་ཅི་རེད་ཟེར་ན།
- སྐྱེས་ལྷ་དེར་མ་བོས་ན་བ་རྒྱུ་ཞིག་མ་རེད།
- སྤྱིར་ན་ཧོར་འབུད་ཡིན་ན།
- ང་ཚོ་ཟངས་དཀར་ལ་ཁ་ཧ་ཅང་སྦྱིན་པ་རེད།
- ཚུར་ལ་གྲོགས་ཀྱང་ཧ་ཅང་བྱེད་པ་རེད།
- མི་ཚང་མས་ཀྱང་ཧ་ཅང་མཆོད་པ་རེད།
- དེའི་བར་ལ་རགས་ཁྲོམ་ཕྱོགས་ཡིན་ན།
- མ་མཆོད་ན་མི་བ་ཞེས།
- [གསལ་བོ་མིན་པ།]
- ང་ཚོ་སུ་ཞིག་ཡིན་ན།
- [གསལ་བོ་མིན་པ།]
- དེས་ཧོར་འབུད་ལ་མཆོད་པ་རེད།
- ས་དེ་རུ་ཧོར་འབུད་ལ་མཆོད་པ་རེད་མ་གཏོགས།
- ལབ་ཙེ་ལ་སོགས་པ་ཅི་ཡང་བཞག་མེད་མོད།
- མ་གསོས་ན་ས་དེའི་ཐོག་ན་བསྡད་ཡོད་པ་རེད།
- ས་དེའི་ཐོག་ནས་བསྡད་འདུག་ཟེར་དུས།
- རང་ཉིད་ས་གང་ན་ཡོད་ན།
- གང་ནས་གཞི་བདག་དེར་མཆོད་དགོས་པ་རེད།
- [གསལ་བོ་མིན་པ།]
- ས་གང་དུ་བསྡད་ན་གཞི་བདག་དེར་མ་བོས་ན་མི་བ།
- དེར་ང་ཚོས་ཏག་ཏག་བཤད་ན།
- འདི་ནས་མ་བསྡད་པར་གང་ཞིག་ལ་སོང་ནས་བསྡད་ན།
- དེའི་གཞི་བདག་དེ་ཅི་ཞིག་ཡིན་ན།
- དེའི་ས་ཆ་དེར་གནས་སོང་ན།
- དེའི་གཞི་བདག་དེ་མི་གསོས་ན་བ་རྒྱུ་ཞིག་མ་རེད།
- དེ་མ་གསོས་ན་ཚུལ་ལ་མི་ལེགས་པ་འདྲ།
- ཚུལ་ལ་བྱ་བ་སྟེང་ནས་ན་ཚ་བྱུང་བ་འདྲ།
- ཁ་ལས་མི་དགེ་བ་འདྲ།
- དེ་འདྲ་མང་པོ་ཡོད་པ་རེད།
- དེ་ཡོད་ན་ས་ཆ་གང་ཡིན་ན།
- དེའི་གཞི་བདག་དེར་མ་མཆོད་ན་བ་རྒྱུ་ཞིག་མ་རེད།
- དེ་བས་མཆོད་དགོས་པ་རེད།
- ཡང་གཅི་བཤད་ན་དེར་མི་མཆོད་མཁན་ཡང་ཡོད།
- དེར་མ་མཆོད་ན་དེ་འདྲ་ལེགས་པོ་ཞིག་མིན།
- ད་བར་ཕལ་ཆེ་བས།
- ཤེས་མཁན་ཕལ་ཆེ་བས་ས་གང་ན་ཡོད་ན།
- གང་ནས་གཞི་བདག་དེར་མཆོད་པ་རེད།
- དཔེ་བཞག་ན་དེ་འདྲ་ཞིག་རེད།
- དེ་མིན་ངས་ཤེས་རྒྱུ་གོ་རྒྱུ་དེ་འདྲ་ཞིག་རེད།
- སྤྱིར་ན་ང་ལ་ཁ་གཞི་གཏིང་གསུམ་མེད་མོད།
- ལོ་བཅུ་ཁར་ཐོན་པ་ནས་བཟུང་།
- རང་གི་ས་ཆ་ནས།
- གཅིག་ན་ཆོས་སྐྱོང་སྲུང་མ།
- གཉིས་ན་ཡུལ་ལྷ་གཞི་བདག་གང་ཡིན་ན།
- ལོ་ལོན་ཚོའི་གྲལ་ལ་ཁྲིད་ནས།
- གཞི་བདག་ལ་མཆོད་སར་སོང།
- དེང་ཕྱིན་ཆད་རང་གིས་མཆོད་ན་བ།
- ཅི་དང་གང་གི་གྲལ་ལ་སོང་ནས།
- རང་འདྲ་ཞིག་ཡིན་ན་ད་ལྟ་ལབ་ཙེ་ལ་འགྲོ་མི་ཐུབ།
- འགྲོ་མི་ཐུབ་ན་གནང་བ་སློང་དགོས་པ་རེད།
- གནང་བ་མ་བསླང་ན་མི་བ།
- རང་རང་གིས་གནང་བ་སློང་དགོས་དོན་ཅི་རེད་ཟེར་ན།
- རང་གི་བུ་ཡིན་ན་མག་པ་ཡིན་ན་ཁྱད་མེད།
- སུ་ཡིན་ན་ཁྱིམ་རྒྱུད་འཛིན་མཁན་ཡིན་ན།
- ངས་ལས་མི་ཐུབ།
- གནང་བ་ཞིག་སྟེར་རོགས་ཞེས་བཤད་དེ།
- ཚབ་དེ་ཁྲིད་ནས་ལབ་ཙེ་བསྟོད་སར་སོང་།
- སོང་དུས་ཁ་བརྡ་བྱས།
- སོང་ནས་རྗེས་མར་ང་མི་ཡོང་།
- ངའི་ཚབ་འདི་ཡིན་ཞེས་བཤད་དེ།
- ཡར་ལ་དེ་ལྟར་བཤད་ན་གོ་ཆོད་པ་རེད།
- དེ་ལྟར་མ་བཤད་པར་ཁྱེད་མ་ཡོང་ན།
- དེར་སྙེག་ནས་ཅིའི་ཕྱིར་མི་ཡོང་བ་ཡིན་ཞེས།
- སྔོན་ཆད་བསང་མཆོད་བྱེད་དུ་ཡོང་མོད་ད་ལྟ་མི་ཡོང་བ་ཅི་རེད་ཅེས།
- རང་རང་ལ་ན་རྒྱུ་ཚ་རྒྱུ་འབྱུང་བ་འདྲ།
- བྱ་བའི་སྟེང་ནས་ཁ་ལས་མེད་པ་འདྲ།
- དེ་འདྲ་གང་མང་ཡོད་པ་རེད།
- དེ་བས་ད་ལྟ་ལོ་ལོན་ཕལ་ཆེ་བས།
- ཏག་ཏག་བཤད་ན་མཆོད་རྒྱུ་མཆོད་པ་རེད།
- [གསལ་བོ་མིན་པ།]
- སྤྱིར་ན་དེ་ལོ་རྒྱུས་ཀྱི་ཐོག་རེད།
- སྤྱིར་ན་ལོ་རྒྱུས་འདྲ་ཞིག་རེད།
- སྤྱིར་ན་སྔོན་གྱི་ལོ་རྒྱུས་འདྲ་ཞིག་རེད།
- གནའ་ནས་དེར་དཔེ་ཡོད་པ་རེད།
- དེ་ལྟར་མ་ཡིན་པར་གནའ་ནས་དཔེ་མེད་ན།
- གསར་དུ་གཞི་བདག་ཅིག་ལ་མཆོད་ཐུབ་དུས་མཆོད།
- མཆོད་མ་ཐུབ་དུས་གནང་བ་སྦྱིན་རོགས་ཟེར་ན།
- དེ་ཡང་ཆོག་པ་ཞིག་མ་རེད།
- སྤྱིར་ན་གནའ་ནས་སྲོལ་རྒྱུན་ལ་དེ་བཟུང་འདུག
- མི་ཐུབ་དུས་རང་གི་བུ་ཡིན་ན་གང་ཡིན་ན།
- མི་ཐུབ་ཀི་ཞེས་བཤད་དེ།
- གནང་བ་ཞིག་སྟེར་རོགས་ཞེས་བཤད་ན།
- དེར་གནང་བ་ཡང་ཡོད་ལ།
- ཁྱེད་དང་སུ་ཡིན་ན།
- བཟའ་ཚང་བོ་ཡིན་ན།
- ནོར་ལོངས་སྤྱོད་ཟེར་ན།
- ང་ཚོ་མི་ཡིན་ན་གང་ཡིན་ན།
- དངོས་གནས་རང་རང་གིས་ཕར་ལ་བལྟས་ན་མི་རིག་མོད།
- གྲོགས་མི་བྱེད་པའི་དཔེ་མེད།
- ཏག་ཏག་བཤད་ན་བལྟས་ནས་བསྡད་ཡོད་པ་རེད།
- རིག་རྒྱུ་ངོ་མས་རིག་པ་རེད།
- ཏག་ཏག་བཤད་ན་རིག་རྒྱུ་དེ་དཀོན་པ་རེད།
- ཏག་ཏག་བཤད་ན་ཧ་ཅང་དཀོན་པ་རེད།
- གཞི་བདག་རིག་རྒྱུ་དེ་དཀོན་པ་རེད།
- གནའ་མི་ཕལ་ཆེ་བས་རང་གིས་མཆོད་པའི་གཞི་བདག་དེ།
- ངོས་ཟིན་ནས་མིག་གིས་རིག་པ་གང་མང་ཡོད།
- མི་ཡི་སྐྱེས་འཛོམས།
- དེའི་མི་ཚད་རྟ་ཞིག་འཛིན་རྒྱུ།
- དེར་སྒ་ཅ་བྱེད་རྒྱུ།
- གང་ཡིན་ན་དེ་ཏག་ཏག་ཡོད་པ་རེད།
- གཞི་བདག་ཅིག་ཡིན་ན་རང་གིས་དེ་འཛིན་རྒྱུ།
- རྟ་འཛིན་རྒྱུ་འདྲ།
- གཟིག་འཛིན་རྒྱུ་འདྲ།
- སྟག་འཛིན་པ་འདྲ།
- འདྲ་མི་འདྲ་ཡི་བཤད་ཚུལ་མང་པོ་ཡོད་པ་རེད།
- གཞི་བདག་རིམ་པ་དེ་འདྲ་ཡིན་པ་མ་རེད།
- རང་རང་གི་བཞོན་པ་དེ་དང་མཚུངས་བ་ཞིག་ཡོད་པ་རེད།
- དཔེ་བཞག་ན་དེ་འདྲ་རེད།
- གཞི་བདག་དེ་ལ་ཤི་རྒྱུ་མེད།
- མྱུར་བར་ཤི་རྒྱུ་ཞིག་མེད།
- གཞི་བདག་དེ་ཡུན་རིང་བ་རེད།
- ཨཱོཾ་ཨ་ཧཱུྃ། རཾ་ཡཾ་ཁཾ། རཾ་ཡཾ་ཁཾ་ཟེར་བ།
- ང་ཚོའི་སངས་རྒྱས་ཆོས་ལུགས་ཀྱི་ནང་དུ་གཙང་སྦྲ་བྱེད་སྤྱད།
- ང་ཚོའི་དེའི་ནང་དུ་མི་གཙང་བ་མང་པོ་ཡོད་ན།
- ཟ་མ་ཡིན་ན་འདྲ་ལ་བྱ་བ་གང་ཞིག་ཡིན་ན།
- དེའི་ནང་ན་མི་གཙང་བ་མང་པོ་ཡོད་པ།
- དེ་གཙང་མ་བྱེད་སྤྱད་རེད།
- མདོ།
- ཨཱོཾ་ཨ་ཧཱུྃ། རཾ་ཡཾ་ཁཾ། ཨཱོཾ་ཨ་ཧཱུྃ། རཾ་ཡཾ་ཁཾ་ཟེར་བ་དེ།
- སྐྱེས་པ་ཞིག་གྲྭ་བ་མིན་རུང་།
- དེས་བཤད་ཚེ་གྲྭ་བ་བསང་འདོན་མཁན་ཞིག་མེད་རུང་།
- དགོས་པ་མ་རེད།
- དེ་ཡིས་གཙང་མར་བྱས་ཚེ་ཆོག་པ་རེད།
- དེ་མིན་གྲྭ་བ་ཡིན་རུང་།
- གཞི་བདག་རེ་རེ་ལ་བསང་ཡིག་ཡོད་པ་རེད།
- ཁྲིགས་སེ་ཁྲིགས་སེ།
- རགས་ཁྲོམ་བཀྲ་རྒྱལ་སྒོ་འཛིན།
- རགས་ཁྲོམ་ཡིན་ན།
- བུ་སྤུན་གསུམ་པོ་ལ་དེའི་བསང་ཡིག་ཡོད་པ་རེད།
- ཐང་ལོང་ཡིན་ནའང་དེའི་བསང་ཡིག་ཡོད་པ་རེད།
- དེ་མི་ཁ་ཁ་རེད།
- ཁྱིམ་ཚང་ཁ་ཁ་རེད།
- ཧོར་འབུད་ཡིན་ནའང་ཁ་ཁ་རེད།
- བློན་ཆོས་ཡིན་ན་ཁ་ཁ་རེད།
- དཔེ་བཞག་ན་འཇིང་མོ་ཡིན་ན་ཁ་ཁ་རེད།
- ཁྱིམ་ཚང་ཞིག་ལ་དཔེ་བཞག་ན།
- [གསལ་བོ་མིན་པ།]
- ཐང་ལོང་ཡིན་ན་བུ་སྤུན་གསུམ་ཡོད་པ་རེད།
- ཁྱིམ་ཚང་གཅིག་ལ་བུ་སྤུན་གསུམ་ཡོད་པ།
- བུ་སྤུན་གསུམ་པོ་དེ་ན།
- ཐང་ལོང་ར་རྩལ་དཔའ་བོ་དགྲ་འདུལ།
- ཐང་ལོང་དཔའ་རྩལ་ནོར་བུ་འོད་འབར།
- ཐང་ལོང་གཡུ་ངོག་ཟེར་བ་བཅས་ཡོད་པ་དེ་ཅི་རེད་ཟེར་ན།
- བུ་སྤུན་གསུམ་རེད།
- དེ་བས་རེ་རེ་བཞིན་འབོད་པ་དེ་རེད།
- དེ་མིན་ཐང་ལོང་སྤུན་ཟླ་ཆེན་པོ་གསུམ་ཞེས་ཡར་ལ་བོས་ན་ཆོག་པ་རེད།
- དེ་མིན་ང་ཚོ་རགས་ཁྲོམ་ཡིན་ན་ཡང་བུ་སྤུན་གསུམ་རེད།
- རགས་ཁྲོམ་བཀྲ་ཤིས་རྒྱལ་བོ་ཟེར་བ་ཞིག་ཡོད།
- རགས་ཁྲོམ་བཀྲ་ཤིས་རྒྱལ་བོ་དེ་རྒྱལ་བོ་ཡིན་པ་རེད།
- ཆ་བོའི་ནང་གི།
- ཡུལ་ཁམས་དེའི་གཞི་བདག་གང་ཡིན་ན།
- སྤྱིར་ན་དེ་གཞི་བདག་གོ་ས་ཅན་ཞིག་རེད།
- ཧ་ཅང་མཐོན་པོ་དང་གོ་ས་ཅན་ཞིག
- ས་བཅུ་བ་ཕལ་ཆེར་དེར་ཐོབ་འདུག
- རགས་ཁྲོམ་བཀྲ་ཤིས་རྒྱལ་བོ་ཡིན་ན།
- རགས་ཁྲོམ་འོད་ཟེར་འབར་མ་ཟེར་བ་དེ་སྤྱིར་ན་གྲྭ་བ་ཞིག་རེད།
- དེའི་མགོ་ན་སྒོ་ཟོག་ཡིན་ན་ར་འདྲ་བ།
- དེའི་མགོ་ན་འོད་འབར་བཞིན་འདུག
- འོད་ཟེར་ལྦུ་བ་འདྲ་བ་ཞིག་འབབ་བཞིན་པ་དེ་འདྲ་ཞིག་ཡིན་འདུག
- དེ་བས་འོད་ཟེར་འབར་མ་ཟེར་བ་རེད།
- དེ་ནས་རགས་ཁྲོམ་བཀྲ་ཤིས་རྒྱལ་མཚན་ཟེར་བ་ཞིག་ཡོད།
- དེ་བུ་སྤུན་འབྲིང་བ་དེ་རེད།
- དཔེ་བཞག་ན་དེ་འབྲིང་བ་དེ་རེད།
- དེ་ཚོ་གསུམ་པོ་དེ་རེད།
- ཐང་ལོང་གི་གསུམ་པོ་དེ་རེད།
- དེའི་འཕྲོར་འཇིང་མོ་རེད།
- འཇིང་མོ་ངོ་སོ་བཅུ་གསུམ་ཅན་འཇིང་རྒན་མ་ཞེས་འབོད་རྒྱུ་རེད།
- དེ་གནའ་ནས་བུ་མོ་ཞིག
- ཁྱིམ་ཚང་ཞིག་ཏུ་གཙོ་བོ་བཟའ་དཔོན་དེ་རེད།
- ཁྱིམ་ཚང་གི་བཟའ་དཔོན་དེ་ཡིན་ན་མིན་ན་འཇིང་མོ་རེད།
- དེའི་སྐོར་ཁ་ཚང་བོ།
- དེ་ནས་འཇིང་མོ་དེར་ཡར་ལ་མཆོད་ཚེ།
- གཅིག་ན་དེ་ནི་གནའ་དང་ད་གཉིས་ཀྱི་སྲོལ་རྒྱུན་རེད།
- གནའ་ཡི་སྲོལ་རྒྱུན་ཡང་དེ་རེད།
- ད་ལྟ་ད་དུང་སྲོལ་རྒྱུན་དེ་བསྐྱངས་ནས།
- བུ་མོ་མཛེས་མ་ཡོད་པ་འདྲ།
- རྐང་ལག་དང་ལུས་དྲང་བ།
- ལུས་ཁམས་བདེ་མོ་ཡག་པོ།
- ཕར་བལྟས་ན་ཧ་ཅང་མཛེས་པ་ཡོད་པ་དེའི་རྐྱེན་གཙོ་བོ།
- གཞི་བདག་དེ་དེ་འདྲའི་ཡག་པ་ཞིག་རེད།
- དེའི་སྐྱེས་ལྷ་དེར་མཆོད་པ་རེད།
- དེ་བས་ཡར་ལ་མཆོད་དགོས་པ་རེད།
- མོ་ལྷ་དེ་དེ་འདྲ་ཞིག་རེད།
- དཔེ་བཞག་ན་ང་ཚོའི་ས་ཆར་དེ་འདྲ་རེད།
- དེ་ནས་མགོན་པོ་ཡིན་ན་ཚེ་འདི་ཕྱི་གཉིས་ལ།
- གནའ་ནས་ད་བར།
- ཆོས་སྐྱོང་སྲུང་མ།
- མགོན་པོ་ཕྱག་དྲུག་ཟེར་དུས།
- འཁོར་མང་པོ་ཡོད་པ་རེད།
- འཁོར་གཅིག་ལ་བརྒྱ་དང་བྱེ་བ།
- འབུམ་གང་མང་ཡོད་པ་རེད།
- དེའི་ནང་ལ་མཆོད་རྒྱུ།
- ང་ཚོའི་ས་ཆར་མཆོད་པ་ནི་མགོན་པོ་ཕྱག་དྲུག་པ་རེད།
- རྙིང་མ་ཡིན་ན་མགོན་པོ་ཚོགས་བདག་རེད།
- གཙོ་བོ་མགོན་པོ་ཚོགས་བདག་ཡིན་ན།
- སྤྱིར་ན་དེ་ཆོག་པ་རེད།
- [གསལ་བོ་མིན་པ།]
- དེར་སུ་ཞིག་ཡིན་རུང་མཆོད་པ་བཏོན་ན།
- དེ་མིན་ཆང་དེ་མཆོད་ནས།
- མཆོད་དེ་བསང་གི་ནང་དུ་བཞག་ན་ཆོག་པ་རེད།
- མགོན་པོ་ཚོགས་བདག་ཟེར་བ་ཞིག་ཡོད་པ།
- དེའི་རིགས་ལ་དེ་ཆོག་པ་རེད།
- ལྷ་ས་ས་ནས་ཆང་སོགས་འདྲ་མིན་འདྲ་འཇོག་པ་རེད།
- རང་རང་གི་མཆོད་སྤྱད་དེ་ཅི་རེད་ཟེར་ན།
- སྔོན་གྱི་ལོ་རྒྱུས།
- མི་ཚེ་ནས་མི་ཚེ།
- མི་བརྒྱ་ཕྲག་སྟོང་ཕྲག
- དེ་འདྲ་འགོར་ཡོད་པའི་ཆོས་སྐྱོང་རེད།
- ད་བར་གྱི་སོ་མ་ཞིག་མ་རེད།
- ཆོས་སྐྱོང་དེ།
- ཆོས་སྐྱོང་རྙིང་བ་ཞིག་ཡིན་ན་དེ་འདྲ་ཞིག་རེད།
- གཞི་བདག་རྙིང་བ་ཞིག་ཡིན་ན་ཡང།
- དེ་དང་མཚུངས་བར།
- ལོ་སྟོང་ཕྲག་དེ་འདྲ་སོང་ཡོད་པ་རེད་མ་གཏོགས།
- ད་སོ་མ་ལོ་བརྒྱ་ཙམ།
- བརྒྱ་ཉིས་བརྒྱ་དེ་འདྲ་ཡིན་པ་མ་རེད།
- ལོ་ངོ་བསྐལ་བ་སོང་ཡོད་པ་དེ་འདྲ་རེད།
- སྔོན་གྱི་སྲོལ་རྒྱུན་བཟུང་ཡོད་པ་རེད།
- ད་ལྟ་སྟེ་ཁ་སང་དེ་རིང་ལབ་ཙེ་གཏོད་པར་སོང་ན།
- ཆུང་ཕྱོགས་པས་ཁ་བཤད་མི་ཤེས།
- གཅིག་ན་ཁ་བཤད་མི་ཤེས།
- གཉིས་ན་འགྲོ་སྲོལ་འདུག་སྲོལ་མི་ཤེས།
- དེ་ནས་རྟ་ཞིག་རྒྱུགས་ན།
- དེར་དགྲ་ལྷ་སྲུང་སྐྱོབ་བྱས་ན།
- དགྲ་ལྷར་དཔུང་རྟགས་རྒྱག་དུས་གཅིག་ན་བོའུ་འཕེན་དགོས་པ་རེད།
- གཉིས་ན་རླུང་རྟ་སྐྱོན་དགོས་པ་རེད།
- དེ་ལ་རྟ་འགྲོ་བ་མ་གཏོགས།
- རང་བཞིན་གྱིས་རླངས་འཁོར་འགྲོ་བ་འདྲ།
- རང་བཞིན་གྱིས་རྐང་ཐང་ལ་འགྲོ་བ་འདྲ།
- དེ་གཏན་ནས་ལྟ་བ་ལོག་འདུག
- ད་བར་གང་མང་གི་ལྟ་བ་ལོག་གིན་འདུག
- རླངས་འཁོར་གྱིས་སྲུང་སྐོར་བྱེད་པ་འདྲ།
- ཡང་ན་རྐང་ཐང་ལ་ལབ་ཙེ་ལ་སྐོར་བ་བྱེད་པ་འདྲ།
- དེ་གཏན་ནས་བྱ་བ་ལས་པ་དེ།
- བསང་མཆོད་བྱས་མོད་ལུགས་དེ་མ་རེད།
- ལུགས་ལ་ལ་ཡོང་རུང་ལ་ལ་ཡོང་བཞིན་མེད།
- དེར་མི་གྲངས་ལ་རྟ་གྲངས་དགོས་པ་རེད།
- དེར་བསང་མཆོད་བྱེད་དུས་རྟ་ཁྲིགས་སེ་བཏགས་ནས།
- དེ་ནས་བསང་མཆོད་བྱས།
- རྟ་རྒྱུགས་རན་དུས།
- མི་གྲངས་ཀྱིས་རྟ་གྲངས་བཟུང་ནས།
- སྲུང་སྐོར་བྱས་ནས།
- དེ་མིན་གཞན་ལས་པ།
- འདྲ་མི་འདྲ།
- འདྲ་མི་འདྲ་བཤད་མཁན་ཧ་ཅང་མང།
- དེ་ནས་ང་ཚོས་བོའུ་འཕངས་ན།
- ཕར་ཚུར་ནས་རྨས་འཇོག་པ།
- ཅིག་འདི་ལྟར་སྒྱེལ་བ་འདྲ།
- དེ་འདྲ་ད་བར་ཡོད།
- དེ་དག་ཨ་ན་མ་ན།
- སྔོན་ཆད་ང་ཚོས་དགྲ་ལྷར་མཆོད་པ་བྱས་ན།
- ཁ་སང་དེ་རིང་བོའུ་འཕེན་རྒྱུ་ཡོད་པ་མ་རེད།
- ཤོག་སྦག་ཆ་ཅིག་འགད་མཁན་ཡོད་པ་རེད།
- དེ་ད་བར་སོ་མ་ཞིག་དར་ནས་ཡོང་བ་རེད་མ་གཏོགས།
- སྤྱིར་ན་སྔོན་ཆད་ཡིན་ན།
- [གསལ་བོ་མིན་པ།]
- དེ་མིན་བལ་བོའུ་དེ་གཅིག་པུ་ཡང་ལེགས།
- བལ་བོའུ་འཕངས་ནས།
- སྤང་ཐོ་གཅིག་མ་གཟུར་གོང་དུ་ཡང་གཅིག་འཕངས།
- དེར་མཐུད་ནས་ང་ཚོ་གནའ་མི་ཡིས་དེ་ལྟར་འཕངས།
- དེ་འདྲའི་མགྱོགས་མྱུར་ཅན་ཞིག་ཡིན་པ་རེད།
- ང་ཚོའི་ཁ་ནང་ལ་རྡེའུ་བཟུང་ནས།
- དེའི་འཕྲོར་འདི་ལྟར་འཕངས།
- དེའི་འཕྲོར་འདི་ན་ཁྲིགས་སེ་བསྡད་ཡོད་པ་རེད།
- འདི་གཅིག་བཀད་རྗེས་མྱུར་དུ།
- སྨན་འཇོག་ས་ཡོད་པ།
- འདི་ལྟར་གཅིག་བྱས་ཚེ།
- ས་གཅིག་བསྲེས་ནས་འདི་ལྟར་བྱས་ཚེ་ཕལ་ཆེར་མདའ་ཡི་ནང་དུ་ཐོན་ཡོད་པ་རེད།
- དེ་དུས་ཁ་ནང་གི་རྡེའུ་དེ་དེའི་ནང་དུ་འཕངས་ཡོད་པ་རེད།
- རྒྱུགས་རྡེའུ་ཡིན་པ་རེད།
- འདི་ལྟར་མར་ལ་རྒྱག་དགོས་པ་མ་རེད།
- རྒྱུགས་རྡེའུ་ཡིན་པས་མར་ལ་ལྷུང་ཡོད་པ་རེད།
- གཅིག་བཀད་ཚེ།
- ད་དུང་ང་ཚོས་ར་དུག་ཟེར་བ།
- གནའ་དུས་ར་དུག་ཟེར་བ་ཞིག་ཡོད་པ་རེད།
- མེ་སྒྲོན་ཚེ་མེ་དེར་ཡལ་རྒྱུ་ཡོད་པ་མ་རེད།
- [གསལ་བོ་མིན་པ།]
- དཔེ་མི་སྲིད་པའི།
- མེ་ཡི་ནང་གི་མེ་ཧ་ཅང་གིས།
- ལྕགས་ཐབ་ལ་བཞག་ཡོད་པ་འདྲ་བའི།
- དེ་འདྲའི་ངར་ཅན་ཞིག་ཡིན་པ་རེད།
- དེ་མིན་རང་བཞིན་གྱི་སྨན་ཡིན་ན།
- གསུར་མི་ཐུབ་ལ་བོའུ་ཡང་མི་འབར།
- ངས་དེ་སྦྱངས་བ་མིན།
- ཕ་མེས་ཀྱི་གྲལ་ལ་ལབ་ཙེ་གཏོད་པར་སོང་།
- ཡུལ་ལྷ་ལ་མཆོད་པར་སོང་དུས།
- དེར་ཡི་གེ་ཡང་ཡོད་པ་རེད།
- ཅི་དང་གང་ཞིག་ཀྱང་ཡོད་མོད།
- རྒྱུན་དུ་སོང་དུས་ཁ་བྱང་ལ་སོང་།
- ཁ་བྱང་ལ་སོང་ན་ལྷག་པར་དུ་བྱིས་པ་ཞིག་ཡིན་ཚེ།
- རོགས་པས་ཡར་ལ་བསང་མཆོད་བྱས་ན།
- ཁྱེད་ཀྱིས་འདི་ལྟར་ཉན་ནས་བསྡད་ན།
- རོགས་པས་ཅི་ལྟར་བསང་མཆོད་བྱེད་པ་དང་གང་ཞིག་བྱེད་པ།
- དེ་ཤེས་མཁན་ཞིག་ཡིན་ན།
- གཞི་བདག་ལ་ཅི་ལྟར་འབོད་པ་དང་གང་ལ་འབོད་པ།
- བལྟས་ནས་བསྡད་ན།
- དེ་ཨ་ན་མ་ན་བོ་འབོད་ཚུལ་དེ།
- ངས་བསང་མཆོད་བྱས་ན།
- གཅིག་ངའི་རྩིབ་ལ་ཡོང་ནས་ཉན་ན།
- ཅི་དང་གང་ལའང་ཉན་ནས།
- སྐོར་མའི་སྐོར་མར་ཉན་ནས།
- སྐོར་གཅིག་ནས་ང་ཚོའི་སེམས་ལ་མ་སོང་ན།
- སྐོར་གཉིས་ལ་ཉན།
- དེ་ནས་རང་རང་གིས་བསྐྱར་སྦྱངས་བྱས།
- ཐེངས་མང་པོར་བསྐྱར་སྦྱངས་བྱས་ན་ཅང་འགོར་བ་མ་རེད།
- དེ་ནས་འཕྲོ་རིམ་འཕྲོར་གཞི་བདག་ཅིག་ཡིན་ན།
- དེ་མིན་ཡར་ནས་མགོ་བཟུང་མར་ནས་མགོ་བཟུང་།
- ཡར་བཟུང་མར་བཟུང་བྱས་ཚེ་དེ་ཡང་འགྲིག་པ་མ་རེད།
- ཡང་ང་ཚོས་གཞི་བདག་ལ་མཆོད་ཚུལ་ཡིན་ན།
- ཆོས་སྐྱོང་ལ་མཆོད་ཚུལ་ཡིན་ན།
- མགོ་བཟུང་ནས་རིམ་བཞིན་མར་ལ་ཞིབ་མོར་ཡོང་དགོས་པ་རེད།
- རྔ་མར་ཕུད་རྗེས་ད་དུང་མཆོད་མི་དགོས་ན་ལྷ་རྒྱལ་ལོ་ཟེར་དགོས་པ་རེད།
- རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ་ཞེས་བཤད་ཚེ།
- དེའི་དོན་ཅི་རེད་ཟེར་ན་རྒྱལ་ཁ་ཐོབ་རྒྱུ།
- དེ་རིང་ལྷ་རྒྱལ་ལོ་ཟེར་ན།
- ལྷ་ལ་རྒྱལ་ཁ་ཐོབ་པ།
- ལྷ་ལ་རྒྱལ་ཁ་ཐོབ་ཟེར་རུང་།
- རང་རང་གིས་བསྟོད་པ་དང་མཆོད་པ་དེར་རྒྱལ་ཁ་ཐོབ་པ་རེད།
- དཔེ་ཞིག་བཞག་ན།
- རང་བཞིན་གྱིས་ལྷ་རྒྱལ་ལོ་ཟེར་མོད།
- ལྷ་དེ་རྒྱལ་དགོས་པ་རེད།
- ལྷ་མ་རྒྱལ་ན་ང་ཚོས་བསང་མཆོད་བྱེད་པ་མ་རེད།
- དེ་ལྟར་མཆོད་པ་མ་རེད།
- དེ་ལྟར་རྔ་མར་དེ་དགོས་དོན་དེ་རེད།
- མགོ་ལ་ཨཱོཾ་ཨ་ཧཱུྃ། རཾ་ཡཾ་ཁཾ་ཟེར་དགོས་དོན།
- མགོ་ཏག་ཏག་ལ་གཙང་སྦྲ་བྱེད་སྤྱད།
- རྔ་མར་འདི་ལྟར་བྱེད་དོན་ནི་རྒྱལ་ཁ་ལོན་སྤྱད།
- ཐབས་བྱིན་ནས་རྔ་མར་ཕུན་སུམ་ཚོགས་པ་ཞིག་ཡོད་པ།
- ཕུན་སུམ་ཚོགས་པ་འཚོག་སྤྱད་དེ་རེད།
- ང་ཚོས་ཕུན་སུམ་ཚོགས་པར་ཤོག་ཟེར་བ།
- དེའི་ལྟ་བ་ཡིན་པ་རེད།
- ལྷ་རྒྱལ་ལོ་ཟེར་བ་དེ།
- དེ་ཡང་ལུས་འགྲོ་བ་གང་མང་ཡོད་པ་རེད།
- ཕལ་ཆེ་བས་བསང་མཆོད་ཅིག་བྱས་རུང་།
- ལྷ་རྒྱལ་ལོ་མི་ཟེར་མཁན་ཕལ་ཆེ་བ་ཡོད།
- དེ་མ་མཆོད་པར་ལུས་འགྲོ་བ་རེད།
- དོན་དུ་དེ་དགོས་རྒྱུ་ཞིག་ཡིན་པ་རེད།
- མཇུག་ཏུ་ལྷ་རྒྱལ་ལོ་ཟེར་རྒྱུ་དང་།
- སྔུན་གྱི་གཙང་སྦྲ་བྱེད་སྤྱད་ཨཱོཾ་ཨ་ཧཱུྃ་ཟེར་བ་དེ།
- སྤྱིར་ན་ཨཱོཾ་ཨ་ཧཱུྃ་ཞེས་བཤད་རྗེས་ཆོག་མོད།
- ཨཱོཾ་ཨ་ཧཱུྃ། རཾ་ཡཾ་ཁཾ་ཞེས་བཤད་ཚེ།
- ཅི་རེད་ཟེར་ན་རཾ་ཡཾ་ཁཾ་ཞེས་བཤད་ཚེ།
- ཤུག་པ་དང་བསང་རྡོ་ཡོད་པ།
- དེ་ལྟར་ཨཱོཾ་ཨ་ཧཱུྃ། རཾ་ཡཾ་ཁཾ་ཟེར་བ་ལས་རཾ་ཡཾ་ཟེར་བ་དེ་རེད།
- དེ་ལྟར་བསང་རྡོ་དང་ཤུག་པ་ཡར་ལ་བཞག་ཡོད་པ།
- མདོར་ན་དེ་རེད།
- དེ་ལྟར་ཡར་ལ་བཞག་ཚེ་དེའི་ཆོག་པ་རེད།
- གཙང་སྦྲ་བྱེད་སྤྱད་དེ་རེད།
- དེ་ཡིས་ཆོག་པ་རེད།
- དུས་ཉི་མ་ནམ་ཞིག་ཡིན་རུང་དེ་ཡིན་པ་རེད།
- སྤྱིར་ན་གཞི་བདག་ལ་མཆོད་ཚུལ་གྱི་རིམ་པ་དེ་འདྲ་ཞིག་རེད།