Video Overview
This is a video of Tsethar Bum from Yonru Village in Chentsa singing a song called "The Smoke Offering atop the High Mountain." This song is part of a collection of folk songs from the Rebgong cultural area.
- བྱང་ཡ་རེ་་་་་་་་་་་་བུ་ལོ་་་་་་་་་་ཡ་རེ་ད་ཡེ་བུ་ལོ་ལེན། །
- རི་མཐོན་པོའི་༼བུ་ལོ༽མགོ་ནས་བསང་ཞིག༼བུ་ལོ༽ཕུད། །
- རི་མཐོན་པོ༼བུ་ལོ༽ཟེར་ནས་ཕུད་ནི༼བུ་ལོ༽མིན། །
- ལྷ་དགའ་ནི༼བུ་ལོ༽ཟེར་ནས་ཕུད་ནི༼བུ་ལོ༽ཡིན། །
- བྱང་ཡ་རེ་་་་་་་་་་་་བུ་ལོ་་་་་་་་་་ཡ་རེ་ད་ཡེ་བུ་ལོ་ལེན། །
- ཁྲོམ་ཆེན་པོའི༼བུ་ལོ༽དཀྱིལ་ནས་གླུ་ཞིག༼བུ་ལོ༽བླངས། །
- ཁྲོམ་ཆེན་པོ༼བུ་ལོ༽ཟེར་ནས་བླངས་ནི༼བུ་ལོ༽མིན། །
- ཁྲོམ་དགའ་ནི༼བུ་ལོ༽ཟེར་ནས་བླངས་ནི༼བུ་ལོ༽ཡིན། །