05 Jan 2016
1 min 54 sec
Video Overview
Creators:
Tibetan & Himalayan Library, Dudul Dorjee
This is a video of Tsethar Bum from Yonru Village in Chentsa singing a song called "The Smoke Offering atop the High Mountain." This song is part of a collection of folk songs from the Rebgong cultural area.
འདི་ནི་ཨ་མདོ་རེབ་གོང་ས་ཁུལ་དུ་རྒྱུགས་ཆེ་བའི་དམངས་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་ཆ་ནས་རི་མཐོན་པོའི་མགོ་ནས་བསང་ཕུད་པ་ཡུལ་ལྷ་གཞི་བདག་དགའ་བའི་ཆེད་དང་། ཁྲོམ་ཆེན་པོའི་དཀྱིལ་ནས་གླུ་ལེན་པ་འདིར་ཚོགས་ཁྲོམ་པ་དགའ་བའི་ཆེད་ཡིན་པ་ལས། རང་ཉིད་ལ་སྐད་ཡོད་ཅེས་ལེན་པ་མིན་ཟེར་བའི་དོན་ཡིན།
- བྱང་ཡ་རེ་་་་་་་་་་་་བུ་ལོ་་་་་་་་་་ཡ་རེ་ད་ཡེ་བུ་ལོ་ལེན། །
- རི་མཐོན་པོའི་༼བུ་ལོ༽མགོ་ནས་བསང་ཞིག༼བུ་ལོ༽ཕུད། །
- རི་མཐོན་པོ༼བུ་ལོ༽ཟེར་ནས་ཕུད་ནི༼བུ་ལོ༽མིན། །
- ལྷ་དགའ་ནི༼བུ་ལོ༽ཟེར་ནས་ཕུད་ནི༼བུ་ལོ༽ཡིན། །
- བྱང་ཡ་རེ་་་་་་་་་་་་བུ་ལོ་་་་་་་་་་ཡ་རེ་ད་ཡེ་བུ་ལོ་ལེན། །
- ཁྲོམ་ཆེན་པོའི༼བུ་ལོ༽དཀྱིལ་ནས་གླུ་ཞིག༼བུ་ལོ༽བླངས། །
- ཁྲོམ་ཆེན་པོ༼བུ་ལོ༽ཟེར་ནས་བླངས་ནི༼བུ་ལོ༽མིན། །
- ཁྲོམ་དགའ་ནི༼བུ་ལོ༽ཟེར་ནས་བླངས་ནི༼བུ་ལོ༽ཡིན། །