Skip to main content Skip to search
18 Jun 2018
3 min 7 sec
Video Overview
Creators: 
Sonam Tobgye

"A lay sang ray," performed in this video by Norbu Dema from Gangzur Gewog, is a boedra song. The song praises and expresses gratitude towards two animals—cows and horses—which are considered important assets by farmers since they directly contributed to their accumulation of wealth. The song says these two animals help bring gold and silver, thus making people wealthy.

༉  ལྷུན་རྩེ་གནས་གཡུས་ཚན་ནང་ལས་ཨིན་མི་ཚེ་དབང་ཆོས་སྒྲོན་གྱིས་ ལུང་པ་ཆུང་ཆུང་ཟེར་བའི་འབོད་སྒྲའི་གླུ་གཞས་འཐེན་མི་ནང་ ལུང་པ་ཆུང་ཆུང་གསེར་གྱིས་གང་ན་དགའ་བ་ལ། །གསེར་གྱིས་གང་ན་སྐྱིད་པ་ལ་ཟེར་ གཡུས་ཆུང་ཀུ་ཅིག་ནང་ གསེར་གྱིས་གང་བ་ཅིན་ སེམས་དགའ་བ་གིས་མ་ཚད་ ལུས་ཡང་སྐྱིད་ནི་མས་ཟེར་ བསམ་པའི་རེ་བ་ཅིག་ཨིནམ་ད་ གསེར་དེ་ལུ་བརྟེན་ཏེ་ དངོས་པོ་གཞན་ཚུ་ཡང་ཕུན་སུམ་ཚོགས་ཏོག་ཏོ་སྦེ་འབྱུང་ནི་ཨིན་མས། དེ་སྦེ་འབད་ནི་དེ་གིས་ ལུང་པ་ཆུང་ཆུང་གསེར་གྱིས་གང་ན་དགའ་བ་ལ། །གསེར་གྱིས་གང་ན་སྐྱིད་པ་ལ་ཟེར་ བརྩམ་མི་ག་དང་ག་ཨིན་རུང་ གླུ་གཞས་འདི་དེ་སྦེ་བརྩམས་གནང་སྟེ་འདུག ཨིན་ས་ཅིག་རུང་ ལུང་པ་དེ་ག་དེ་ཅིག་ཆུང་ཀུ་ཅིག་ཨིན་ཏེ་འབད་རུང་ གསེར་དང་དངུལ་ཚུ་གིས་གང་བའི་དཔེ་མི་སྲིད་ ཨིན་རུང་ གསེར་དང་དངུལ་རྐྱངམ་ཅིག་ལུ་གོ་ནི་མེན་པར་ ལེགས་པའི་ཆ་ག་ཅི་ཨིན་རུང་ འབྱུང་བ་ཅིན་དགའ་ནི་མས་ ཟེར་གོ་དགོཔ་དེ་ཡང་ མི་འབད་རུང་ལེགས་ཤོམ་ བསམ་པ་སེམས་བསྐྱེད་བཟང་དྲགས་ དེ་ཚུ་གིས་གང་བ་ཅིན་ ལུང་པ་འདི་ཆུང་ཀུ་ཅིག་ཨིན་རུང་ དགའ་ཏོག་ཏོ་དང་སྐྱིད་ཏོང་ཏོ་འོང་ནི་མས་ ཟེར་གོ་དགོཔ་ཨིན་པས། འ་ནཱི་གླུ་གཞས་འདི་ ང་བཅས་རའི་རྒྱལ་ཁབ་མཐའ་དབུས་མེད་པའི་ནང་འཐེན་ནི་དང་རྐྱབ་སྲོལ་ཡོད་པའི་གླུ་གཞས་ཡོངས་གྲགས་ཅན་ཅིག་ཨིན།

Transcript search
No results found for this search
0 of 0
  • ཚེ་དབང་ཆོས་སྒྲོན་
    Tshewang Choden: ལུང་པ་ཆུང་ཆུང་གསེར་གྱིས་གང་ན་དགའ་བ་ལ། །གསེར་གྱིས་གང་ན་སྐྱིད་པ་ལ། །
  • ཚེ་དབང་ཆོས་སྒྲོན་
    Tshewang Choden: གསེར་མཚོ་ནང་དུ་གསེར་ཤིང་འཁྲུངས་ན་དགའ་བ་ལ། །གསེར་ཤིང་འཁྲུངས་ན་སྐྱིད་པ་ལ། །
  • ཚེ་དབང་ཆོས་སྒྲོན་
    Tshewang Choden: གསེར་ཤིང་ཐོག་ལ་གསེར་བྱ་ཆགས་ན་དགའ་བ་ལ། །གསེར་བྱ་ཆགས་ན་སྐྱིད་པ་ལ། །
  • ཚེ་དབང་ཆོས་སྒྲོན་
    Tshewang Choden: གསེར་བྱ་སྤུན་གསུམ་ནམ་ལ་ལྡིང་ན་དགའ་བ་ལ། །ནམ་ལ་ལྡིང་ན་སྐྱིད་པ་ལ། །
  • ཚེ་དབང་ཆོས་སྒྲོན་
    Tshewang Choden: ནམ་གྱི་རྒྱ་ཞིང་འོད་ཀྱིས་གང་ན་དགའ་བ་ལ། །འོད་ཀྱིས་གང་ན་སྐྱིད་པ་ལ། །
  • ཚེ་དབང་ཆོས་སྒྲོན་
    Tshewang Choden: ས་གཞི་འདི་ལ་ཕུན་སུམ་ཚོགས་ན་དགའ་བ་ལ། །ཕུན་སུམ་ཚོགས་ན་སྐྱིད་པ་ལ། །
  • ཚེ་དབང་ཆོས་སྒྲོན་
    Tshewang Choden: ལུང་པ་ཆུང་ཆུང་དངུལ་གྱིས་གང་ན་དགའ་བ་ལ། །དངུལ་གྱིས་གང་ན་སྐྱིད་པ་ལ། །
  • ཚེ་དབང་ཆོས་སྒྲོན་
    Tshewang Choden: དངུལ་མཚོ་ནང་དུ་དངུལ་ཤིང་འཁྲུངས་ན་དགའ་བ་ལ། །དངུལ་ཤིང་འཁྲུངས་ན་སྐྱིད་པ་ལ། །
  • ཚེ་དབང་ཆོས་སྒྲོན་
    Tshewang Choden: དངུལ་ཤིང་ནང་དུ་དངུལ་ཤིང་འཁྲུངས་ན་དགའ་བ་ལ། །དངུལ་ཤིང་འཁྲུངས་ན་སྐྱིད་པ་ལ། །
  • ཚེ་དབང་ཆོས་སྒྲོན་
    Tshewang Choden: དངུལ་ཤིང་ཐོག་ལ་དངུལ་བྱ་ཆགས་ན་དགའ་བ་ལ། །དངུལ་བྱ་ཆགས་ན་སྐྱིད་པ་ལ། །
  • ཚེ་དབང་ཆོས་སྒྲོན་
    Tshewang Choden: དངུལ་བྱ་སྤུན་གསུམ་ནམ་ལ་ལྡིང་ན་དགའ་བ་ལ། །ནམ་ལ་ལྡིང་ན་སྐྱིད་པ་ལ། །
  • ཚེ་དབང་ཆོས་སྒྲོན་
    Tshewang Choden: ནམ་གྱི་རྒྱ་ཞིང་འོད་ཀྱིས་གང་ན་དགའ་བ་ལ། །འོད་ཀྱིས་གང་ན་སྐྱིད་པ་ལ། །
  • ཚེ་དབང་ཆོས་སྒྲོན་
    Tshewang Choden: ས་གཞི་འདི་ལ་ཕུན་སུམ་ཚོགས་ན་དགའ་བ་ལ། །ཕུན་སུམ་ཚོགས་ན་སྐྱིད་པ་ལ།། །།