Video Overview
ཨ་མདོའི་རྩེད་རིག་འདི་ནི་ལོ་གསར་དང་སྟོན་མོ་སོགས་ཀྱི་སྐབས་སུ་འཁྲབ་པ་ཞིག་ཡིན་ལ།
- ཨ་རྩེད།
- རྟ་ཆེ་ན་མི་བཟང་ཆུང་ན་བཟང་།
- རྟ་ཆུང་ནས་གོམ་ལག་བདེ་ན་བཟང་།
- འབའ་བླ་རིའི་ཁའི་ཁ།
- ཁའི་སྐོར་གསུམ་གན་གི་ཕར་ནང་ནས།
- གཞི་ཇག་པའི་ཁ་ཞང་ཏང་ཏང་ཏང་།
- མདའ་ལེབ་མོའི་སྒོ་སྒྲོ་ས་ར་ར།
- ཁྲ་གོར་མོའི་ཞང་རྐང་སིལ་ལི་ལི།
- རང་སྤུན་འགྲིག་ཆ་བོ་འཁོར་ར་རྩེད།
- ཨ་རྩེད།
- མཛོ་ཆེ་ན་མི་བཟང་ཆུང་ན་བཟང་།
- མཛོ་ཆུང་ནས་རྭ་ཁ་གོར་ན་བཟང་།
- འབའ་བླ་རིའི་ཁའི་ཁ།
- ཁའི་སྐོར་གསུམ་གན་གི་ཕར་ནང་ནས།
- གཞི་ཇག་པའི་ཁ་ཞང་ཏང་ཏང་ཏང་།
- མདའ་ལེབ་མོའི་སྒོ་སྒྲོ་ས་ར་ར།
- ཁྲ་གོར་མོའི་ཞང་རྐང་སིལ་ལི་ལི།
- རང་སྤུན་འགྲིག་ཆ་བོ་འཁོར་ར་རྩེད།
- ཨ་རྩེད།
- མ་ཡག་ན་མི་བཟང་ཙོག་ན་བཟང་།
- མ་ཙོག་ནས་ལག་ཟས་དཀར་ན་བཟང་།
- འབའ་བླ་རིའི་ཁའི་ཁ།
- ཁའི་སྐོར་གསུམ་གན་གི་ཕར་ནང་ནས།
- གཞི་ཇག་པའི་ཁ་ཞང་ཏང་ཏང་ཏང་།
- མདའ་ལེབ་མོའི་སྒོ་སྒྲོ་ས་ར་ར།
- རང་སྤུན་འགྲིག་ཆ་བོ་འཁོར་ར་རྩེད།