Video Overview
The song known as “A Cloudless Sky” (Namkha Trinme) is sung by Leki Tshomo from Daagsa, Mongar. According to Sonam Chophel, the song is believed to have been presented to Zhabdrung, who came to Bhutan in 1616 and unified the country. It is believed to have been composed by Jatang Pekar Tashi, the first Uma Penlop in Wangdue. He came from Tibet with Lhawang Lodro in 1620 or 1621 at the invitation of Zhabdrung Rinpoche. Though the song is well-known and sung at festivals, it is a challenging song to perform. The song generally talks about the meeting of the Zhabdrung, the auspiciousness of the gathering and the hope to be reunited with Zhabdrung under the same circumstances as that of the clear sky which brings joy and happiness.
གཞུང་སྒྲའི་གདངས་ནང་སྦེ་འཐེན་མི་ གླུ་གཞས་གནམ་མཁའི་སྤྲིན་མེད་དྭངས་བ་ཟེར་མི་འདི་ མོང་སྒར་རྫོང་ཁག་ དགོངས་འདུས་རྒེད་འོག་ དག་ས་གཡུས་ཚན་ལས་ ལེགས་སྐྱིད་མཚོ་མོ་གིས་འཐེནམ་ཨིནམ་ད་ གླུ་གཞས་འདི་ བཀྲིས་པའི་ཉིནམ་ལུ་ གཅིག་ཁར་འཛོམས་ཚུགས་མི་ལུ་ བཀྲིན་དགའ་ཚོར་བསམ་ཞིནམ་ལས་ ད་རུང་ ཞལ་ཡང་ལས་ཡང་དུ་མཇལ་བའི་ སྨོན་ལམ་ཡོད་ཟེར་ སླབ་ཨིན་པས། གླུ་གཞས་འདི་ནང་ ནམ་མཁའ་སྤྲིན་མེདཔ་སྦེ་ དྭངས་འཕྲོས་འཕྲོས་ཡོད་མི་ལུ་སེམས་དགའཝ་མ་ཚད་ ཁྲི་གདུགས་ཉི་་མ་བཞུགས་མི་ལུ་མདངས་རེ་སྤྲོ་བས་ སྐར་ཚོགས་ཡོངས་ཀྱི་བསྐོར་བ་འདི་ནང་ ཞལ་ཡང་ཡང་མཇལ་བའི་སྨོན་ལམ་ཡོདཔ་མ་ཚད་ ལོག་མཇལ་བའི་སྨོན་བཏབ་ནི་ཨིན་གསེས་མས།
- Mongar
- Gungdue
- ལས་སྐྱིད་མཚོ་མོ་ Leki Tshomoགནམ་ཁ་སྤྲིན་གྱི་(མེད་)དྭངས་མོ་(པ་)སེམས་རེ་དགའ། །the radiance of the clouds in the sky, makes me happy.
- ལས་སྐྱིད་མཚོ་མོ་ Leki Tshomoཁྲི་གདུགས་ཉི་མ་བཞུགས་པ་ལ་མདངས་རེ་སྤྲོ། །The parasol of the sun radiates through, its more joyful.
- ལས་སྐྱིད་མཚོ་མོ་ Leki Tshomoསྐར་གསང་(ཚོགས)ཡོངས་ཀྱིས་བསྐོར་བ་རྟེན་འབྲེལ་བཟང་། །surrounded by the brightness, it's a good omen.
- ལས་སྐྱིད་མཚོ་མོ་ Leki Tshomoཞལ་ཡང་ཡང་མཇལ་ཀྱང་ལ་ད་རུང་མཇལ། །Have been seeing your face, and hope to see more of it.
- ལས་སྐྱིད་མཚོ་མོ་ Leki Tshomoཞལ་ཡང་ཡང་མཇལ་བའི་སྨོན་ལམ་ཞུ།། །།I pray that I hope to see more of your face.