06 Jan 2016
2 min 3 sec
Video Overview
Creators:
Tibetan & Himalayan Library
This is a video of Wengchen Tso from Dola, Amdo singing a song called "The Sky is the Highest Distance." This song is part of a collection of folk songs from the Rebgong cultural area.
འདི་ནི་བསྟོད་གླུ་ཞིག་ཡིན། ཕ་མའི་བཀའ་དྲིན་ལ་བསྟོད་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་དགུང་སྔོན་པོ་ཡན་ན་མཐོན་པོ་མེད་པ་དང་མདའ་ལི་མའི་ཡན་ན་དྲང་མོ་མེད་པ་བཞིན་དུ་རང་གི་ཕ་དང་མའི་ཡན་དྲིན་ཆེན་ཞིག་མེད་པ་བརྗོད་ཡོད།
- ༼ཨོ་ཡེ་་་ཞང་ང་ཡ་རེ་ལེན་གོ༽
- མཐོ་གཅིག་མཐོ་གཉིས་དགུང་སྔོན་མཐོ།།
- དགུང་སྔོན་པོ་ཡན་ན་མཐོན་པོ་མེད།།
- དྲང་གཅིག་དྲང་གཉིས་མདའ་མོ་དྲང་།།
- མདའ་ལི་མའི་ཡན་ན་དྲང་མོ་མེད།།
- དྲིན་གཅིག་དྲིན་གཉིས་ཕ་མའི་དྲིན།།
- དྲིན་ཕ་མའི་ཡན་ན་དྲིན་ཆེན་མེད།།
- གླུ་ཤེས་ནི་མིན་ར་རྩེ་ནི་ཡིན།།