Skip to main content Skip to search
15 Dec 2011
44 min 50 sec
Video Overview
Creators: 
Unknown

A tangka painter in Lhasa sketches the tangka before painting.

五格线是较方便快捷的唐卡画法,既能画和静神,也适于画怒神。在找准了中心线后,上下为五格,左右为四格,格子的大小由画布的大小而定。 五格线为较熟悉唐卡比例的画师运用。

Transcript search
No results found for this search
0 of 0
  • ལྷ་བྲི་བ། Tangka painter
    བྲིས་ཆུ་བཏང་པས།
    Did you apply the line marking solution?
  • ལྷ་བྲི་བ། Tangka painter
    ཐིག་འདི་དཀྱིལ་ཐིག་བཙལ་ཡག་བྱས། ཞུ་གུ་ཐིག་བརྒྱབ་དུས་
    This line is for finding the center point when later when we draw the lines.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    འགྱིག་ཐིག་དེ་འཁྱེར་ཤོག་དང་།
    Bring the string.
  • ལྷ་བྲི་བ། Tangka painter
    ཕྱི་ལྟས་སློགས།
    Turn it around.
  • ལྷ་བྲི་བ། Tangka painter
    ལྟ་འགྲིག་སོང་། སྡུད་ཤོག
    You can wrap it now.
  • དགེ་ཕྲུག Apprentice
    ངོ་།
    Okay.
  • ལྷ་བྲི་བ། Tangka painter
    རོབ་ཙམ་སྡུད་ཤོག
    Keep it away for a while.
  • དགེ་ཕྲུག Apprentice
    ལགས་སོ།
    Okay.
  • ལྷ་བྲི་བ། Tangka painter
    ལྟ་དུས་རྒྱུན་ཡིན་ན་སྦྱངས་པའི་རི་མོ་བྲིས་དུས། ཐིག་གང་ཚང་རྒྱག་དགོས་ཀྱི་རེད་པཱ། ལྟ་ད་ལྟ་ངས་འདིར་ཐིག་ལྔ་ཐིག་ཞིག་བརྒྱབ་སོང་ང་། ལྟ་ཐིག་དེ་བསྡུས་པ་དེ་རེད།
    Normally you have to draw all the lines. But here I am only drawing the five main lines. This is the abridged version.
  • དགེ་ཕྲུག Apprentice
    ལགས་སོ།
    Okay.
  • ལྷ་བྲི་བ། Tangka painter
    ཞུགས་མ་རི་མོ་ཡར་ཡག་པོ་ཆགས་སོང་ན་ཨ་ནི་ཐིག་བསྡུས་པ་དེ་བརྒྱབ་བྱས་རི་མོ་བྲིས་ཆོག སྐུ་ཆུང་ཆུང་དེ་ཚོར་སྤྱིར་བཏང་ཐིག་མེད་པ་བས་བྲིས་ན་འགྲིག་གི་རེད་པཱ།
    Later when you became sufficiently good at drawing, you can resort to this abridged version. For smaller figures, you can draw directly without lines.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    ད་ལྟ་གང་ག་ལོགས་སོར་ལྔ། གཅིག་དང་གཉིས་བྱས་བཅས་བྲིས་ཀྱི་ཡོག་རེད་པཱ།
    Right now you are drawing with all the detail lines, like five sors--or finger-widths--one sor, two sors and so on.
  • དགེ་ཕྲུག Apprentice
    ལགས་འོ།
    Yes.
  • ལྷ་བྲི་བ། Tangka painter
    ལྟ་དེ་གས་བྲིས་མི་དགོས་བྱས་བཅས་ཐིག་དེ་བསྡུས་སུ་བཏང་བཞག་ཡོག་རེད་པཱ།
    Now here I simplified the number of lines required without all the details.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    ཐིག་གང་ག་བརྒྱབ་དགོས་བྱུང་བཞིན་རྙོག་ཁྲ་ཞེ་པོ་ཅིག་ཡོག་རེད།
    If we have to draw all the lines, then it is going to be very complicated.
  • དགེ་ཕྲུག Apprentice
    ལཱ་སེ།
    Yes.
  • ལྷ་བྲི་བ། Tangka painter
    ད་ལྟ་གོང་ནས།
    Right from the beginning.
  • ལྷ་བྲི་བ། Tangka painter
    ད་དུང་སྐུ་ཆུང་ཆུང་དེ་གྲས་བྲིས་དགོས་བྱུང་ན། ཐིག་གང་ག་རྒྱག་ན་ཡོང་ཡག་ཁོ་ར་ཡོག་མ་རེད།
    Especially if one has to draw smaller figures, it is not helpful to use all the lines.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    ད་ལྟ་འདིར་ཐིག་ལྔ་འདུག་གཱ
    Can you see the five lines here?
  • དགེ་ཕྲུག Apprentice
    འོ།
    Yes.
  • ལྷ་བྲི་བ། Tangka painter
    འདི་ནས་ཕར་བཞི་བྱས། དེ་ནས་མར་གཞུང་ལ་ལྔ་བརྒྱབ་འདུག་གཱ འོ་འདི་བསྡུས་པ་དེ་རེད་དཱ། རི་མོ་འབྲི་དུས་ཙམ་ལ།
    Four lines horizontally here and five vertically from there. Can you see that? That is the abridged version.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    ཐིག་འདི་སྐུ་དྲག་པོ་དང་གང་ག་ལ་ཐིག་དཱ་ག་འགྲོ་གི་རེད།
    You can use this line rule for drawing all fearsome figures and others.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    ཐིག་གསུམ། དྲུག་བཏང་ཡག་དང་དེ་འདྲས་མ་གཏོགས་ཤིན་གང་ག་ལོགས་ཐིག་གཅིག་པ་རེད།
    Except for those drawings that require three or six lines. Otherwise, it is the same.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    འཇམ་དཔལ་དབྱངས་དང་། སྤྱན་རས་གཟིགས། སྒྲོལ་ལྗང་། དེ་ཚོ་གང་ག་ཐིག་ལྔ་ཐིག་དེ་འགྲོ་གི་རེད།
    For drawing Manjuśri, Avalokiteśvara or Green Tara you can use the five lines method.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    ཕྱག་དང་དེ་ཚོ་ཡཱ་སོར་མོ་བཅུ་གཉིས་དང་དེ་འདྲས་གཏོང་དགོས་རེད།
    For the hand, you need twelve sors.
  • དགེ་ཕྲུག Apprentice
    ལཱ་སེ།
  • ལྷ་བྲི་བ། Tangka painter
    ཕྱག་མགོ་འདིར་སོར་མོ་བཅུ་དྲུག་བཟོས།
    For the front of the hand use sixteen sors.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    མདངས་སླ་པོ་ཞིག་རྒྱོབ་ཨཱ།
    Create a mild radiant.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • དགེ་ཕྲུག Apprentice
    ད་ལྟའི་འདི་གང་བྱེད་ཀྱི་ཡོག་རེད།
    What is that you are doing now?
  • ལྷ་བྲི་བ། Tangka painter
    ལྟ་དེ་འདི་རེད་ལ། ཨམ་་་ གྲུ་བཀག་ཡ་ལ། ལྟ་ཐང་ཀའི་ནང་ལོགས་ཀྱི་ཚད་གཞི་འདི་བཟོ་གི་ཡོག་རེད།
    I am creating the boundary for the tangka.
  • ལྷ་བྲི་བ། Tangka painter
    སྒང་འདི་ཚད་དང་། ཡཱ་ཙི། འོ་ཡཱ།
    Place it little above. Good.
  • ལྷ་བྲི་བ། Tangka painter
    འོ་ཡག
    Good.
  • ལྷ་བྲི་བ། Tangka painter
    ཐིག་འདི་ཡག་པོ་བྱས་བྱས་མ་བརྒྱབ་པ་ཡིན་ན། རྗེས་མ་ཐང་ཀ་གོས་ཤམ་བརྒྱབ་དུས་ཀྱོག་ཀྱོག་ཆགས་འགྲོ་གི་རེད།
    If lines are not created precisely, later when you attach it to decorative cloths, it might get distorted.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    གང་ག་འདིའི་ནང་ལོགས་འདིར་ཚུད་བསྡད་ཡོག་རེད།
    This includes everything.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    འོ་ཡག
    Good.
  • དགེ་ཕྲུག Apprentice
    འགྲེལ་བཤད་ཏིག་ཙམ་སྐྱོན་རོགས་གནང་།
    Please explain a bit.
  • དགེ་ཕྲུག Apprentice
    ཨམ་་་ ལྟ་འདིའི་འགྲེལ་བཤད་་་ ཨམ་་་ གང་ལབ་དགོས་ཀྱི་རེད།
    Um... An explanation for this, what to say?
  • ལྷ་བྲི་བ། Tangka painter
    ག་རེ་བྱེད་ཀྱི་ཡོག་རེད།
    What is that you are doing?
  • ལྷ་བྲི་བ། Tangka painter
    ལྟ་ད་ལྟ་རི་མི་འདི་བྲིས་ཚར་པ་རེད། ལྟ་གསལ་སློག་གཏོང་གི་ཡོག་རེད་པཱ། ལྟ་གསལ་ལོགས་བཏང་ཚར་སོང་ན་འདི་སྒང་ལ་སྣ་ཚས་བཅད་རྒྱབ། ཞུ་གུ་ཚོན་བཏང་ན་སྤྱིར་བཏང་གི་འདི་འདྲ་རེད།
    Now the drawing is complete. We are making it more visible. Then we use ink to create the outline. Later we apply the color.
  • ལྷ་བྲི་བ། Tangka painter
    རྗེས་མ་ནས་རི་མོ་འབྲི་དུས་འཇམ་དཔལ་རང་ཨ་ནི་རི་མོ་དང་པོ་ཁོ་ར་ནས་གསལ་པོ་བྲི་རྒྱུ་ཡོག་མ་རེད།
    In the future, Jampel (Apprentice), you should not draw heavily right from the beginning.
  • དགེ་ཕྲུག Apprentice
    ལཱ་སེ།
  • ལྷ་བྲི་བ། Tangka painter
    དང་པོ་ཁོ་ར་ནས་གསལ་པོ་བྲིས་པ་ཡིན་ན། རི་མོ་ཡག་པོ་ཆགས་མེད་ན་བཟོ་བཅོས་རྒྱག་དུས་དཀའ་ངས་ཞེ་པོ་ཅིག་ཡོག་རེད།
    If you draw heavily at the outset and the drawing is not good, then it is difficult to correct it.
  • ལྷ་བྲི་བ། Tangka painter
    ག་ལེར་ག་ལེར་། གསལ་པོ་ཞེ་དྲགས་མེད་པ་ཞིག་བྲིས།
    Slowly; just create a rough drawing.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    དེ་གས་གང་ག་ཆ་ཚང་བྲིས་ཚར་སོང་ན། གཞི་ནས་ཚུར་གསལ་རུ་བཏང་པ་ཡིན་ན་རི་མོ་ག་གི་ག་གི་ཆེ་ཆུང་ཤོར་ཡོད་མེད། ག་གི་ག་གི་ཆད་ཡོད་མས་དེ་གས་གང་ག་ཧ་གོ་རེད་པཱ།
    Only after the drawing is completed, when you make it more clear, will you know where the proportions are not right, where parts have been left out.
  • དགེ་ཕྲུག Apprentice
    ལཱ་སེ།
  • ལྷ་བྲི་བ། Tangka painter
    གཞི་ནས་འོ་དེ་གས་ཡར་བཅུག་བཞག་ན་འགྲིག་གི་ཡོག་རེད།
    Then you can fill in those missing parts.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    དང་པོ་ཁོ་ར་ནས་གསལ་པོ་བྲིས་ཚར་ན། ཨཱ་ནི་རས་གཞི་ཁོ་རོ་ནག་ནོག་ཆགས།
    Drawing clearly right from the beginning, then canvas might become dirty if corrections are made.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    ཨཱ་ནི། འདི་་་ གསལ་པོ་ཡར་གསོས་རྒྱག་དུས་མངོན་གསལ་མེད་པ་ཆགས་འགྲོ་གི་རེད།
    Then when you clean it, there won't noticeable changes.
  • དགེ་ཕྲུག Apprentice
    ལཱ་སེ།
  • ལྷ་བྲི་བ། Tangka painter
    རི་མོ་དང་པོ་འབྲི་དུས་ཙམ་ལ་གཅིག་གསལ་ལ་མི་གསལ་བྲིས་ཡག་དེ་གལ་ཆེན་པོ་ཞེ་པོ་ཞིག་ཡོག་རེད།
    When you are starting the draw, it is crucial to draw it very lightly without clear marking.
  • དགེ་ཕྲུག Apprentice
    ལཱ་སེ།
  • ལྷ་བྲི་བ། Tangka painter
    ཤོག་བུའི་སྒང་ལ་ཡིནའང་འདྲ། ག་པར་བྲིས་ནའི་ལས་གསལ་ལ་མ་གསལ་བྲིས།
    Be it on the paper, or on whatever surface, draw it without clarity.
  • ལྷ་བྲི་བ། Tangka painter
    ད་ལྟ་དེ་ཚོ་སོལ་སྤོས་རེད་པཱ། སོལ་སྤོས་འབྲི་ཡག་སོང་ཙང་། ཨཱ་ནི་ཕ་གིར་ཅིག་རི་མོ་འབྲི་ཡོང་དུས་ནས་ཏིག་ཙམ་དྲག་གི་རེད།
    Right now we are drawing with charcoal sticks, it is little bit easier.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    བསུབ་བདེ་པོ་ཡོག་རེད་པཱ་ཁོ།
    It is easier to clean.
  • བུད་མེད། Woman
    ལྦ་ཡེ། འདུག
    Hello! It's here.
  • བུད་མེད། Woman
    བསངས་སྐོར་ཅིག་ཡོག་རེད་ཕ་གིར་བླུ་བཞག་ག ད་ལྟ་ཏིག་ཙམ་འདུག་གཱ
    One incense is left. Should I put it there? Right now we have some.
  • ལྷ་བྲི་བ། Tangka painter
    འོ་རེད། བསང་སྐོར་ཉོས་ནའི་ཉོས།
    It is fine. If need to buy some, then buy it.
  • དགེ་ཕྲུག Apprentice
    འོག་གི་པདྨ་འདི་གས་ཚ་རུ་བཏང་།
    Does the lotus underneath need to be made more clear?
  • ལྷ་བྲི་བ། Tangka painter
    འོ་འདི་གས་ཚ་རུ་གཏོང་དགོས་ཀྱི་རེད། ལྟ་མེ་ཏོག་འདི་གས། མཚོ་འདི་གས། ལི་ཁྲི་ནང་ལོགས་འདི་གས་ལ། ཏིག་ཙམ་ཏིག་ཙམ་བརྒྱབ་ཤོག
    Yes these need to be made more clear. These flowers, lakes, inside the vermillion. Apply a little bit.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    མཚོ་མཚོ་འདི་ཚོ་ཏིག་ཙམ་ཏིག་ཙམ་གར་པོ་ཞེ་དྲགས་མ་རྒྱོབ།
    Apply little bit to those small lakes. Don't make it thick.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    ལྟ་ད་ལྟ་ངས་བཀག་ཡག་དེ་ནོར་བུ་བཅོ་བདུན་ཟེར་ཡག་དེ་རེད།
    The scene I am creating in the front to block the background is called seventeen jewels.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    མདུན་གྱི་དེ་གཉིས་འདོད་ཡོན་སྣ་ལྔ་བྱས།
    The front two are called five desires.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    ཨཱ་ནི་ཁག་ཅིག་ལ་ཡང་བཀྲ་ཤིས་རྟགས་བརྒྱད་བཟོ་འདྲ་བཏང་། ཡང་རྫས་བརྒྱད་བཟོ་དེ་འདྲ་བཏང་། ཡུལ་ལྗོངས་ག་རེ་བཀག་བཀག་ཡོག་རེད་ཐང་ཀ། ནོར་བུ་རིགས་ཆས་ཡིན་པའི་ཞུ་གུ་ཡུལ་ལྗོངས་ག་རེ་བཀག་ནའི་འགྲིག་གི་རེད། ལྟ་ད་ལྟ་འདིར་ངས་ནོར་བུ་བཅུ་བདུན་རེད་པཱ།
    In some cases, they use eight auspicious signs. Or like the eight auspicious articles. So long they are precious things you can block the background with them in tangka painting, You can put anything in the front. The one I used here is the seventeen jewels.
  • དགེ་ཕྲུག Apprentice
    ལཱ་སེ།
    Okay.
  • ལྷ་བྲི་བ། Tangka painter
    ནོར་བུ་བཅུ་བདུན་བྱས། འདི་གཉིས་གཉིས་འདོད་ཡོན་སྣ་ལྔ་བྱས།
    These two are five desired symbols.