Skip to main content Skip to search
02 Jan 2019
5 min 32 sec
Video Overview
Creators: 
Norbu Dradul

This song presents the unique characteristics of the products from six counties of Golok Tibetan Autonomous Prefecture.

མགོ་ལོག་ས་ཁུལ་གྱི་རྫོང་ཁག་མི་འདྲ་བ་དྲུག་གི་ཐོན་ལས་ཀྱི་ཁྱད་ཆོས་དང་འཕེལ་རྒྱས་ཞིང་ཕྱུགས་ལོ་ལེགས་ཀྱི་འཚོ་བའི་རྣམ་པ་བརྗོད་ཡོད།

གཞས་དབྱངས་འདི་ལས་མགོ་ལོག་ས་ཁུལ་གྱི་རྫོང་ཁག་མི་འདྲ་བ་དྲུག་གི་ཐོན་ལས་ཀྱི་ཁྱད་ཆོས་དང་འཕེལ་རྒྱས་ལ་བསྟོད་བསྔགས་བྱས་པ་བརྒྱུད་ཞིང་ཕྱུགས་ལོ་ལེགས་ཀྱི་འཚོ་བའི་འོག་ཏུ་མི་རྣམས་འཆམ་མཐུན་ཞི་འཇམ་གྱིས་འཚོ་བཞིན་པའི་རྣམ་པ་བརྗོད་ཡོད།གཞས་ཚིག་གི་ཚན་པ་རེ་རེ་ནི།ནུབ་རྒྱུད་ཨ་ཆེན་གངས་རི་ལ།།ཨེ་ཊ་ཀཱ་ཡི་འཕེལ་གཡང་འཁོར།།གངས་ལྗོངས་རྨ་སྟོད་དར་ལག་རྫོང་།།གཡང་དཀར་ལུག་གི་སྤྲིོན་དཀར་འཁྲིགས།།བྱང་རྒྱུད་རྨ་རྒྱལ་སྦོམ་ར་ལ།།ཐུལ་དྲུག་འབྲི་མོའི་་བཞོ་གཡང་འཁོར།།སྤང་ལྗོངས་དགའ་བདེ་རྨ་ཆེན་རྫོང་།།ནོར་ནག་མུ་མེད་ཐང་མ་བརྡལ།།ལྷོ་རྒྱུད་གཉན་པོ་གཡུ་རྩེ་ལ།།ལོ་ཞིང་ཅང་ཤེས་དར་གཡང་འཁོར།།སྨན་ལྗོངས་གཅིག་སྒྲིལ་པད་མ་རྫོང་།།ཞིང་ཕྱུགས་ལོ་ལེགས་དབྱར་མཚོ་རྒྱས།།གཡང་འཁོར་རྫོང་དྲུག་མགོ་ལོག་ལ།།དཔག་བསམ་ཀུན་འདུས་ནོར་གཡང་འཁོར།།རུས་རིགས་འཆམ་མཐུན་དཔལ་འབྱོར་འཕེལ།།འབྱོར་ཕྱུག་ཕུགས་བསམ་མངོན་འགྱུར་ཤོག།

 叙述了果洛州境内的六个县的不同的人文风貌,以及牛肥马壮、五谷丰登的景象。

 叙述了果洛州境内的六个县的不同的人文风貌,以及牛肥马壮、五谷丰登的景象。歌词:西之巴彦克拉山,祈愿羊之福泽来,雪域玛多之境内,吉祥绵羊如浮云;北之阿尼玛卿山,祈愿牛之福泽来,欢乐玛卿草原上,无际草原遍牦牛;南之年宝玉则山,祈愿骏马福泽来,久治莲花净土内,五谷丰登如夏湖。果洛六县之境内,吉祥如意财富增,社会和谐人共处,富贵一切皆如愿。