Video Overview
Tséring Gyelpo points out various sites in the Lhabab Mountain area from the Tsechu Bumpa stupa.
- Ü
- ཀའདི་ག་རེ་རེད་ཟེར་ན་རས་བྱུང་ཕུ་རེད། རེད། རས་བྱུང་ཕུ་ལགས་རེད། རས་བྱུང་ཕུ་ཡིན་པ་རས་བྱུང་ཕུ་ནང་ལོག་ལ་རྟེན་གཙོ་བོ་དེ་གང་རེད་ཟེར་ན་མི་ལ་རས་པའི་ཕྱག་འཁར་ཅིག་ཡོག་རེད། འཁར་རྒྱུག་ཅིག་དེ་རྟེན་གཙོ་བོ་རེད་ཨོའོ་་་་་དེ་རྟེན་གཙོ་བོ་དེ་མི་ལ་རས་པ་རང་གིས་དངོས་སུ་ཕྱག་འཁར་དེ་དིའི་ནང་ལོག་ལ་ཡོའོ་༿ཡོད་༾རེད། རྟེན་གཙོ་བོ་དེ་ད་ལྟ་དེ་འདྲས་ཅིག་ལྷག་བསྡད་ཡོའོ་༿ཡོད་༾རེད། རེད་རེད།
- ཀདཱ་དེ་ནས་ཨོའོ་་་་་ཡག་འདིའི་རྒྱབ་ལོག་ལ་རྟག་རྟེན་འབུམ་པ་ཡོའོ་༿ཡོད་༾རེད། རྟག་ཆེན་འབུམ་པ་ཟེར་ཡས་དེ་རྟག་ཆེན་འབུམ་པ།
- སྦི་ཧ་ན་ལོབ།༼དབྱིན་སྐད་༽
- ཀལགས་ལགས། སྦི་ཧ་ནེ་མོ་སེ་ད་འདྲིང་ཟེར། རྟག་ཆེན་འབུམ་པ། ཨོའོ་་་་དེའི་རྒྱབ་ལོག་ལ་རྟག་ཆེན་འབུམ་པ་ཡོའོ་༿ཡོད་༾རེད། ཨོའོ་་་་་ཧད་རི་འདི་འདུག་གཱ་འདིའི་རྒྱབ་ལོག་ལ་ཕར། ལགས་རེད། ཨོའོ་་་་་ཕ་གི་འདིའི་ཏིག་ཙ་འདུག་གཱ་འདི་རི་ཅིག་འདུག་གཱ་འདའི་རི་ཅིག་འདིའི་ཨོའོ་་་་་འདིའི་འདིའི་རྒྱབ་ལོག་དའི་འདིའི་རྒྱབ་ལོག་དའི་རྟག་ཆེན་འབུམ་པ་ཟེར་ཡས་དེ་ཡོའོ་༿ཡོད་༾རེད། རེད་རེད།
- ཀཁྲ་འབྲུག་དགོན་པ། ཁྲ་འབྲུག་དགོན་པ་འདི་རེད། ལགས་རེད་ཁྲ་འབྲུག་དགོན་པ་ཟེར་ད་བོད་ཀྱི་ལྷ་ཁང་དང་པོ་དང་པོ་དང་པོ་དེ་འདི་རེད་ཨོའོ་་་་འདི་རེད། ཁྲ་འབྲུག་དགོན་པ།
- དགོན་པ་ཨང་དང་པོ་དེ།
- ཀཨང་དང་པོ་དེ་རེད་བོད་ཀྱི་འདིའི། ཨང་དང་པོ་དང་པོ་དེ་ཁྲ་འབྲུག་དགོན་པ་ཟེར་ད་ལྟ་འདིའི་ང་ཚོས་མཐོང་རྒྱུ་ཡོད་པ་དེ་ཨོའོ་་་་འདི་རེད། རེད་རེད་འདི་ག་༿གང་༾རེད་ཟེར་ན་ཡར་ཀླུང་རྟེན་གསུམ་གནས་གསུམ་ནས་རེད་པཱ་གནས་གསུམ་གྱི་ཆ་ཤས་ཅིག་རེད། ལགས་རེད། དེ་སྲོང་བཙན་སྒམ་པོའི་སྐབས་ལ་བཞེངས་པ་རེད། རྒྱལ་པོ་སྲོང་བཙན་སྒམ་པོས་བཞེངས་པ་རེད། གཙུག་ལག་ཁང་མ་བཞེངས་གོང་ལ་འདི་བཞེངས། འདི་བཞེངས་ཚར་ནས་ཨ་ནི་་་་་ལྷ་ལྡན་གཙུག་ལག་ཁང་བཞེངས་པ་རེད། ལྷ་ས་ཇོ་བོ་རིན་པོ་ཆེ་བཞུགས་སའི་གཙུག་ལག་ཁང་། བྱས་ཙང་ཁོང་གཙུག་ལག་ཁང་གི་གོང་ལ་བཞེངས་ཡོད་ཙང་དགོན་པ་དང་པོ་དང་པོ་རེད་ཟེར་ཡས་དེ་རེད།
- ཀརེད་རེད། ག་རེ་རེད་ཟེར་ན་རུ་ལག་བཞི་ཡོའོ་༿ཡོད་༾རེད་པཱ་ལྷ་ཁང་བཅུ་གཉིས་ཡོའོ་༿ཡོད་༾རེད་པཱ་དབུ་རྣ་དང་རུ་རྣ་དང་རེད་པ་རུ་རྣ་དང་རུ་ལག་དང་གཡས་རུ་གཡོན་རུ་རུ་ལག་རེད་པཱ་དེ་གཡས་རུ་ལྷ་ཁང་དེ་དང་པོ་དེ་འདི་ཡིན་ཙང་།
- དེ་ནས་ཡུམ་འབུ་བླ་མཁར་དེ།
- ཀལགས།
- ཡུམ་འབུ་བླ་མཁར།
- ཀཡུམ་འབུ་ལྷ་ཁང་དེ་ཕོ་བྲང་རེད་པཱ། ཕ་བྲང་ཡུམ་འབུ་ལྷ་ཁང་རེད་པཱ། བོད་ཀྱི་ཕོ་བྲང་དང་པོ་དེ་རེད་པཱ། ཨོའོ་་་་་འདི། འདི་དགོན་པ་འདུག་གཱ་དགོན་པ་འདིའི་མིང་ལ་རྩེ་ཚོགས་པ་ཟེར་གྱི་རེད་རྩེ་ཚོགས་པ། རྩེ་ཚོགས་པ་ཨོའོ་་་་ཡག་འདིའི་མིང་ལ་རྩེ་ཚོགས་པ་ཟེར་གྱི་རེད། རྩེ་ཚོགས་པ་དེ་ཁ་ཆེ་པན་ཆེན་ཤཀྱ་ཤི་རིས་བཞེངས་པ་རེད། བཞེངས་ཉན་༿མཁན་༾དེ་རྩེ་ཚོགས་པ་ཟེར་ཡས་དེ་དགོན་པ་ཡང་ཡར་ཀླུང་ལ་ཡང་ཚོགས་པ་བཞི་ཡོའོ་༿ཡོད་༾རེད་པཱ་ཚོགས་པ་བཞིའི་ཆ་ཤས་ཅིག་རེད་རྩེ་ཚོགས་པ། རྩེ་ཚོགས་པའི་འོག་དའི་རི་ཅིག་ཡོའོ་༿ཡོད་༾རེད་ཨོའོ་་་་འདི་སྣེ་གདོང་རྒྱལ་པོ་ཟེར་བོད་ཀྱི་དེ་རེད་པཱ་ཕག་མོ་གྲུབ་པའི་སྐབས་ལ་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་སྐབས་ལ་ཨ་ནི་་་་་ཕག་མོ་གྲུབ་པའི་སྲིད་གཞུང་བཙུགས་པ་རེད་པཱ་ཕག་མོ་གྲུབ་པའི་སྲིད་གཞུང་བཙུགས་བྱས་ཕག་མོ་གྲུབ་པས་ཕག་གྲུ་རྒྱལ་པོ་དང་སྣེ་གདོང་རྒྱལ་པོ་བཞུགས་ས་དེ་སྣེ་གདོང་བལ་ཚང་ཟེར་ད་ལྟ་ཤུལ་ཅིག་བསྡད་འདུག་གཱ་མཁར་ཅིག་ཡོའོ་༿ཡོད་༾རེད་ད་ལྟ་མཁར་གྱི་ཤུལ་དེ་ལས་ཡོའོ་༿ཡོད་༾མ་རེད། ཡིན་ནའི་ད་ལྟ་ཁོང་ཚོ་བཞུགས་ས་བཞུགས་མཁར་དེ་ད་ལྟ་འདའི་མཐོང་རྒྱུ་ཡོད་པའི་དཀར་པོ་ཅིག་འདུག་གཱ་ཨོའོ་་་་་དེ་རེད།
- ཀརེད་རེད། ཨོའོ་་་་་འདི་འདུག་གཱ་རི་འདི་རི་འདི་ག་རེ་རེད་ཟེར་ན་ཤེལ་བྲག་ཕུ་ཟེར་ཡས་དེ་རེད། ལགས་ཤེལ་བྲག་ཕུ་རེད། ཤེལ་བྲག་ཕུ་དེ་ལུང་པ་འདིའི་ནང་ལོག་ནས་ཡར་ཕྱིན་ཨ་ནི་་་་་ཕ་གའི་རི་སྨུག་པ་ཅིག་འདུག་གཱ་དའི་སྨུག་པ་ཏས་ཙ་༿ཏིག་ཙམ་༾འཁོར་བསྡད་སྐྱོག་ཅིག་སྨུག་པ་འོང་། སྨུག་པ་ཏས་ཙ་༿ཏིག་ཙམ་༾ཡོད་སའི་འོག་དའི་༿དེར་༾ཤེལ་བྲག་ཕུ་ཟེར་དགོན་པ་རྒྱ་ཆེན་པོ་ཞེ་པོ་གཅིག་ཡོའོ་༿ཡོད་༾རེད། དེ་ཕུ་གསུམ་རེད་པཱ་ད་ལྟ་རས་བྱུང་ཕུ་བྱུང་སོང་ང་། ཨོའོ་་་་་ཡག་རས་བྱུང་ཕུ་ཕ་ཕྱོགས་དེ་ལ་་དགོན་ཐང་དེ་སྦེ་རོ་ཕུ་ཡོའོ་༿ཡོད་༾རེད་པཱ། ཨོའོ་་་་་དེ་ཤེལ་བྲག་ཕུ་ཟེར་ཡས་དེ་དེ་རེད།
- ཀལགས་རེད། ཨ་ནི་་་་་དེ་རེད་འདི་རེད་དཱ་གཙོ་ཆེ་ཤོས་ད་ལྟ་རི་ཡར་གྱི་ལྷ་ཕབ་རི་ཟེར་ཡས་དཱ་གཙོ་བོ་དེ་རེད་ད་ལྟ་ང་ཚོས་ཤོས་ཡས་གཙོ་བོ་ཆེ་ཤོས་དེ་རི་འདི་རེད་པཱ་ལྷ་ཕབ་རི་ཟེར་ཡས་དེ་ད་ག་རེད་ལྷ་ཕབ་རི་ཟེར་ནའི་འདྲ་ཐབ་མཐོ་རི་ཟེར་ནའི་ད་ག་རེད་པཱ་ཨ་ནི་་་་་འདི་འབུམ་པ་དེ་ཚེས་བཅུ་འབུམ་པ་རེད་པཱ་ད་ལྟ་འདི་ཡར་ཀླུང་རྟེན་གསུམ་ཁོངས་གཏོགས་ཚིག་བཅུ་འབུམ་པ་འབུམ་པ་གཉིས་ད་ལྟ་དགོན་ཐང་འབུམ་པ་བྱས་དགོན་ཐང་འབུམ་པ་ད་ལྟ་འདིའི་རྒྱབ་ལ་ཡོའོ་༿ཡོད་༾རེད་ལབ་པ་རེད་པཱ་ཨ་ནི་་་་དེ་བྱས་ག་རེ་ཟ་༿ཟེར་༾། རྟག་ཆེན་འབུམ་པ་བྱས། ཚེས་བཅུ་འབུམ་པ་བྱས། ཨོའོ་་་་དཱ་ད་གྱས་ཆ་ཚང་ཡོའོ་༿ཡོད་༾རེད།
- གལ་སྲིད་ཡ་གིའི་རྒྱབ་ལོག་ལ་ཕྱིན་པ་ཡིན་ན་འབུམ་པ་དེ་མཐོང་གི་རེད་པས།
- ཀམཐོང་གི་རེད་ཆ་ཚང་མཐོང་གི་རེད་ང་ཚོ་ཕྱོངས་རྒྱས་ལ་འགྲོ་དགོས་རེད་པཱ། ཕྱོངས་རྒྱས་ལ་འགྲོ་དུས་འགང་ག་༿ཚང་མ་༾ལོག་པར་འདྲ་ཡག་པོ་རྒྱབ་ཐུབ་ཀྱི་རེད། ཆ་ཚང་མཐོང་གི་རེད།
- ལགས་ཟེར་ལགས་ཟེར།
- ཀཨོའོ་་་་་དེ་འདྲས་ཅིག་རེད་ལགས།
- ཨོའོ་་་་་ཐུགས་རྗེ་ཆེའི་གནང་།
- ཀལོའོ་༿ལགས་༾།