Skip to main content Skip to search
26 Apr 2019
9 min 11 sec
Video Overview
Creators: 
Dradul Dorjay

Khashak, or stand-up comedy, is a performance generally delivered by one or two comedians telling jokes.  

ཁ་ཤགས་ནི་སྒྱུ་རྩལ་གྱི་བྱེ་བྲག་ཅིག་སྟེ། དེ་ནི་མི་གཅིག་གམ་གཉིས་ཀྱིས་ཕན་ཚུན་ཤགས་འགྱེད་རེས་ལྟ་བུའི་སྒོ་ནས་འཁྲབ་སྟོན་བྱེད་པའི་སྒྱུ་རྩལ་ཞིག་ཡིན།

相声是艺术的个体, 是一个人或两个人相互对辩地表演艺术。

ཚིག་དང་རྣམ་པས་བཞད་གད་སློང་བ་དང་།  ནང་དོན་གྱིས་ལྟད་མོ་བའམ་ཉན་མཁན་ལ་སྤྲོ་སྣང་སྦྱིན་ཞོར་སློབ་གསོ་གཏོང་བ་ཞིག་ཡིན།  ཐེངས་འདིའི་ཁ་ཤགས་ཀྱི་ནང་དོན་ནི་ཨ་ཅེ་དང་ནུ་བོ་གཉིས་ཀྱི་ཁ་བརྡ་བརྒྱུད་དེ་དེང་སྐབས་སུ་བོད་ཀྱི་ཕ་སྐད་ལ་དོ་སྣང་བྱེད་ཀྱིན་མེད་པའི་རྣམ་པ་དང་འབྲེལ་ཏེ་སྦྲགས་སྐད་ཀྱི་ཉེས་དམིགས་གླེང་ཡོད་པ་དང་། དེས་དེང་གི་དུས་སུ་བོད་པའི་ན་གཞོན་མང་པོ་ཞིག་གིས་ཕ་སྐད་གཙང་བརྗོད་བྱེད་ཤེས་ཀྱིན་མེད་པའི་སྣང་ཚུལ་སྐྱོ་བོ་དེ་གསལ་འདོན་བྱས་ཡོད།  སྤྱིར་སྐད་ཆ་ནི་མི་རིགས་ཤིག་གི་གཞི་རྩའི་མཚོན་བྱེད་ཡིན་པ་དང་།  སྐད་ཆ་ཉམས་པའི་ཚེ་ན་མི་རིགས་དེའི་འདུ་ཤེས་མི་ཉམས་པའི་ངེས་པ་མེད་ལ།  འདུ་ཤེས་ཉམས་པའི་ཚེ་ན་མི་རིགས་ཞེས་པ་ནི་མིང་གི་ལྷག་མར་གྱུར་པའོ། ། 

以搞笑、脱口秀地形式阐明哲理,同时又给人欢快、愉悦之感。这里主要通过一对兄妹之间的对话,展示了当代许多藏族年轻一代不会讲母语的社会现象。语言与文化是一个民族的灵魂,如果语言衰败,则文化随之也会衰败,如此,民族也是名存实亡了。