Video Overview
An account of the Singye cham, a masked dance, of Jampa Lhakhang was narrated by Lam Dorji from Norbugang village. The main reason to perform this particular dance is to make an offering to the Singye (lion) that accompanied Jowo of Lhasa on the long journey from Tibet. According to this account, the siblings Jowo of Lhasa, Jampa Lhakhang and Kitchu Lhakhang, gather at Jampa Lhakhang during a festival on the fifteenth day of the tenth month of the Bhutanese calendar for an annual meeting. Honoring the travels of Jowo of Lhasa by lion and Kitchu Jowo by mythical horse, the Jowo of Jampa Lhakhang makes an offer of gratitude through the performance of Singye Cham during the festival.
བྱམས་པ་ལྷ་ཁང་གི་ སེངྒེ་འཆམ་གྱི་ལོ་རྒྱུས་འདི་ བུམ་ཐང་རྫོང་ཁག་ ཆོས་འཁོར་རྒེད་འོག་ ནོར་བུ་བསྒང་གཡུས་ཚན་ལས་ འཆི་མེད་ཀྱི་བཤདཔ་ཨིནམ་ད་ སྤྱིར་བཏང་འཆམ་འདི་ རྐྱབ་དགོ་པའི་དམིགས་ཡུལ་འདི་ཡང དེ་བསྒང་ ཇོ་བོ་ཤཱཀྱ་མུ་ཎི་ བོད་ལས་བྱོན་པའི་བསྒང་ སེངྒེ་དེ་ཡང་ ཕྱག་ཞུ་སྟེ་ཡོདཔ་ལས་ ཁོ་ལུ་ བདུད་རྩི་སྨན་མཆོད་པ་དང་ ཚོགས་ཀྱི་མཆོད་པ་ཕུལཝ་ཨིན་པས། ཏེ་གསལ་བཤད་པ་དང་འཁྲིལཝ་ད་ ལོ་ལྟར་རང་ཟླ་ ༡༠ པའི་ཚེས་ ༡༥ ལུ་ དུས་ཆེན་གྱི་དོན་ལུ་ ལྷ་ས་དང་ བྱངམས་པ་ལྷ་ཁང་ འདི་ལས་ སྐྱིད་ཆུ་ལྷ་ཁང་གི་ ཇོ་བོ་སྤུན་ཆ་ཚུ་ བྱམས་པ་ལྷ་ཁང་ནང་ འཛོམས་འཛོམསམ་ཨིན་ཟེར་ཨིནམ་ད་ ལྷ་ས་ཇོ་བོ་འདི་ སེངྒེ་གུ་ཆིབས་ཏེ་བྱོན་ཡོདཔ་ད་ སྐྱིད་ཆུ་ཇོ་བོ་འདི་ རྟ་གུ་ཆིབས་བྱོནམ་ད་ བྱམས་པ་ལྷ་ཁང་གི་ཇོ་བོ་གིས་ བཀྲིན་དགའ་ཚོར་ཞུ་་སྟེ་ སེང་ྒེའི་འཆམ་འདི་ བཙུགས་ཡོདཔ་ཨིན་པས།
- Chagkhar
- བླམ་རྡོ་རྗེ་ Lam Dorjiད་བྱམས་ལྷ་ཁང་སེངྒེ་འཆམ་ སེངྒེ་འཆམ་ཟེརཝ་མས་ སེངྒེ་འཆམ་ཨ་ནཱི་ངོ་མ་ག་དེ་སྦེ་སྨོ་ཟེར་བ་ཅིན་ དང་པོ་ཏེ་ དང་པོ་བོད་ལྷ་ས་གི་ཇོ་བོ་ཤཱཀྱ་མུ་ཎི་འདི་གི་ ཆིབས་སེངྒེ་ཨིན་ཟེར་ཨིན་པས་བ།
- བླམ་རྡོ་རྗེ་ Lam Dorjiསེངྒེ་འབད་ དེ་ལས་ བྱམས་པ་ལྷ་ཁང་འདི་གི་ གླང་ཆེན་སེངྒེ་རབ་བརྟན་ཟེར་ཨིན་པས། དེ་ལས་ སྤ་རོ་སྐྱིད་ཆུ་གི་ཇོ་བོ་ཤཱཀྱ་ཐུབ་པ་ ཤཱཀྱ་མུ་ཎི་འདི་གི་ཆིབས་ ནུབ་ཕྱོགས་བ་ལ་ཧ་ཆིབས་འ་ནཱི་ཨིན་ཟེར་ཨིན་པས་ ཏེ་དེ་སྦེ་བྱོནམ་ད་ ད་བྱམས་པ་ལྷ་ཁང་གི་སེངྒེ་འཆམ་ཟེར་ ཁུངས་བཀལ་དགོཔ་ག་དེ་སྦེ་སྨོ་ཟེར་བ་ཅིན།
- བླམ་རྡོ་རྗེ་ Lam Dorjiཆིབས་འདི་གླངམོ་ཆེན་སེངྒེ་རབ་བརྟན་ཨིན་པས་ གླང་པོ་ཆེ་ཨིན་པས་ སེངྒེ་རབ་བརྟན་ཨིན་པས་ དེ་འབདཝ་ད་ ཇོ་བོ་བྱམས་པ་གི་རྒྱལ་ཚབ་འདི་ དགའ་ལྡན་ལྷ་ཡི་གཡུས་ལུ་བྱོན་ཡི་ཟེར་ཨིན་པས་བ་ ད་ལྟོའི་ཇོ་བོ་འདི།
- བླམ་རྡོ་རྗེ་ Lam Dorjiདགའ་ལྡན་ལྷ་ཡུལ་ནས་གདན་འདྲེན་ཞུ་འོངམ་ད་ ཏེ་གངས་ཆེན་ཀུན་ལས་མཁར་ཟེར་སྡོད་ཡོདཔ་ཨིན་པས་ ཡར་ལས་གངས་ཆེན་ཀུན་ལས་མཁར་ལུ་ཕྲང་ཕྲང་ཡར་ཕེབས་ད་ ཡར་ལས་ཆིབས་པ་མེད་པར་ ཆིབས་པ་སེངྒེ་གུ་ཆིབས་ཏེ་བྱོན་ཡི་ཟེར་ཨིན་པས། སེངྒེ་གུ་ཆིབས་ཏེ་ སེངྒེ་གུ་ཆིབས་ཏེ་ སེངྒེ་གུ་ཆིབས་ཏེ་ སེངྒེ་གུ་ཆིབས་ཏེ་ ནཱ་བྱམས་པ་ལྷ་ཁང་ཚུན་ སེངྒེ་གུ་ཆིབས་ཏེ།
- བླམ་རྡོ་རྗེ་ Lam Dorjiནཱ་བྱམས་པ་ལྷ་ཁང་ཚུན་ སེངྒེ་གུ་ཆིབས་ཏེ་བྱམས་པ་ལྷ་ཁང་ནང་ ཇོ་བོ་ཚབ་འབད་ཞུ་སྟེ་ སེངྒེ་བྱོན་ ད་ལྟོ་སེངྒེ་འཆམ་རྐྱབ་དགོ་པའི་གནད་དོན་འདི་ལུ་བརྟེན་ཏེ་ཨིན་པས། བྱམས་པ་ལྷ་ཁང་ལུ་ སེངྒེ་འཆམ་ཟེར་མི་དེ་སྦེ་ཨིན་པས་ དེ་ལས།
- བླམ་རྡོ་རྗེ་ Lam Dorjiསེངྒེ་འཆམ་འདི་ ཟླཝ་ ༡༠ པའི་ཚེས་ ༡༥ ལུ་ སྐར་མ་ཉ་རུ་འཛོམས་ཨིན་ཟེར་ དེ་བསྒང་ང་བཅས་ར་ ཕོ་ཨིན་རུང་འདྲ་ མོ་ཨིན་རུང་འདྲ་ ག་ཅི་ར་ཨིན་རུང་ ཡར་སྐར་མ་ཉ་རུ་འཛོམས་པའི་སྐབས་ གཟའ་སྐར་རྟེན་འབྲེལ་ལེགས་ཤོམ་ཅིག་ བརྩིས་དོ་ཡོདཔ་མས་ སྐརམ་ཉ་རུ་འཛོམས་ས་ཟེརཝ་ད་ གཟའ་སྐར་རྟེན་འབྲེལ་ལེགས་ཤོམ་བརྩིས་ཏེ།
- བླམ་རྡོ་རྗེ་ Lam Dorjiདེ་བསྒང་སེངྒེ་ ཡར་ལྷ་ས་གི་ཇོ་བོ་ ཕར་སྤ་རོ་སྐྱིད་ཆུ་གི་ཇོ་བོ་ ཇོ་བོ་འདི་ཚུ་ ནཱ་འཛོམས་འདུ་ལུ་བྱོནམ་ཨིན་པས་ད་ ད་རེས་བྱོནམ་ད་ ཆིབས་པ་ དང་ཕུ་བྱོན་བྱོནམ་འབད་ནི་དེ་གིས་འབད་ སེངྒེ་གུ་ཆིབས་ཏེ་བྱོན་བྱོན་འབད་ནི་དེ་གིས་ ད་ལྟོ་སེངྒེ་འཆམ་རྐྱབ་དགོ་པའི་ཁུངས་ དེ་གིས་འབད་ཨིན་པས། ནཱ་སེངྒེ་རྐྱབ་དགོ་པའི་དེམ།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ ཆིབས་ཨ་ནཱི་འདི་ གླང་ཆེན་སེངྒེ་རབ་བརྟན་ཟེར་མི་ ག་ཅི་སྨོ་ཟེར་བ་ཅིན་ དང་ཕུ་འབད་བ་ཅིན་ ནཱ་གླང་པོ་ཆེ་འདི་ ཐོན་ས་མིན་འདུག་ རོགས་རྒྱལ་པོ་སིནྡྷུ་རཱ་ཛ་གི་ཆིབས་ཨིན་ཟེར་ཨིན་པས་བ། སིནྡྷུ་རཱ་ཛ་གི་ཆིབས་ཨིན་ཟེར་ ཆིབས་འདི་ཇོ་བོ་ལུ་ཕུལ་ཕུལཝ་ཨིན་ཟེར་ཨིན་པས།
- བླམ་རྡོ་རྗེ་ Lam Dorjiདེ་འབད་ནི་དེ་གིས་ དེ་སྦེ་སླབ་དེས་ འདི་མ་ཤེས་ཨིནམ་མེནམ་ཨིན་རྒྱུ་དེ་སྦེ་སླབ་དེས་ ད་ལྟོ་ཆིབས་གླང་པོ་ཆེ་ཨིན་པས་བ་ ང་བཅས་ཀྱིས་མ་ཤེས་པའི་ཆིབས་ གླང་པོ་ཆེ་ཨིན་པས། དེ་འབད་རུང་ སེངྒེ་འདི་ སེངྒེ་འཆམ་འབདཝ་ད་ དེ་ལས་ ཟླཝ་ ༡༠ པའི་ཚེས་ ༡༥ ལུ་ རྟག་བུ་ན་བུ་ སེངྒེ་འཆམ་རྐྱབ་དོ་མས།
- བླམ་རྡོ་རྗེ་ Lam Dorjiཧ་ལམ་ཅིག་ལས་ ལོ་གཅིག་འབདཝ་ད་ རོགས་ནཱ་ཆ་ཁྱབ་ཀྱིས་ ལྷག་ཆ་ཆད་ཆདཔ་མས། ལྷག་ཆ་ཆད་དེ་ དེལས་ ཆད་ནུག་ཟེར་ ཆད་པའི་ཉིན་མར་ ༡༥ བརྩིས་ཏེ་ སེངྒེ་འཆམ་འདི་མཇུག་བསྡུ་ནུག་ཏེ་ མཇུག་བསྡུ་སྟེ་ ནངས་པ་དྲོ་པ་ཧ་སག་ སེངྒེ་འཆམ་མཇུག་བསྡུ་བའི་ཉིན་མར་ ཡར་ལས་འབྱོགཔ་ཅིག་འོང་འོངམ་མས། ལྟདམོ་ལྟ་མི་འབྱོགཔ་ཅིག་ རྟ་ཅིག་འཁྱིད་སྦེ་འབྱོགཔ་ཅིག་འོང་སྟེ།
- བླམ་རྡོ་རྗེ་ Lam Dorjiའབྱོགཔ་འདི་ལྟདམོ་ལྟ་ ཕྱི་རུ་ཞབས་ཁྲ་རྐྱབ་སར་ལྟདམོ་ལྟ་ ལྟདམོ་ལེགས་ཤོམ་འབད་ལྟ་ འབྱོགཔ་འདི་ཆང་དྲངས་ཏེ་སྡོད་ནུག་ཕྱི་རུ་ ནངས་པ་དྲོ་པ་ཧ་སག་སྟེ་འགྱོ་ནུག་ཏེ་ཁོ་ རྟ་ཡང་འཁྱིད་འགྱོ་སྟེ་ དཀྱི་གི་ལ་ཟེར་སར་ལྷོདཔ་ད་ རྟ་དཀརཔོ་མི་དཀརཔོ་གཅིག་ཆིབས་ཏེ་ སིང་སིང་བཏང་ བྱོན་དོ་ཟེར་ཨིན་པས་ ཡར་ལས་གདོང་སྐོར་འབད།
- བླམ་རྡོ་རྗེ་ Lam Dorjiཡར་ལས་ཡར་ དེ་ལས་ཡ་ཁྱོད་ག་ཏེ་འོངམ་སྨོ་ཟེར་དྲིཝ་ད་ ང་བྱམས་ལྷ་ཁང་ལས་འོངམ་ཨིན་ཟེར་ཞུ་སྟེ་ ཏེ་བྱམས་པ་ལྷ་ཁང་སེངྒེ་འཆམ་ཟེར་མི་ཅིག་ཡོདཔ་ཨིན། འདི་གྲོལ་ནུག་ག་མ་གྲོལ་བས་ག་ ཟེར་སླབ་ནུག ཡ་ སེངྒེ་འཆམ་འདི་ ཁ་ཙ་ལས་གྲོལ་སོང་ཡི་ ང་ཡང་ཕར་ཆང་འཐུང་སྡོད་དེ་ ད་རེས་འོང་ཡི་ ཁ་ཙ་ཞག་ཕར་ལུས་སོ་ནུག ད་རེས་རྐྱངམ་ཅིག་འོངམ་ཨིན་ཟེར་ ཞུ་ཞུཝ་མས་ཁོ་གིས།
- བླམ་རྡོ་རྗེ་ Lam Dorjiཡ་ སེངྒེ་འཆམ་གྲོལ་སོ་ཡི་བུ་ཟེརཝ་ད་ གྲོལ་ཡི་ཟེར་ཞུ་ནུག ཨ་ཁ་ ད་དེ་སྦེ་འབད་བ་ཅིན་ ཁྱོད་ཀྱིས་སླབ་སྨ་རེད་ཟེར་ སེངྒེ་འཆམ་འདི་ ལྷག་ཆད་མ་རྩིས་ཤིག་ ཤར་ར་ར་བརྩིས་བཅུག་སྨ་རེད་ ཁྱོད་ཀྱིས་སླབ་ཤིག་ཟེར་ མི་འདི་ཡལ་སོ་ཡི་ཟེར་ཨིན་པས།
- བླམ་རྡོ་རྗེ་ Lam Dorjiམི་ཡལ་ཏེ་འགྱོ་སྦེ་ ཏེ་སྤ་རོ་སྐྱིད་ཆུ་གི་ ཕར་གྱི་ཇོ་བོ་ཤཱཀྱ་མུ་ཎི་བྱོན་བྱོནམ་མས་འཛོམས་འདུ་ནང་། ཇོ་བོ་གསུམ་འཛོམས་ཨིན་ཟེར་ཨིན་མས་འདི་ནང་ འཛོམས་འདུ་ནང་ དེ་བསྒང་སེངྒེ་འཆམ་རྐྱབ་དགོ་པའི་ཁུངས་འདི་ཨིན་པས་ལགས།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ སེངྒེ་འཆམ་ སེངྒེ་འདི་ག་དེ་སྦེ་སྨོ་ཟེར་བ་ཅིན་ ཁོང་གིས་ཨོ་མོ་ལྷ་ས་མ་ཎི་འཐེན་དགོ་གཞས་རྐྱབ་ད་ སེངྒེ་འཆམ་གྱི་གཞས་རྐྱབ་ད་
- བླམ་རྡོ་རྗེ་ Lam Dorjiསྐུ་བཞེངས་ག་བཞེངས་སེངྒེ་རབ་བརྟན་སྐུ་བཞེངས། །ག་དེ་སྦེ་ དེ་སྦེ་མ་མཛད་པར་ འཇིག་རྟེན་ཁམས་གསུམ་སྲིད་པར་བྱོན་དགོ་པས། །ཟེར་འདུག་བ། འདི་ཚུ་ད་ལྟོ་ཕར་བཏོན་ནི་མེདཔ་འོང་ ནངས་པར་ལེགས་ཤོམ་འབད་ཞུ་གེ་ ལེགས་ཤོམ་མི་འོང་།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ བྱོན་དགོ་པས་ཟེར་ སྐུ་བཞེངས་ཤིག་ཟེར་ དེ་ལས་ བཞེངས་ཞིནམ་ལས་ ད་བྱོན་ཤིག་ཚུར་བྱོན་ཤིག་ཟེར་ ད་ལོ་ཕྱུགས་རྟག་ཏུ་ལེགས་ ཆར་ཆུ་དུས་སུ་འབབ་ ནད་མུག་འཁྲུག་རྩོད་ཞི་ནིའི་དོན་ལུ་(?) ད་བྱོན་དགོ་པས་ཟེར་ ད་གསོལ་ཁ་ཕུལ་ནི་ཨིན། ད་དུས་རནམ་ཨིན། བྱོན་དགོ་ཟེར་ དེ་ལས་ སེངྒེ་ཞུ་འོང་སྟེ།
- བླམ་རྡོ་རྗེ་ Lam Dorjiསེངྒེ་ཞུཝ་ད་ སེངྒེ་རྐྱངམ་ཅིག་མེན་པས་ཏེ་ ཇོ་བོ་ཕེབས་དགོ་པས་ཏེ་ཆིབས་ཏེ་ ཇོ་བོ་བྱོན་དགོ་པས་ཏེ་ཇོ་བོ་ དེ་ལས་ ཇོ་བོ་ཆིབས་ཏེ་བྱོན་ ཇོ་བོ་སེངྒེ་གུ་ཆིབས་ཞིནམ་ལས་ དེ་ལས་ སེངྒེ་འདི་ ད་རེས་དེ་སྦེ་བཞུགས་ཏེ་མི་བཏུབ་ གངས་སྟོད་དགུང་སྟོད་བསྐོར་བ་བྱོན་དགོ་ཟེར།
- བླམ་རྡོ་རྗེ་ Lam Dorjiཤར་ཕྱོགས་རྒྱལ་པོ་གཟིགས་པར་བྱོན་དགོ ལྷོ་ཕྱོགས་རྒྱལ་པོ་གཟིགས་པར་བྱོན་དགོ ནུབ་ཕྱོགས་རྒྱལ་པོ་གཟིགས་པར་བྱོན་དགོ བྱང་ཕྱོགས་རྒྱལ་པོ་གཟིགས་པར་བྱོན་དགོ་ཟེར་ ད་ཤར་ཕྱོགས་རྒྱལཔོ་ལུ་གསོལ་ཁ་ཕུལ་དགོ ལྷ་ཕྱོགས་རྒྱལ་པོ་གསོལ་ཁ་ཕུལ་དགོ ཏེ་སེངྒེ་གུ་ཇོ་བོ་ཆིབས་ཏེ་བྱོནམ་ད།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ ཤར་ཕྱོགས་རྒྱལཔོ་ལུ་གསེར་སྐྱེམས་ཕུལ་ ཤར་ཕྱོགས་རྒྱལ་པོར་གསེར་སྐྱེམས་ཕུལ་ ལྷོ་ཕྱོགས་རྒྱལཔོ་འབད་སར་བྱོན་ཏེ་ ལྷོ་ཕྱོགས་རྒྱལ་པོར་གསེར་སྐྱེམས་ཕུལ་ ཚོགས་ཕུལ་ དེ་ལས་ ནུབ་ཕྱོགས་རྒྱལ་པོར་གསེར་སྐྱེམས་ཕུལ་ ཚོགས་ཕུལ་ བྱང་ཕྱོགས་རྒྱལ་པོར་གསེར་སྐྱེམས་ཕུལ་ ཚོགས་ཕུལ་ཏེ།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ སྔ་མ་ལེགས་པའི་གཏང་རག་ ཕྱི་མ་ལེགས་པའི་[ལོ་འདི་?] ད་འབདན་གསོལ་ཁ་འདི་ཨིན་ནོ་ཟེར་ ཚོགས་ཏིང་མར་སྒོ་ར་ཁ་ལས་བཤགས་བཏང་དགོ་བ་ འདི་ཚུ་ག་ར་ ང་བཅས་འབད་བ་ཅིན་ ང་ལ་མ་འདོད་ ང་ལ་མ་བྱིན་ཟེར་འོང་དོ་བ་འདོད་པ་ འདི་ཚུ་བུ་ལོན་གྱི་ལན་ཆགས་འདི་ཚུ་ དེ་བསྒང་བཤགས་ཏེ་ཚོགས་ཕུལ་ དེ་ལས།
- བླམ་རྡོ་རྗེ་ Lam Dorjiནང་ན་བྱོན་ཏེ་ དེ་ལས་ ནང་ན་བྱོན་ཏེ་ ནང་ན་བྱོན་ཞིནམ་ལས་ དེ་ལས་ གངས་སྟོད་དགུང་སྟོད་བསྐོར་ཏེ་ འོ་བརྒྱལ་ཡི་ཟེར་ ད་གསུམ་ཆང་མར་ཆང་བཞེས་ཤིག་ཟེར་ གངས་སྟོད་བསྐོར་ཏེ་འོ་བརྒྱལ་ཡི། །དགུང་སྟོད་བསྐོར་ཏེ་འོ་བརྒྱལ་ཡི་ཟེར་ མཚོ་སྟོད་བསྐོར་ཏེ་འོ་བརྒྱལ་ཡི་ཟེར་ ད་ཁྱོད་འོ་བརྒྱལ་ཡི་ ད་འབདན་བྱོན་ཤིག་ཟེར།
- བླམ་རྡོ་རྗེ་ Lam Dorjiད་མར་ཆང་བཞེས་ཤིག་ཟེརཝ་ད་ སེངྒེ་ལུ་མར་ཆང་ཕུལ་དགོ་ ཟངས་སྦོམ་ཅིག་གི་ནང་ སིང་ཆང་བཀང་སྟེ་ གདོང་ཁར་བཀལ་འབད་ཞིནམ་ལས་ སེངྒེ་མར་ཆང་ཚར་གསུམ་བཞེས་དགོ་ ཚར་གསུམ་བཞེས་ཞིནམ་ལས་ དེ་ལས་ མར་ཆང་ཁ་ལས་བུད་མི་ཚུ་ བྱིན་རླབས་ཞུ་དགོ་ང་བཅས་ར།
- བླམ་རྡོ་རྗེ་ Lam Dorjiབྱིན་རླབས་ཞུ་དགོ་ བྱིན་རླབས་འཇུག་ འ་ནཱི་ཚེའི་དངོས་གྲུབ་ ནོར་ཚེའི་དངོས་གྲུབ་ག་ར་ཐོབ་ཅི་ཟེར་ དེ་སྦེ་ཞུ་དགོ སེངྒེའི་ཁུངས་དེ་སྦེ་ཨིན་པས་ལགས། ང་གིས་དེམ་ཅིག་མ་གཏོགས་ཞུ་མི་ཤེས་པས་ལགས།
- བླམ་རྡོ་རྗེ་ Lam Dorjiསེངྒེ་འཆམ་འ་ནེམ་ཅིག་ཨིན་ དེ་ལས་ འདི་ཚུ་ག་ར་མཇུག་བསྡུ་ གྲོལ་ཞིནམ་ལས་ དེ་ལས་ ཕྱི་རུ་ཆོ་གུ་གྲོལཝ་ཅིག་ སེངྒེ་གི་མགུ་ཏོ་ཁར་ དར་ཤིང་ཅིག་འོང་ དར་ཤིང་འདི་འབྲུ་བྲེ་གང་ནང་ དར་ཤིང་འདི་བཙུགས་འབད་ཞིནམ་ལས་ དེ་ལས་ གཏོརམ་ཅིག་ཡོད་ གཏོརམ་དང་སྦྲགས་ཏེ་འདི་ཞུ་སྟེ་ གནསཔོ་ཕྱི་རུ་ རྩ་བོ་སྦྱིན་བདག་ག་ཨིནམ་ཅིག་ འདི་ཞུ་ཞིནམ་ལས་ སྐྱེལ་བར་འབག་དགོ
- བླམ་རྡོ་རྗེ་ Lam Dorjiཨ་ནཱི་ཞུ་སྟེ་སྐྱེལཝ་ད་ འ་ནཱི་ནང་ན་མ་བཙུགསཔ་ལས་ ཧེ་མ་འགྱོ་མི་མཚམས་ཅིག་ནང་ན་འཛུལ་ཚར་ བར་ན་ཚུན་འཛུལ་ཚརཝ་ཅིག་ མཇུག་གི་ཚུ་ནང་ན་མ་ལྷོདཔ་ཅིག་ཁ་ལས་ སྒོ་བཱན་ (speaker speaking Hindi) བསྡམ་དགོ་ཏེ།
- བླམ་རྡོ་རྗེ་ Lam Dorjiསྒོ་བསྡམས་ཞིནམ་ལས་ དེ་ལས་ སྒོ་བཤད་རྐྱབ་དགོ་ཏེ་ ནང་ན་གིས་ ཁྱོད་ཕྱི་ཁར་གྱི་ཚུ་ ནང་ན་འཛུལ་མི་བཅུག་ཟེར་ ནང་ན་འོངམ་ད་ འོང་ཆོག་ཆོག་འོང་ག་ཟེར་ ཁྱོད་ལུ་ག་ཅི་ཡོད་ ག་ཅི་འབག་འོང་ཡི་ཟེར་ དེ་སྦེ་ཁྱོད་ཚུ་འཛུལ་མི་ཆོག་ཟེར་སླབ་ ང་བཅས་ནང་ན་དེ་སྦེ་ཨིན་ཟེར།
- བླམ་རྡོ་རྗེ་ Lam Dorjiའཛུལ་མི་ཆོག་ཟེརཝ་ད་ དབའེ་དེ་སྦེ་མ་འབད་ ང་བཅས་ནང་ན་འཛུལ་དགོ་ཟེར་ ཡོད་ན་མེད་ན་གཉིད་ཁུག་འབག་འབག་ཁུག་ཁུག་ཡོད་ང་བཅས་ལུ་ཟེར་ སྟེང་དུ་རྫས་ཀྱི་དངོས་གྲུབ་ཡོད་ བར་དུ་ནོར་གྱི་དངོས་གྲུབ་ཡོད་ ང་བཅས་ལུ་དངོས་གྲུབ་ཡོད་ཟེར་ ག་དེ་སྦེ་འོང་མ་ཆོགཔ་སྨོ་ང་བཅས་ཟེར་ སྒོའི་ལྷ་མོ་སྒོ་ཕྱེས་ཟེར་ དེ་སྦེ་ག་དེ་སྦེ་སྨོ་ཟེར་ དེ་ལས་ ག་དེ་སྦེ་འབད་ཟེར་ འཛུལ་མི་ཆོག་ཟེརཝ་ད་ ག་ཏེ་འོང་ནི་ཟེར་ ཁྱོད་ཚུ་ལུ་ག་ཅི་ཡོདཔ་སྨོ་ཟེར།
- བླམ་རྡོ་རྗེ་ Lam Dorjiདེ་སྦེ་འབད་བ་ཅིན་ ནང་ན་འཛུལ་བ་ཅིན་ སྒོ་བཤད་རྐྱབ་ཤིག་ཟེར་ སྒོ་ནམ་གྱི་ཉིན་མར་ ལྷོང་ལྷོངམ་ཨིན་ན་ སྒོ་བཤད་ཁྱོད་ཚུ་གིས་རྐྱབ་ཤིག་ཟེར་ སླབ་དགོ་ཏེ་ནང་ན་སྡོད་མི་གིས།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ སྒོ་ཁར་སྡོད་མི་གིས་ སྒོ་བཤད་རྐྱབ་དགོ་ སྒོ་འདི་གི་ཉིན་མར་ ལྷོང་ལྷོངམ་ཨིན་ དེ་སྦེ་འབད་འབདཝ་ཨིན་ དེ་སྦེ་སྒོ་བཤད་རྐྱབ་དགོ་ ཡ་དེ་སྦེ་འབད་བ་ཅིན་ སྒོ་བཤད་རྐྱབ་ཚར་བ་ཅིན་ ནང་གི་ཨམ་གི་མིང་བཏོན་དགོ་ སླབ་ཤིག་ཟེརཝ་ད་ འདི་མིང་བཏོན་ཏེ་ སླབ་དགོ་ཏེ་ དེ་ལས་ ཡ་དེ་སྦེ་འབད་བ་ཅིན་ཤོག་ད་འབདན།
- བླམ་རྡོ་རྗེ་ Lam Dorjiཁྱོད་འདི་ཚུ་གིས་ དངོས་གྲུབ་འབག་འབག་ཁུག་འབག་སྟེ་འོང་ནུག བྱོན་ཤིག་ཟེརཝ་ད་ དངོས་གྲུབ་འདི་ དར་ཤིང་གུ་དཔྱངས་མི་འདི་ དངོས་གྲུབ་ཨིན་བ་ འབྲུ་འབྲེ་གང་སྦེ་ ནང་ན་ཞུ་སྟེ་ནང་ན་ཐར་ ནང་ན་ཐར་ཏེ་ ད་ཁྱོད་མཁས་པ་རང་འདུག
- བླམ་རྡོ་རྗེ་ Lam Dorjiད་ཁྱོད་ཀྱིས་ག་ཅི་ཡང་ཤེས་པས་ དེ་ལས་ གདན་ཐིང་དགོ་གདན་ གདན་ཐིང་སྟེ་ མར་ཆང་བཀང་དགོ་ གདན་ཐིང་ མར་ཆང་བཀང་ཞིནམ་ལས་ ད་གདན་གྱི་བཤད་པ་ཅིག་རྐྱབ་གནང་ཤིག་ཟེར་ དེ་ལས་ ཧེ་མ་རང་ གདན་གྱི་བཤད་པ་རྐྱབ་དགོ་བཤད་པ།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ མར་ཆང་གི་ཀ་བ་བཀལ་དགོ་པ་ཅིན་ ཀ་བ་གི་བཤད་པ་རྐྱབ་ཤིག་ཟེར་བ་ཅིན་ ཀ་བ་གི་བཤད་པ་རྐྱབ་དགོ་ མར་ཆང་ཁྲོ་གི་བཤད་པ་རྐྱབ་དགོ་ དེ་ལས་ ཆང་བཤོ་གི་བཤད་པ་རྐྱབ་དགོ་ དེ་ལས་ ཀུ་གི་བཤད་པ་རྐྱབ་སྟེ་རྫོགས་ཞིནམ་ལས་ ཡ་ད་འབདན་ཨིན་པས་ཤོག་ཟེར་ དེ་ལས་ མར་ཆང་ཕུད་གཏོར་སྦེ།
- བླམ་རྡོ་རྗེ་ Lam Dorjiབླམ་འདི་ཚུ་གིས་གཏོར་ དེ་ལས་ ཇ་དྲངས་ དེ་ལས་ དགའ་བ་ཞབས་ཁྲ་རྐྱབ་ བཞེས་སྒོ་ཡོད་རུང་ ཆང་ཡོད་རུང་དྲངས་སྦེ་ དེ་བཟུམ་སྦེ་ཨིན་པས་ལགས། འ་ནེམ་ཅིག་ཨིན་པས་ལགས། འ་ནཱི་བཤད་པ་ཨ་ཙི་རྐྱབ་དགོ་ལགས། སྒོ་ལས་སྒོ་བཤད་དུམ་གྲ་ཅིག་རྐྱབ་དགོ་ ཨོ་མོ་ལྷ་ས་མ་ཎི་ལས་འགོ་བཙུགས་རྐྱབ་དགོ་ཏེ།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ རྩོད་པ་རྐྱབ་ ནང་ན་གིས་ ཕར་རྩོད་པ་རྐྱབ་ ཕྱི་ཁར་སྡོད་མི་གིས་ ནང་ན་ལུ་རྩོད་པ་རྐྱབ་སྟེ་ དངོས་གྲུབ་འབག་འབག་ཁུག་ ག་ཅི་རང་འབག་ཡི་ཟེར་རྐྱབ་དགོ་ཕར་ལས་ཚུར་ དངོས་གྲུབ་འབག་འབག་ཁུག་དེ་སྦེ་ཡོད་ ང་བཅས་འབག་འོང་ཡི་ཟེར་ སྒོ་ཕྱེས་ཤིག་ ང་བཅས་འཛུལ་ནི་ཨིན་ཟེར་ (speaker Laughs) གྱང་སྟེ་འབད་མི་ཚུགས་སྒོ་ཁར་ མགྱོགས་པར་མགྱོགས་པར་བཙུགས་མི་བཏུབ་ནང་ན་ (speaker Laughs) གྱང་ཡི་རང་སྡོད་དགོ།
- བླམ་རྡོ་རྗེ་ Lam Dorjiའདི་ཁར་དུམ་གྲ་ཅིག་གྱང་བཅུག་ནི་ཡོད། དེ་འབདཝ་ད་ ད་ཨ་ལོ་འདི་ཚུ་གིས་ ཤེས་པས་ག་མི་ཤེས་པས་ག་ སླབ་མི་ཤེས་པས། ཤེས་པས་ག་མི་ཤེས་པས་ག་ སླབ་མི་ཤེས་པས། ཧེ་མ་འདི་ བཤད་པ་རྐྱབ་དགོ་ བཤད་པ་རྐྱབ་དགོ་ སྒོ་བཤད་རྐྱབ་ དེ་ལས་ ཁྱིམ་ནང་འཛུལཝ་ཅིག་ ཨེ་ཧུ་ཧུ་འབད་ འཛུལ་ནི་ཡོད་ནང་ན་ དི་རི་རི་འཛུལ་འོང་།
- བླམ་རྡོ་རྗེ་ Lam Dorjiའོངམ་ད་ ནང་ན་ལྷོདཔ་ཅིག་ ཁོང་འདི་འབད་མི་བཅུག་ཏེ་ ཁྱོད་ཚུ་འཛུལཝ་ད་ འཛུལ་ཆོག་ཆོག་མེད་ ང་བཅས་མར་གསེར་གྱི་སྤར་རི་ག་ཅི་ཨིན་པས་ཟེར་ འདི་གིས་བཤད་པ་རྐྱབ་ཤིག་ཟེར་ དེ་ལས་ གསེར་གྱི་སྤ་རི་གི་ བཤད་པ་རྐྱབ་དགོ་ཏེ་ཁོང་།
- བླམ་རྡོ་རྗེ་ Lam Dorjiསྤར་རི་གི་བཤད་པ་རྐྱབ་ དེ་ལས་ ཡ་ཨིན་པས་ མར་ཆང་གི་ཀ་བ་གི་བཤད་པ་རྐྱབ་ཤིག་ཟེར་ རྐང་གསུམ་འདི་ཚུ་གི་ དེ་ལས་མར་ཆང་གི་བཤད་པ་རྐྱབ་སྟེ་ ག་ར་མཇུག་བསྡུ་ཞིནམ་ལས་ ཡ་ད་འབདན་ ཁྱོད་དངོས་གྲུབ་འབག་འབག་ཁུག་ཁུག་ཨིན་པས་ བདེན་པས་ཟེར་ དེ་ལས་ གཏོརམ་ཁྲི་གུ་བཀལ་འབད་ཞིནམ་ལས་ཁོང་ དེ་ལས་ ཁོང་ཆ་ཁྱབ་ས་ཁར་སྡོད།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ མར་ཆང་བཀང་ དེ་ལས་ ཇ་དྲངས་ཏེ་ དེ་ལས་ ཞབས་ཁྲ་རྐྱབ་འོང་ དེ་སྦེ་འབད་དོ་ལགས། ང་གིས་ཧེ་མ་འདི་ནང་ བཅའ་མར་གནམ་མེད་ས་མེད་མ་གཏོགས་ལགས། འདི་ནང་ མ་གཏོགས་འདི་ནང་ ང་བཅས་ལུ་མི་ཕོག་འདི་ལགས། འདི་བྱམས་པ་ལྷ་ཁང་གི་སེངྒེ་གི་སྐོར་ང་བཅས་ལུ་ གནམ་མེད་ས་མེད་མི་ཕོག་ལགས།
- བླམ་རྡོ་རྗེ་ Lam Dorjiརོགས་སྣ་བོ་ཆེ་འཕེལ་ལུ་ ཁོང་ར་ཧེ་མ་ཕར་གྱི་རྒྱུད་པ་ཨིན་ཟེར་སླབ་མས། རྒྱུད་པ་ཨིནམ་མེནམ་མ་ཤེས་ ཁོང་ཆ་ཁྱབ་ཀྱིས་རྐྱབ་མས་ ཁོང་འདི་རྐྱབ་དགོ་མི་འདི་ཡང་ ཁོང་ལུ་འབབ་ཁུངས་ཅིག་ཡང་འདུག་བ་ འ་ནི་ཁོང་གིས་བདག་འཛིན་འབདཝ་མས།
- བླམ་རྡོ་རྗེ་ Lam Dorjiའདི་རྦད་བཤད་རྐྱབ་དགོ་བ་ རྦད་ག་ཡང་ཤེས་མི་མིན་འདུག་ད་ ཧེ་མ་ཨབ་ཅིག་ཡོད་ ཨབ་འདི་གིས་བཤད་ནི་ཡོད་ ད་ད་ལྟོའི་ཨ་ལོ་འདི་ཚུ་གིས་འདི་ ག་གིས་ཡང་མི་བཤད་ མི་ཤེས་ སེངྒེ་ཁུངས་དེ་སྦེ་ཨིན་པས་ལགས་ སེངྒེ་ཁུངས་འདི།
- བླམ་རྡོ་རྗེ་ Lam Dorjiག་དེ་སྦེ་འབད་རུང་ ནངས་པར་གནངས་ཚེ་ ཁོང་ལུ་ཚར་གཅིག་གསུངས་ཏེ་གཟིགས་ཤིག་ ག་དེ་སྦེ་སླབ་མས་ག་རོགས་ཀྱིས་ བདེན་ག་མི་བདེན་ ཡང་ཅིན་ ལེགས་ཤོམ་ཅིག་བཤད་ནི་འོང་ ཡང་ན་མི་བཤད་ནི་ཅིག་འོང་ ག་དེ་སྦེ་ཨིན་ན་ སེངྒེ་གི་འབྱུང་ཁུངས་ རོགས་ཁོ་གངས་ཆེན་ཀུན་ལ་མཁའ་རི་ལས་ ཇོ་བོ་འདི་ཇོ་བོ་ཚབ་འབད་དེ་ཞུ་འབག་ནུག་བ་ ནང་ལུ་ཐུགས་སྦེ་ཞུ་འབགཔ་ད་ དེ་ལས་ཏེ་ སེངྒེ་གུ་སྦེ་ཆིབས་ཏེ་ འབག་འབགཔ་ཨིན་ཟེར་ཨིན་པས།
- བླམ་རྡོ་རྗེ་ Lam Dorjiཆིབས་བྱོནམ་ད་ལུ་ཞལ་འཛོམས་ཟེར་ ལྷ་ས་ཇོ་བོ་ཡང་བྱོནམ་ཨིན་པས་ ཕར་སྤ་རོ་སྐྱིད་ཆུ་གི་ཇོ་བོ་ཡང་བྱོན་སྦེ་ ཞལ་འཛོམས་ཟེར་ དེ་ལས་ ང་བཅས་ར་གིས་འབད་བ་ཅིན་ ད་ ད་རིས་ཞལ་འཛོམས་འབད་དེ་ འབདཝ་ལས་མེན་པ་ཊི་(མཛར་ཅུམ) འ་ནཱི་བཟུམ་ཅིག་འབདཝ་ཨིན་པས།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ཏེ་ བྱམས་པ་ལྷ་ཁང་ལུ་ སྒོའི་ལྷ་མོ་ལུ་ སྒོ་སྲུང་གཉིས་ཡོད་ སྒོ་གཅིག་རྒྱལ་པོ་ གཅིག་ལྷ་མོ་ཨིནམ་བ་ ལྷ་སྲུང་ལུ་གསོལ་ཁ་ཕུལ་དགོ་ ཁོང་ར་ཚོགས་ཀྱི་པད་སྡེར་ཅིག་གི་ནང་ དཀར་མེ་རེ་བཟོ་སྟེ་ དེ་ལས་ སེངྒེ་གངས་སྟོད་དགུང་སྟོད་བསྐོར་ཏེ་ དེ་ལས་ ད་བྱོན་ཤིག་ཟེར་ ད་ ད་རིས་ ད་གཟིགས་པར་བྱོན་ཤིག་ཟེར།
- བླམ་རྡོ་རྗེ་ Lam Dorjiད་ཤར་ཕྱོགས་རྒྱལ་པོ་གཟིགས་པར་བྱོན་ཤིག ལྷོ་ཕྱོགས་རྒྱལ་པོ་ག་དེ་སྦེ་ཡོད་ག་ ད་ལྷོ་ཕྱོགས་རྒྱལ་པོ་ ཤར་ཕྱོགས་རྒྱལ་པོ་ ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་སྲུང་ ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོ་ ནུབ་ཕྱོགས་རྒྱལ་པོ་སྤྱན་མི་བཟང་ བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས་ཟེར་ཡོད་བ་ འ་ནཱི་འདི་ཚུ་ ད་འབདན་ ཕར་ཚུར་བྱོནམ་ད་གནམ་མེད་ས་མེད་བཀའ་དྲིན་ཆེ་བས་ཟེར་སླབ་འོང་ལགས།
- བླམ་རྡོ་རྗེ་ Lam Dorjiའ་ནཱི་འདི་ཚུ་འབད་སར་བྱོན་ཏེ་ དེ་ལས་ འདི་ཚུ་ཞུ་སྟེ་ དེ་ལས་ ཡར་གསེར་སྐྱེམས་འདི་ཚུ་ཕུལ་སྦེ་ དེ་ལས་ནང་ན་བྱོན་ཏེ་ འོ་བརྒྱལ་ཡི་ཟེར་ དེ་ལས་ གངས་སྟོད་དགུང་སྟོད་བསྐོར་ཏེ་ འོ་བརྒྱལ་བརྒྱལཝ་ཨིན་ ད་འབདན་ཏེ་ ད་མར་ཆང་བཞེས་ཤིག་ཟེར་ འབདཝ་ད་ སེངྒེ་མར་ཆང་བཞེས་དགོ་ དེ་ལས་ མར་ཆང་བཞེསཔ་ད་ མར་ཆང་ཚར་གསུམ་ ལན་ཐེངས་གསུམ་བཞེས་ཞིནམ་ལས་ དེ་ལས་ ཡར་ལས་འབད་དྲངསམ་ད་ མར་ཆང་བཞེསཔ་ད་ཁ་ལས་བུད་འོང་བ་ འ་ནཱི་འདི་ ང་བཅས་ར་ ཏེ་དངོས་གྲུབ་ཞུ་དགོ་ དངོས་གྲུབ་ཞུ་བ་ཅིན་འདི་ ལེགས་ཤོམ་ཨིན་ཟེར་སླབ་ནི་ཡོད་ ང་བཅས་རའི་བར་ཆད་སེལ་ དེ་ལས།
- བླམ་རྡོ་རྗེ་ Lam Dorjiཚེའི་བར་ཆད་ ནོར་གྱི་དངོས་གྲུབ་ འདི་ཚུ་ ཚེ་ལུ་བར་ཆད་སེལ་ ཚེའི་དངོས་གྲུབ་ཐོབ་ཟེར་ དེ་སྦེ་འབད་འོང་ལགས་ འ་ནཱི་ལེགས་ཤོམ་ཨིན་ དངོས་གྲུབ་གནངམ་ཨིན་འདི་ དེ་སྦེ་རྫོགས་སྦེ་ དེ་སྦེ་ཞུ་ནི་ཡོད་ལགས།། །།