Skip to main content Skip to search
28 Jan 2016
5 min 43 sec
Video Overview
Creators: 
Rinzin Dema, Tshering Bidha

Oral genres like tsangmo, or proverbs, are humorous and satirical. In the case of tsangmo, half of the couplet or the tsangmo are satire. A tsangmo can either be praise or critique, never neutral. In this video, women from Sangkiri in Haa form two groups to perform a tsangmo, singing beautiful couplet verses to each other. When one group sings a tsangmo, the other group imagines a reply, or discusses how to reply to it. The women say that in the past people used to perform lozeys and tsangmos while working in the fields, in the form of questions and answers, or as friendly competition.

 

ཧཱ་ སངས་སྐྱིད་རི་ལས་ ནང་གི་ཨམ་ཆ་ཁྱབ་ཀྱིས་ སྡེ་ཚན་གཉིས་བཟོ་སྟེ་གཙང་མོ་འཐེནམ་ཨིན་མས། ཁོང་གིས་བཤད་མི་ནང་ ཧེ་མ་ ལཱ་འབད་བའི་ཞོར་ཁར་ གཙང་མོ་དང་བློ་ཟེའི་ཁྱད་ཕྱད་ནི་ཡོདཔ་ཨིན། ད་རེས་ གཙང་མོ་ཅིག་འཐེནམ་ཨིན་ཟེར་ གཙང་མོ་འཐེནམ་ཨིན་པས། ཕར་ལོགསམ་གིས་འཐེནམ་ད་ བར་ན་བློ་སླབ་མི་འདི་ ཕར་ལོགསམ་གི་ལན་ འ་ནི་སྦེ་འཐེན་གེ་ཟེར་ བསྟུན་གྲོས་རྐྱབ་དོ་ཡོདཔ་མས། དེ་སྦེ་ བསྟུན་གྲོས་རྐྱབ་ཅི་ར་འཐེན་འབདཝ་ད་ ཁོང་ར་ ལོ་ན་རྒས་ནི་འདི་གིས་ དབུགས་བདའ་མ་ཟུན་པར་ལཱ་ཁག་བཏང་ཡི་ར་འཐེན་པའི་མཇུག་གི་གཙང་མོའི་ཚིག་རྐང་བཞིཔོ་འདི་ བྱ་གཅིག་ནམ་ལུ་འཕུར་སོང་། །སྒོང་རྡོག་ས་ལུ་ཤོར་སོང་། །བྱ་མོ་དམ་ཚིག་ཡོད་ན། །སྒོང་རྡོག་གཡས་བསྐོར་རྐྱབ་ཤོག །ཟེར་ ཚིག་ག་ནི་བ་ཧན་ཏོང་ཏོང་སྦེ་འཐེནམ་ཨིན་པས།

 

Transcript search
No results found for this search
0 of 0
  • གསང་སྐྱིད་རིའི་ཨམ་ཚུ: Sangkey Ri ladies.
    ཏེ་དང་ཕུགས་ང་བཅས་ལཱ་འབད་ ལཱ་འབད་སའི་སྒོ་ཁ་ལུ་ཏེ་ ང་བཅས་ར་གཙང་མོ་མཁས་ཕྱེད་ བློ་ཟེ་མཁས་ཕྱེད་འབད་ནི་ཡོད་པ་ ཏེ་ད་རེས་འ་ན་ལུ་ཏེ་ ང་བཅས་ར་གཙང་མོ་ཅིག་ཕུལ་གེ་ལགས།
  • གསང་སྐྱིད་རིའི་ཨམ་ཚུ: Sangkey Ri ladies.
    ཡ་ཨམ་རྒྱལམོ། ད་འཐེན་ནི་ཨིན་ན།?
  • གསང་སྐྱིད་རིའི་ཨམ་ཚུ: Sangkey Ri ladies.
    ཁྱོད་གཉིས་ལ་མའི་རྒྱབ་ཀྱི། ། དངས་ཀ་དྲོང་ཏོ་ལ་ཨིན་མས། ། ང་ནི་ལ་མའི་ཚུར་གྱི། ། སྤུང་རྡོ་ལ་ཤི་ཤི། །ཏེ་འ་ནེ་ཅིག་མས་མེན་ན? [
  • གསང་སྐྱིད་རིའི་ཨམ་ཚུ: Sangkey Ri ladies.
    ཁྱོད་ནི་རྒྱ་མཚོ་ཕར་ཁ། ། ང་ནི་རྒྱ་མཚོ་ཚུར་ཁ། ། ལས་དང་སྨོན་ལམ་ཡོད་ན། ། རྒྱ་མཚོ་ལ་སྦུག་ལུ་འཛོམས་ཤོག་ལོ། །
  • གསང་སྐྱིད་རིའི་ཨམ་ཚུ: Sangkey Ri ladies.
    དགུང་དང་སྤྲིན་གྱི་མཚམས་ལས། ། བྱི་རོགས་གཞན་གྱིས་ལ་བྱས་ཏེ། ། ཉིམ་དང་ཟླ་བ་མེན་པ། ། གཞན་ལ་མཇལ་ཁ་མིན་འདུག །
  • གསང་སྐྱིད་རིའི་ཨམ་ཚུ: Sangkey Ri ladies.
    ཆུ་སྟོད་མི་རྣམས་ལ་འཛོམས་བྱ། ། བྲག་གི་སྐེད་པ་བྱས་ཏེ། ། ཉིན་ལམ་བྱག་གིས་བསྐོར་འདི༼ཏེ༽། ། བསྐོར་རི་༼ར་༽རྐྱབ་ངོ་མ་བདེ། །
  • གསང་སྐྱིད་རིའི་ཨམ་ཚུ: Sangkey Ri ladies.
    དཀར་ཡོལ་ཆག་རུང་ལ་ཆག་གེ ། གཡུ་རལ་ཡལ་རུང་ཡལ་གེ ། རྫབ་ཕྱི་ཕོར་པའི་ནང་ལས། ། དངུལ་ཤན་ལས་ཀྱིས་སྐྱིད་སོང་། །
  • གསང་སྐྱིད་རིའི་ཨམ་ཚུ: Sangkey Ri ladies.
    དཀར་ཡོལ་ཆག་ན་ལ་རྡོ་རྗེ། ། མི་སྡོད་རྒྱ་ལུ་འགྱོ་ནི། ། དཀར་ཕྲུག་ལས་དབང་ཅན་གྱི། ། མ་བཞག་ཁྱོད་ཀྱིས་འཁྱིད་གནང། །
  • གསང་སྐྱིད་རིའི་ཨམ་ཚུ: Sangkey Ri ladies.
    ཕར་རི་སྤང་གི་ལོགས་ལས། ། བྱེད་ནི་གན་འགྲོ་བྱེད་བ༼པ༽། ། ཐོབ་ཚེ་འཐུ་འདི་༼ཏེ་༽མ་བཟའ། ། དུག་གི་ར་དང་ཕྱེད་འོང་། །
  • གསང་སྐྱིད་རིའི་ཨམ་ཚུ: Sangkey Ri ladies.
    ཕར་རི་སྤང་གི་ལོགས་ལས། ། ཤ་ཝ་ཡར་འགྲོ་ལ་མར་འགྲོ། ། མདའ་ཅིག་གཏོང་དགོ་བསམ་རུང་། ། མདའ་ལྕགས་མེད་པ་ལུས་སོང། །
  • གསང་སྐྱིད་རིའི་ཨམ་ཚུ: Sangkey Ri ladies.
    བཙུགས་ན་གསེར་གྱི་ཛི་ཀུ༼མཛུབ་དཀྱི༽། ། མ་བཙུགས་དངུལ་གྱི་མཛུབ་དཀྱི། ། ལྟས་ངན་རག་གི་ཛི་ཀུ༼མཛུབ་དཀྱི། ། རྒྱ་ལམ་སྦུག་ལས་མི་འཐུ། །
  • གསང་སྐྱིད་རིའི་ཨམ་ཚུ: Sangkey Ri ladies.
    ཁམ་བུ་ཁ་ལུ་ལ་ཞིམ་པས། ། མིག་ཏོ་མིག་ལུ་ལ་མཛེས་པས། ། ཁམ་ཤིང་ཁྱོད་རའི་ཧོངས་ལུ། ། སྒོམ་ཅིག་ལ་རྐྱབ་རུང་དགའ་བས། །
  • གསང་སྐྱིད་རིའི་ཨམ་ཚུ: Sangkey Ri ladies.
    བྱ་གཅིག་གནམ་ལུ་ལ་ཕུར་སོང་། ། སྒོང་རྡོག་ས་ལུ་ལ་ཤོར་སོང་། ། བྱ་མ་༼མོ་༽དམ་ཚིག་ཡོད་ན། ། སྒོང་རྡོག་ལ་གཡས་བསྐོར་བརྐྱབ་ཤོག །
  • གསང་སྐྱིད་རིའི་ཨམ་ཚུ: Sangkey Ri ladies.
    ད་བཞག་དགོཔ་མས་ཏེ་ ད་ལན་མིན་འདུག་མེན་ན? ད་བཞག་དཔ་དྲག་པས་ བཞག་ད་ ལན་མིན་འདུག་སྟེ་ ཁོང་གཉིས་རྒྱལཝ་སྦེ་བཞག་ད་ཧ་ཧ་ཧ་ཧ།