Video Overview
This is a video of Tashi Tsomo from Yak Village in Chentsa performing a song called "Sing a Song of Youth." This song is part of a collection of folk songs from the Rebgong cultural area.
- ༼ཡེ་་་་ཤེ་ཡ་རེ་གླུ་བ་ལོ་ལོ་ཡ་རེ་ལེན༽
- གླུ་སང་སང་རྒྱ་རྫོང་ནགས་ནས་ལེན།།༼ཤེ་ཡ་རེ་གླུ་བ་ལོ་ལོ་ཡ་རེ་ལེན༽
- བྱ་ཁུ་བྱུག་གསུང་སྐད་སྙན་སེ་སྙན།།༼ཤེ་ཡ་རེ་གླུ་བ་ལོ་ལོ་ཡ་རེ་ལེན༽
- ནགས་མེ་ཏོག་སྐྱེས་པའི་རྟེན་འབྲེལ་ལ།།༼ཤེ་ཡ་རེ་གླུ་བ་ལོ་ལོ་ཡ་རེ་ལེན༽
- ལུས་ལང་ཚོ་དར་བའི་གླུ་ཞིག་ལེན།།༼ཤེ་ཡ་རེ་གླུ་བ་ལོ་ལོ་ཡ་རེ་ལེན༽
- གླུ་སང་སང་རྨ་ཀླུང་འགྲམ་ནས་ལེན།།༼ཤེ་ཡ་རེ་གླུ་བ་ལོ་ལོ་ཡ་རེ་ལེན༽
- ཉ་གསེར་མིག་གཤོག་རྩལ་འཁྱུག་སེ་འཁྱུག།༼ཤེ་ཡ་རེ་གླུ་བ་ལོ་ལོ་ཡ་རེ་ལེན༽
- ཆུ་ལྷུང་ལྷུང་འབབ་པའི་རྟེན་འབྲལ་རེད།།༼ཤེ་ཡ་རེ་གླུ་བ་ལོ་ལོ་ཡ་རེ་ལེན༽
- རྒྱུ་ལོངས་སྤྱོད་འཛོམས་པའི་རྟེན་འབྲེལ་རེད།།༼ཤེ་ཡ་རེ་གླུ་བ་ལོ་ལོ་ཡ་རེ་ལེན༽
- གླུ་སང་སང་ཁྲོམ་ཆེན་དཀྱིལ་ནས་ལེན།།༼ཤེ་ཡ་རེ་གླུ་བ་ལོ་ལོ་ཡ་རེ་ལེན༽
- ནང་ཕུ་ནུ་དགོད་སྒྲ་ལྷང་སེ་ལྷང་།།༼ཤེ་ཡ་རེ་གླུ་བ་ལོ་ལོ་་རེ་ལེན༽
- སྐྱིད་ཇ་ཆང་འཛོམས་པའི་རྟེན་འབྲེལ་ལ།།༼ཤེ་ཡ་རེ་གླུ་བ་ལོ་ལོ་ཡ་རེ་ལེན༽
- རྒྱུ་ལོངས་སྤྱོད་འཛོམས་པའི་རྟེན་འབྲེལ་རེད།།༼ཤེ་ཡ་རེ་གླུ་བ་ལོ་ལོ་ཡ་རེ་ལེན༽
- གླུ་ཤེས་ནི་མིན་ར་དགའ་ནི་ཡིན།།༼ཤེ་ཡ་རེ་གླུ་བ་ལོ་ལོ་ཡ་རེ་ལེན༽