06 Jan 2016
2 min 57 sec
Video Overview
Creators:
Tibetan & Himalayan Library
This is a video of Tsering Jyi from Yonru Village in Chentsa performing "Sing a Song of Joy." This song is part of a collection of folk songs from the Rebgong cultural area.
འདི་ནི་བསྟོད་གླུ་ཞིག་ཡིན། དབྱར་གྱི་ཟླ་བ་གསུམ་གྱི་རིང་ལ་རྩྭ་ཐང་གི་མཛེས་སྡུག་དང་རྟ་ནོར་ལུག་གསུམ་ལ་ཤ་ཤེད་རྒྱས་ོཡོད་ཚུལ་བརྗོད་ཡོད།
གླུ་འདིའི་ནང་དོན་གཙོ་བོ་ནི་དབྱར་གྱི་ཟླ་བ་གསུམ་གྱི་རིང་ལ་རྩྭ་ཐང་གི་མཛེས་སྡུག་དང་རྟ་ནོར་ལུག་གསུམ་ལ་ཤ་ཤེད་རྒྱས་ཡོད་ཚུལ་བརྗོད་ཡོད།
- ཡེ་་ཡ་རེ་ཡ་རེ་ཨ་གྲགས་སོ་ལོ་ལོ་ཡང་ཡ་རེ་ལེན་གོ
- གླུ་སྐྱིད་པོ་ལེན་ན༼ཨ་གྲགས་སོ་ལོ་ལོ་ཡང༽སྐྱིད་པོ་ལེན།།
- ཟླ་བཞི་བ་ལྔ་པ༼ཨ་གྲགས་སོ་ལོ་ལོ་ཡང༽སྐྱིད་པོ་རེད།།
- འབྲི་ཐུལ་མའི་ནུ་ཁ༼ཨ་གྲགས་སོ་ལོ་ལོ་ཡང༽འཇམ་དུས་རེད།།
- མ་བུ་མོའི་སྣང་བ༼ཨ་གྲགས་སོ་ལོ་ལོ་ཡང༽སྐྱིད་དུས་རེད།།
- ཡེ་་ཡ་རེ་ཡ་རེ་ཨ་གྲགས་སོ་ལོ་ལོ་ཡང་ཡ་རེ་ལེན་གོ
- གླུ་བར་མོ་འཇོག་ནས༼ཨ་གྲགས་སོ་ལོ་ལོ་ཡང༽གཞུག་མ་ལེན།།
- ཟླ་དྲུག་པ་བདུན་པ༼ཨ་གྲགས་སོ་ལོ་ལོ་ཡང༽ཚེས་དུས་ན།།
- རྟ་འདོ་བའི་གྲུག་ཁ༼ཨ་གྲགས་སོ་ལོ་ལོ་ཡང༽བཀང་དུས་རེད།།
- སྟག་ཤ་རའི་སྣང་བ༼ཨ་གྲགས་སོ་ལོ་ལོ་ཡང༽སྐྱིད་དུས་རེད།།
- གླུ་ཤེས་ནི་མིན་ར༼ཨ་གྲགས་སོ་ལོ་ལོ་ཡང༽དགའ་ནི་ཡིན།།