Video Overview
This is a video of Zungbum Thar from Badzong, Amdo performing "Sing a Song of Harmony." This song is part of a collection of folk songs from the Rebgong cultural area.
- ༼ཡེ་་་་་་ཡ་རེ་ཡ་རེ་ཡ་རེ་ལེན་དགོ ཞང་ཨ་དབྱངས་ཟེར་ར་གླུ་ཞིག་ལེན་དགོ༽
- ཤྭ་ར་དཀར་པོ་སྟོད་ལ་ཉེ།།
- འབྲོང་ར་སྨུག་པོ་སྨད་ལ་ཉེ།།
- གཙོད་ར་ཁྲ་མོ་སྐེད་ལ་ཉེ།།
- ཀུན་དང་མཐུན་པའི་གླུ་ཞིག་ལེན།།
- གླུ་བར་མོ་བསྐྱུར་ར་གཞུག་མོ་ལེན།།
- ཕ་དང་ཨ་ཁུ་སྟོད་ལ་ཉེ།།
- མ་དང་སྲུ་མོ་སྨད་ལ་ཉེ།།
- ཚའུ་དང་ཚ་བོ་ཀུན་ལ་ཉེ།།
- ཀུན་དང་མཐུན་པའི་གླུ་ཞིག་ལེན།།
- གླུ་དགའ་དགའ་འཇིག་རྟེན་རྩེད་གླུ་རེད།།