06 Jan 2016
2 min 7 sec
Video Overview
Creators:
Tibetan & Himalayan Library
This is a video of Zungbum Thar from Badzong, Amdo performing "Sing a Song for the Elders." This song is part of a collection of folk songs from the Rebgong cultural area.
འདི་ནི་གཞན་ལ་དོན་བཟང་སྒྲུབ་པར་གདམས་པའི་གླུ་ཞིག་ཡིན། ལོ་ལོན་རྣམས་དང་སྟག་ཤར་ར་རྣམས་པ། མ་སྲུ་མོ་རྣམས་ཀྱིས་དོན་ག་རེ་བྱེད་དགོས་པར་སྐུལ་བའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་ལོ་ལོན་རྣམས་ཀྱིས་ཆུ་ཚོད་ཆུས་ཟོས་སུ་མི་གཏོང་བར་ཚེ་འདི་ཕྱི་གཉིས་ལ་ཕན་པའི་མ་ཎི་འདོན་རྒྱུ་དང་སྟག་ཤར་རྣམས་ཀྱིས་ཁ་ནས་སྐྱབས་འགྲོ་འདོན་རྒྱུ་དང་ལག་ནས་མདའ་རྩལ་སྦྱངས་རྒྱུ། མ་སྲུ་མོ་རྣམས་ཀྱིས་ཁ་ནས་སྒྲོལ་མའི་གཟུངས་འདོན་རྒྱུ་དང་ཕྱུགས་ཟོག་འཚོ་རྒྱུར་གདམས་པའི་གླུ་ཞིག་ཡིན།
- འོ་་་ཡ་རེ་ཡ་རེ་ངས་ཡ་རེ་ལེན་གོ
- ལོ་ལོན་རྣམས་ལ་གླུ་ཞིག་ལེན།།
- ཁ་རང་ང་མ་འདུག་མ་ཎི༙་ཐོན།།
- ལག་རང་ང་མ་འདུག་ཕྲེང་བ་དེད།།
- ཤི་གཤིན་རྗེའི་བར་དོ་མྱུལ་དུས་སུ།།
- ཁ་མ་ཎིའི་ཡན་ན་འགྲོ་རོགས་མེད།།
- ངས་སྟག་ཤར་རྣམས་ལ་གླུ་ཞིག་ལེན།།
- ཁ་རང་ང་མ་འདུག་སྐྱབས་འགྲོ་ཐོན།
- ལག་རང་ང་མ་འདུག་མདའ་རྩལ་སྦྱོངས།།
- གཞུག་ར་མདའི་ད་སྡོད་ཟེར་དུས་ན།།
- མདའ་ཉག་ཕྲན་ཡན་ན་སྲོག་སྐྱོབ་མེད།།
- ངས་མ་སྲུ་རྣམས་ལ་གླུ་ཞིག་ལེན།།
- ཁ་རང་ང་མ་འདུག་ཏ་རེ་ཐོན།།
- ལུས་རང་ང་མ་འདུག་ཕྱུགས་ཟོག་འཚོས།།
- དུས་ནམ་ངན་མུ་གེ་ཐོན་དུས་ན།།
- ཟོག་དུད་འགྲོ་ཡན་ན་འཚོ་རྟེན་མེད།།
- གླུ་ཤེས་ནི་མིན་ར་རྩེད་དགའ་ཡིན།།