Video Overview
This is a video of Takdo from Topden Township in Chentsa performing a song called "Sing the Last Song for the Gathering." This song is part of a collection of folk songs from the Rebgong cultural area.
- ༼ཨོ་ཡེ་་་ཡ་རེ་ཡ་རེ་ངས་ཡ་རེ་ལེན། ཡ་ན་ཟླ་ལོ་ལོ་ངས་གླུ་ཞིག་ལེན༽
- གླུ་མགོ་མ་ལེན་ན་མགོ་མ་ལེན།།
- གླུ་མགོ་མ་ལྷ་ཆེན་མདུན་ནས་ལེན།།
- ལྷ་ཆེན་པོ་སྙན་དར་འཐེན་ན་ལེན།།༼ཡ་ན་ཟླ་ལོ་ལོ་ངས་གླུ་ཞིག་ལེན༽
- ༼ཨོ་ཡེ་་་ཡ་རེ་ཡ་རེ་ངས་ཡ་རེ་ལེན། ཡ་ན་ཟླ་ལོ་ལོ་ངས་གླུ་ཞིག་ལེན༽
- གླུ་བར་མ་ལེན་ན་བར་མ་ལེན།
- གླུ་བར་མ་དཔོན་ཆེན་མདུན་ནས་ལེན།།
- དཔོན་ཆེན་པོ་འཐུང་བཞེས་བྱེད་ལ་ལེན།།༼ཡ་ན་ཟླ་ལོ་ལོ་ངས་གླུ་ཞིག་ལེན༽
- ༼ཨོ་ཡེ་་་ཡ་རེ་ཡ་རེ་ངས་ཡ་རེ་ལེན། ཡ་ན་ཟླ་ལོ་ལོ་ངས་གླུ་ཞིག་ལེན༽
- གླུ་གཞུག་མ་ལེན་ན་གཞུག་མ་ལེན།།
- གླུ་གཞུག་མ་ཁྲོམ་ཆེན་དཀྱིལ་ལ་ལེན།།
- ཁྲོམ་འདིར་ཚོགས་དཀྱིལ་ལ་བཀུར་ནས་ལེན།།༼ཡ་ན་ཟླ་ལོ་ལོ་ངས་གླུ་ཞིག་ལེན༽