Video Overview
འདི་ནི་སྐྱེ་བ་སྔ་མའི་སྡུག་བསྔལ་དྲན་ནས་ཁ་མི་གྲག་པའི་བུ་མོ་ཞིག་དབུལ་བོའི་བུ་ལ་ཐོབ་པའི་གཏམ་རྒྱུད་ཅིག་ཡིན།
- མགོན་པོ་བདེ་ལེགས།གནའ་ཞིག་ལ།
- ས་ཆ་ཞིག་ན་རྒྱལ་བོ་ཚང་དང་།
- ཁྱིམ་ཚང་ཕྱུག་པོ་ཚང་།
- དེ་མ་ཡིན་པའི་ཁྱིམ་ཚང་དབུལ་བོ་ཚང་ཞིག་ཡོད།
- དེ་ནས་དེ་ཚོ་ཡོད་སའི་ལུང་བ་དེའི་ཕ་རོལ་ན།
- བྲག་ཕུག་ཞིག་གི་ནང་ན་ཁ་མི་གྲགས་པའི་བུ་མོ་ཟེར་བ་ཞིག་ཡོད།
- ཁ་མི་གྲགས་པའི་བུ་མོ་ཟེར་བ་དེ།
- ངོ་མས་ཨ་ཡེ་ཡག་མ་ཞིག་ཡིན།
- ངོ་མ་ཡིད་འཕྲོག་ལྷ་མོ་འདྲ་བ་ཞིག་ཡིན།
- དེ་ནས་རྒྱལ་བོ་ཚང་གིས།
- ཁ་མི་གྲགས་པའི་བུ་མོ་ཟེར་བ་དེ།
- ཁོང་ཚང་གིས་མནའ་མར་བླངས་ན་འདོད་ཀྱང་།
- ཁོང་ཚང་ཡང་ནས་ཡང་དུ་བུ་མོ་དེའི་གམ་དུ་སོང་ན།
- བུ་མོ་དེས་ཁ་མ་གྲགས་པ་རེད།
- དེ་ནས་ཁོང་ཚང་གིས་ཐབས་ཤིག་བཙལ་དགོས་བསམ་ནས།
- ལུང་བ་འདིའི་ཕ་རོལ་གྱི།
- ཁ་མི་གྲགས་པའི་བུ་མོ་ཟེར་བ་དེར།
- ཁ་གྲགས་སུ་འཇུག་ཐུབ་ནི་ཨེ་ཡོད།
- ཁ་གྲགས་སུ་འཇུག་ཐུབ་མཁན་ཡོད་ན།
- ཕྱུག་བདག་ཚང་གི་བུ་ཡིས་ཁ་གྲགས་སུ་བཅུག་བཏང་ན།
- དེ་རིང་ནས་བཟུང་ཕྱུག་བདག་ཚང་གིས།
- རྒྱལ་བོ་འདིའི་ཕོ་བྲང་ནང་ནས་ཕྱུག་བདག་གི་བུ་ཡིས།
- རྒྱལ་བོ་ཡི་གོ་ས་དེ་འཁུར་ནས་བསྡད་བཏང་ན།
- རྒྱལ་བོ་ཡི་སྲས་དེས་བློན་པོ་ཡི་གོ་ས་འཁུར་ནས་བསྡད་ནས།
- དབུལ་བོ་ཡི་བུ་དེས་གཡོག་པོ་ཡི་གོ་ས་འཁུར་ནས།
- དེ་ལྟར་བསྡད་ན་ཆོག
- ཡང་ན་དབུལ་བོ་ཡི་བུ་དེ་སོང་ནས་ཁ་གྲགས་སུ་བཅུག་ན།
- ཡང་ཁོས་རྒྱལ་བོ་ཡི་གོ་ས་དེ་འཁུར་ནས་བསྡད་ནས།
- རྒྱལ་བོ་ཡི་བུ་དེས་བློན་པོ་ཡི་གོ་ས་འཁུར་ནས།
- ཕྱུག་བདག་གི་བུ་དེས་གཡོག་པོ་ཡི་གོ་ས་འཁུར་ནས།
- དེ་ལྟར་བསྡད་ན་ཆོག་ཅེས་དེ་ལྟར་བཤད།
- དེ་ལྟར་བཤད་ནས་མདོ་ཡི་བུ་དེ་གསུམ་པོས་གྲོས་བྱས་ནས།
- རྒྱལ་བོ་ཚང་གི་བུ་ཡིས།
- རྒྱལ་བོ་ཡི་ཕོ་བྲང་ནང་ནས།
- གོན་པ་ཡག་པོ་གྱོན་རྒྱུ་ཡོད་པ་དང་།
- རྟ་ཡག་པོར་ཞོན་རྒྱུ་ཡོད་པ་ཚང་མར་ཞོན་ནས།
- ཁ་མི་གྲགས་པའི་བུ་མོ་ཟེར་བ་དེ་ཡོད་སར།
- སྔོན་མ་ནས་སོང་ནས་བསྡད་དེ།
- གསེར་དངུལ་སྲང་ལ་འཇལ་ཏེ།
- གཡུ་བྱུར་ཤིང་ཙེར་འཇལ་ནས།
- མང་པོ་ཞིག་ཁྱེར་ནས་སོང་སྟེ་བྱིན་ནས་ཁྱོད་ཁོའི་ཆུང་མ་བྱས་ན།
- ཁྱོད་རྒྱལ་བོའི་ཕོ་བྲང་ནང་ནས།
- དེ་རིང་ནས་བཟུང་སྟེ།
- རྒྱལ་བོའི་བཙུན་མོ་བྱས་ནས་འདུག་ཐུབ་ཅེས་བཤད་ཀྱང་།
- བུ་མོ་དེས་ཁ་མ་གྲགས་པ་རེད།
- དེའི་རྗེས་ནས་ཕྱུག་བདག་གི་བུ་དེ་སོང་ནས།
- ཡང་རྒྱུ་ནོམ་པ་རྩ་ཆེན་མང་པོ་ཁྱེར་ནས་སོང་སྟེ།
- ཁོས་ཀྱང་དེ་ལྟར་དུ་བུ་མོ་དེར་ཁ་བརྡ་བྱས་པ་ཡིན།
- ཁྱོད་ཁོའི་ཆུང་མ་བྱས་ན།
- རྒྱལ་བོའི་ཕོ་བྲང་ནང་ནས་ངེད་གཉིས་འདི་ལྟར་འདུག་ཐུབ་ཅེས་བཤད་ཀྱང་།
- ཡང་ཁ་གྲགས་སུ་འཇུག་མ་ཐུབ་པ་རེད།
- དེའི་རྗེས་ནས་དབུལ་བོ་ཡི་བུ་དེ་འགྲོ་བའི་དུས་ལ་སླེབས་པ་རེད།
- དེ་ནས་དབུལ་བོ་ཡི་བུ་དེ་འགྲོ་དུས།
- ཁོ་ལ་ཁྱིམ་དེ་ན་ཁྱེར་རྒྱུ་གཅིག་ཀྱང་མེད་པར།
- ཤིང་ཙེ་ནང་ན་རྩམ་པ་ཕུར་གང་དེ་འདྲ་ཞིག་ཡོད།
- དེ་ནས་ཁོས་རྩམ་པ་ཕུར་གང་བོ་དེ་ཁྱེར་ནས།
- ཡར་འགྲོ་བའི་ལམ་བར་ཞིག་ན།
- རྒན་མོ་ལོ་ལོན་ཞིག་དེ་ནས་འགྲོ་མ་ཐུབ་པར་བསྡད་ཡོད།
- ལམ་བར་ན་བྲོ་ཁ་ཚར་ནས།
- འགྲོ་མ་ཐུབ་པར་བསྡད་ཡོད་པ་དེ་འདྲ་ཞིག་དང་འཕྲད་པ་རེད།
- དེ་ནས་ཁོའི་རྒན་མོ་དེར།
- རྒན་མོ་དེས་ཁོ་ལ་ཁྱོད་གང་ལ་འགྲོ་དགོས་ཞེས་དྲིས་དུས།
- ལུང་བ་འདིའི་ཕ་རོལ་ན་ཁ་མི་གྲགས་པའི་བུ་མོ་ཟེར་བ་ཞིག་ཡོད།
- ངོ་མས་ཡག་མ་ཟེར་བ་ཡིད་འཕྲོག་ལྷ་མོ་ལྟ་བུ་ཞིག་ཡིན།
- དེ་ལྟར་རྒྱལ་བོ་ཚང་གི་བུ་ཡིས།
- ཁོ་རང་གི་ཆུང་མ་ལེན་བསམ་ནས།
- བཀོད་པ་འདི་འདྲའི་མང་པོ་ཞིག་བཙལ་བཞིན་ཡོད།
- ཕྱུག་བདག་ཚང་གི་བུ་སོང་ནས།
- གཅིག་འཕྲོ་གཅིག་ལ་སོང་ནས་བསྡད་དེ།
- ད་ལྟ་ཁོ་ཡི་གཉའ་ལ་བབས་ནས།
- ཁོ་རང་ཉིད་འགྲོ་བ་ཡིན་ཟེར།
- དེ་ལྟར་བཤད་པར་ཨོ་རེད་ཟེར།
- རྒན་མོ་ཁྱོད་ཅི་ཞིག་ཡིན་ཟེར།
- མོ་ལམ་བར་འདི་ནས་བྲོ་ཁ་ཚར་སོང་།
- འགྲོ་མ་ཐུབ་པར་བསྡད་ཡོད་པ་ཞིག་ཡིན།
- ལྟོགས་ནས་བྲོ་ཁ་ཡང་ཟ་རྒྱུ་མེད་པར།
- བསྡད་ཡོད་པའི་སྐབས་དེ་འདྲ་ཞིག་ཡིན་ཟེར་དུས།
- དེ་ནས་བུ་དེས་རྩམ་པ་ཕུར་བ་གང་གི་ནང་ནས།
- རྒན་མོ་དེར་རྩམ་པ་ཉུང་ཙམ་ཞིག་བྱིན་དུས།
- རྒན་མོ་ཡིས་རྩམ་པ་དེ་ཟོས་ནས།
- རྒན་མོ་ཡིས་ལྟོགས་སྐོམ་གྱི་མགོ་མནན་ནས།
- བུ་དེར་ཁྱོད་སོང་དང་ཁྱོད་ཀྱིས་ཁ་གྲགས་སུ་འཇུག་ཐུབ།
- ཁྱོད་སོང་ནས་ཨ་ཡེ་དེར།
- ངེད་གཉིས་ཀྱི་སྐྱེས་བ་སྔོན་མར།
- ངེད་གཉིས་ཀ་སྔོན་ཆད།
- བྱེའུ་མཐེ་མོང་ཞིག་གི་སྐྱེས་པ་བླངས་ནས་བསྡད་ན།
- ནགས་གསེང་ཞིག་ནས་ཆུ་ལོག་རྒྱུགས་ནས།
- ངེད་གཉིས་ཀྱི་བྱེའུ་ཚང་དང་བྱེའུ་ཕྲུག་མཉམ་དུ་འཁུར་ནས།
- ངེད་གཉིས་ཀྱིས་སེམས་སྡུག་ཅི་འདྲ་ཞིག་བྱས་པ་ཡིན།
- སྡུག་ཅི་འདྲ་ཞིག་མྱངས་བ་ཡིན།
- དེའི་རྗེས་ནས་ངེད་གཉིས་ཀ་སྟག་གཉིས་ཀྱིས་སྐྱེས་ནས།
- ཡང་ངེད་གཉིས་ཀྱི་སྟག་ཕྲུག་རྔོན་པ་ཞིག་གིས་བསད་ནས།
- ངེད་གཉིས་ཀྱིས་དེའི་རྗེས་ལ་སེམས་སྡུག་བྱས་ནས་ཅི་འདྲ་ཞིག་མྱངས་བ་ཡིན།
- ད་བཟོད་ཡིན་རྒྱུ་ན་ཁོ་ལུང་བ་འདིའི་མདོ་ཁ་ནས།
- དབུལ་བོ་ཞིག་གི་བུ་ཡིས་སྐྱེས་ནས།
- ཁྱོད་ལུང་བ་འདིའི་ཕ་རོལ་ནས།
- ཁ་མི་གྲགས་པའི་བུ་མོ་ཟེར་བ་ཞིག་གིས་སྐྱེས་ནས།
- ད་ལྟ་ཡང་ངེད་གཉིས་རང་རང་ས་ནས་འདི་ལྟར་བསྡད་ན།
- ངོ་མས་སྡུག་བསྔལ་རེད།
- དེ་ལས་ངེད་གཉིས་མཉམ་དུ་འདུག་དང་།
- རྒྱལ་བོ་ཚང་གི་ཕོ་བྲང་ནང་ནས།
- ཁོ་རྒྱལ་བོར་བསྡད་ནས་ཁྱོད་བཙུན་མོར་བསྡད་ན་ཆོག་གི
- དེ་ལྟར་བཤད་ནས་བུ་མོ་དེས།
- སྐྱེ་བ་སྔ་གཞུག་གི་ལོ་རྒྱུས་དེ་མོ་ཡིས་ཀྱང་ཤེས་སོང་།
- ཁ་མི་གྲགས་པར་བསྡད་ཡོད་པས།
- མོ་ཡིས་ཁ་གྲགས་ནས་མོ་ཡི་ཁྱོ་ག་དེ་ངོས་ཟིན་ནས།
- དེའི་ཆུང་མ་བྱས་པ་ཡིན།
- དེ་ནས་གཉིས་ཀ་མཉམ་དུ་ཡོང་ནས།
- རྒྱལ་བོའི་ཕོ་བྲང་ནང་ནས།
- རྒྱལ་བོའི་བུ་ཡི་བསམ་དོན་མ་འགྲུབ་པར།
- དབུལ་བོ་ཡི་བུ་ཡིས་བསམ་དོན་འགྲུབ་ནས།
- རྒྱལ་བོ་ཡི་ཕོ་བྲང་ནང་ནས།
- གཉིས་ཀ་མཉམ་དུ་རྒྱལ་བོ་ཡི་གོ་ས་ཐོབ་ནས།
- རྒྱལ་བོ་ཡི་བུ་དེ་བློན་པོ་བྱས་ནས་བསྡད་དེ།
- ཕྱུག་པོ་ཡི་བུ་དེ་གཡོག་པོ་བྱས་ནས།
- ཚང་མས་འཚོ་བ་སྐྱིད་པོ་བདེ་མོ་ཞིག་རོལ་ནས་བསྡད།
- དེ་འདྲ་ཞིག་རེད།