05 Jan 2016
2 min 58 sec
Video Overview
Creators:
Tibetan & Himalayan Library
This is a video of Zungbum Thar from Badzong, Amdo singing a song called "This Is the Sign of Future Wealth." This song is part of a collection of folk songs from the Rebgong cultural area.
འདི་ནི་ཕ་ཨ་ཁུ་དང་སྤུན་ན་ཟླ་མ་སྲུ་མོ་བཅས་ལ་བསྟོད་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་སྟོད་ན་ཤུག་སྡོང་ཆེན་པོ་སྐྱེས་ཡོད་པ་དེ་ཕ་ཨ་ཁུ་ཕྱུག་པའི་རྟེན་འབྲེལ་ཡིན་པ་དང་། བར་འདི་ན་རྡོ་དཀར་འགྱིག་པོ་ཡོད་པ་འདི་སྤུན་ན་ཟླ་མཐུན་ཞིང་འགྲིག་པའི་རྟེན་འབྲེལ་ཡིན་པ། སྨད་གན་ན་རྨ་ཆུ་དལ་གྱིས་བཞུར་བ་མ་སྲུ་མོ་ལས་ལ་བྲེལ་འཚུབ་མེད་པར་ཁོམ་པའམ་སྐྱིད་པའི་རྟེན་འབྲེལ་ཡིན་པ་བརྗོད་ཡོད།
- ༼ ཡེ་་་་ལ་ཡང་ལོ་ལོ་གོ་་ཨ་ཟིན་ཁོ་ཡེ་ཡ་རེ་ལེན་དགོ ༽
- སྟོད་གན་ན་ཤུག་པ་༼ ལ་ཡང་ལོ་ལོ་གོ་་ཨ་ཟིན་ཁོ་ལོ་་ ༽ཤུག་མོ་ཆེ།།
- ཕ་ཨ་ཁུ་ཕྱུག་པའི་༼ ལ་ཡང་ལོ་ལོ་གོ་་ཨ་ཟིན་ཁོ་ལོ་་ ༽རྟེན་འབྲེལ་རེད།།
- བར་འདི་ན་རྡོ་དཀར་༼ ལ་ཡང་ལོ་ལོ་གོ་་ཨ་ཟིན་ཁོ་ལོ་་ ༽འགྲིག་པོ་ཞིག།
- སྤུན་ན་ཟླ་འགྲིག་པའི་༼ ལ་ཡང་ལོ་ལོ་གོ་་ཨ་ཟིན་ཁོ་ལོ་་ ༽རྟེན་འབྲེལ་རེད།།
- སྨད་གན་ན་རྨ་ཆུ་༼ ལ་ཡང་ལོ་ལོ་གོ་་ཨ་ཟིན་ཁོ་ལོ་་ ༽དལ་མོ་ཞིག།
- མ་སྲུ་མོ་དལ་བའི་༼ ལ་ཡང་ལོ་ལོ་གོ་་ཨ་ཟིན་ཁོ་ལོ་་ ༽རྟེན་འབྲེལ་རེད།།
- གླུ་ཤེས་ནི་མིན་ར་༼ ལ་ཡང་ལོ་ལོ་གོ་་ཨ་ཟིན་ཁོ་ལོ་་ ༽དགའ་སྲོལ་ཡིན།།