Video Overview
Sangay Choden from Radhi Gewog, Tashigang, sings an old Boedra song entitled Puendang Puencha Namkhai Karma Dra (Siblings are Like Stars of the Sky). The composer dedicates this song to his/her family. He compares his parents with the sun, his siblings with the stars, and young boys as the feathers of an arrow. He compares young girls with an auspicious scarf and older girls as a vessel. The lyrics of the song are poetic, it the song can be performed at any number of occasions. It is performed in a circular formation with around five to twenty dancers.
བཀྲིས་སྒང་རྫོང་ཁག་ རདྷི་རྒེད་འོག་ ལས་ཨིན་མི་ སངས་རྒྱས་ཆོས་སྒྲོན་གྱི་ བའབོད་སྒྲ་རྙིངམ་ སྤུན་དང་སྤུན་ཆ་གནམ་ཁའི་སྐར་མ་འདྲ་ ཟེར་མི་འདི་འཐེན་ནུག། གླུ་གཞས་འདི་རྩམ་པ་པོ་གི་ ཁོ་རའི་ཕམ་དང་སྤུན་ཆའི་ ཆེད་དུ་འཕུལཝ་ཨིན་མས། དེ་ཡང ་ཁོའི་ཕམ་འདི་དཔེ་ཉི་མ་ སྤུན་ཆ་འདིདཔེ་གནམ་ཁའི་སྐར་མ་དང་ བུཚུ་གཞོནམ་ཚུ་ དཔེ་མདའ་འི་སྒྲོ་ལུ་ བཞག་ནུག། དེ་ལས་བུམོ་གཞོནམ་ཚུ་ དཔེ་བཀྲ་ཤིས་པའི་དར་ལུ་དང་ བུམོ་སྦོམ་ཚུ་དཔེ་ ཧོད་ཆས་ལུ་བཞག་ནུག། ཞབས་ཁྲ་འདི་གི་ཚིག་ མཛེས་ཏོག་ཏོ་ཡོདཔ་ལས དགའ་སྟོན་དང་རྟེན་འབྲེལ་ ག་ཅི་བཟུམ་ཡོད་རུང་ དེའིསྐབས་ཁྲབ་ནི་ ཡོདཔ་ཨིན། ཞབས་ཁྲ་འདི་ མི་ལྔ་དང་ཉི་ཤུ་བར་ན་ སྒོར་སྒོམས་འབད་ ཁྲབ་སློལ་ཡོདཔ་ཨིན།
- Radhi
- Trashigang
- སངས་རྒྱས་སྒྲོན་ Sangay Chodenསྤུན་དང་སྤུན་ཆ་གནམ་ཁའི་ལ་ནི་སྐར་མ་འདྲ། །གནམ་ཁའི་སྐར་མ་འགྲོ་རྣམས་ལ་ནི་སྐྱོང་བར་ཤོག་ལ། །གནམ་ཁའི་སྐར་མ་འགྲོ་རྣམས་ལ་ནི་སྐྱོང་བར་ཤོག།
- སངས་རྒྱས་སྒྲོན་ Sangay Chodenཡབ་ཆེན་ཨ་པ་དགུང་སྟོད་ལ་ནི་མཐོན་པོ་འདྲ་ལ། །ཡུམ་ཆེན་ཨ་མ་ཁྲི་གདུགས་ལ་ནི་ཉི་མ་འདྲ། །
- སངས་རྒྱས་སྒྲོན་ Sangay Chodenད་ནི་ཡབ་ཡུམ་གཉིས་ཀྱི་ལ་ནི་བསམ་བློ་བཏང་ལ། །ད་ནི་བུ་ཆུང་གསུམ་ལུ་ལ་ནི་བསམ་བློ་བཏང་། །
- སངས་རྒྱས་སྒྲོན་ Sangay Chodenབུ་ཆུང་ཆེ་བ་གེ་སར་ལ་ནི་རྒྱལ་པོ་འདྲ་ལ། །གེ་སར་རྒྱལ་པོ་གསེར་ཁྲི་ལ་ནི་སྟེང་ལུ་བཞུགས་ལ། །གེ་སར་རྒྱལ་པོ་གསེར་ཁྲི་ལ་ནི་སྟེང་ལུ་བཞུགས། །
- སངས་རྒྱས་སྒྲོན་ Sangay Chodenབུ་ཆུང་བར་མདའ་གཞུ་ལ་ནི་སོག་རལ་འདྲ་ལ། །མདའ་གཞུ་སོག་རལ་གེ་སར་ལ་ནི་ཕྱག་མདའ་བཞེས་ལ། །མདའ་གཞུ་སོག་རལ་གེ་སར་ལ་ནི་ཕྱག་མདའ་བཞེས། །
- སངས་རྒྱས་སྒྲོན་ Sangay Chodenབུ་ཆུང་ཆུང་བ་སྣག་ཀོང་ལ་ནི་སྨྱུ་གུ་འདྲ་ལ། །སྣག་ཀོང་སྨྱུ་གུས་སངས་རྒྱས་ལ་ནི་བསྟན་པ་བཟུང་ལ། །སྣག་ཀོང་སྨྱུ་གུས་སངས་རྒྱས་ལ་ནི་བསྟན་པ་བཟུང་། །
- སངས་རྒྱས་སྒྲོན་ Sangay Chodenད་ནི་བུ་ཆུང་གསུམ་གྱི་ལ་ནི་བསམ་པ་རྫོགས་ལ། །ད་ནི་བུ་མོ་གསུམ་ལུ་ལ་ནི་བསམ་བློ་བཏང་ལ། །ད་ནི་བུ་མོ་གསུམ་ལུ་ལ་ནི་བསམ་བློ་བཏང་། །
- སངས་རྒྱས་སྒྲོན་ Sangay Chodenབུ་མོ་ཆེ་བ་ཚེ་དབང་ལ་ནི་བུམ་པ་འདྲ་ལ། །ཚེ་དབང་བུམ་པ་སྐུ་ཚེ་ལ་ནི་རིང་བར་ཤོག་ལ། །ཚེ་དབང་བུམ་པ་སྐུ་ཚེ་ལ་ནི་རིང་བར་ཤོག །
- སངས་རྒྱས་སྒྲོན་ Sangay Chodenབུ་མོ་བར་མ་རྨ་བྱ་ལ་ནི་མདོངས་སྒྲོ་འདྲ་ལ། །རྨ་བྱ་མདོངས་སྒྲོ་བུམ་པའི་ལ་ནི་ཁར་རྒྱན་བཞེས་ལ། །རྨ་བྱ་མདོངས་སྒྲོ་བུམ་པའི་ལ་ནི་ཁར་རྒྱན་བཞེས། །
- སངས་རྒྱས་སྒྲོན་ Sangay Chodenབུ་མོ་ཆུང་བ་བཀྲ་ཤིས་ལ་ནི་ཁ་དར་འདྲ་ལ། །བཀྲ་ཤིས་ཁ་དར་བུམ་པའི་ལ་ནི་ན་བཟའ་བཞེས་ལ། །བཀྲ་ཤིས་ཁ་དར་བུམ་པའི་ལ་ནི་ན་བཟའ་བཞེས། །
- སངས་རྒྱས་སྒྲོན་ Sangay Chodenད་ནི་སྤུན་ཆ་དྲུག་ལས་ལ་ནི་བསམ་པ་རྫོགས་ལ། །ད་ནི་སྤུན་ཆ་དྲུག་ལས་ལ་ནི་བསམ་པ་རྫོགས། །
- སངས་རྒྱས་སྒྲོན་ Sangay Chodenལགས་སོ་ལགས།། །།