Video Overview
༉ ཤྲི་ཝཱསྠ་ནི་འདི་ བུམོ་གཉེན་མ་རྐྱབ་མི་ཚུ་གིས་འབད་སྲོལ་ཡོདཔ་ཨིན་པས། དེ་ཡང་ ལྷ་དབང་ཕྱུག་གི་ཨམ་སྲུ་པར་བཱ་ཏི་འདི་ ཤྲི་ཝཱསྠ་ནིའི་པུ་ཇ་འབད་དེ་ཟླཝ་གཅིག་གི་རྒྱབ་ལས་ རྨགཔ་ལྷ་དབང་ཕྱུག་ཐོབ་ཐོབ་ཨིན་ཟེར་ ཡིད་ཆེས་བསྐྱེད་དོ་ཡོདཔ་བཞིན་དུ་ རྒྱུ་མཚན་དེ་ལུ་བརྟེན་ཏེ་ ད་རེས་ནངས་པར་ཡང་ ཧིནྡྷུའི་ཆོས་ལུགས་འཛིན་མི་ཚུ་གིས་ རྨགཔ་ལེགས་ཤོམ་ཐོབ་ནིའི་དོན་ལས་ གཉེན་མ་རྐྱབ་མི་བུམོ་ཚུ་གིས་ དེ་སྦེ་འབད་སྲོལ་ཡོདཔ་སྦེ་བཤད་དོ་ཡོདཔ་ད་ རྩི་རང་རྫོང་ཁག་ དཀྱིལ་འཁོར་ཐང་རྒེད་འོག་ བདེ་སྐྱིད་གླིང་ལུ་ ལོ་བསྟར་བཞིན་དུ་སྤྱི་ཟླ་ ༢ པ་དང་ ༣ པ་དེ་ཅིག་ཁར་ ཤྲི་ཝཱསྠ་ནི་གི་ཆོ་ག་འདི་གཏང་དོ་ཡོདཔ་ཨིན་མས།
- Tsirang
- Dili Ram Gimera:དཱི་ལི་རཱམ་གཱི་མི་ར།: ལྷའི་ དུས་ལུ་ ལྷ་དབང་ཕྱུག་འདི་༼པར་བ་ཏི༽གིས་ བྱངམ་དཔ་ལས། ལ་ཆེན་ཀ་ལ་ལུ་ ངག་སྲུང་འདི་ སྡོད་དགོ་པས་སླབ་ནུག འདི་གི་ འབྲས་བུ་གིས་ ལྷ་དབང་ཕྱུག་ལོག་ཐོབ་ལས་ ངག་སྲུང་དགོཔ་སྦེ་ བཀའ་གནང་ནུག
- Ugyen Phuntsho:ཨྱོན་ཕུན་ཚོགས།: ག་ཅིག་གི་ཆོ་ག་འབདཝ་སྨོ? མཱ་དེ་བི་གི་ཆོ་ག་འབདཝ་ཨིན།
- Ugyen Phuntsho:ཨྱོན་ཕུན་ཚོགས།: ངག་འདི་ དུས་ཚོད་ནམ་དང་ ག་གི་སྲུམ་སྨོ? ཨམ་སྲུ་ཚུ་གིས་ ཟླ་ ༡༢ པའི་ ཚེས་ ༡༥ ལས་ ཟླ་ ༡ པའི་ ཚེས་ ༡༥ ཚུན་སྲུངམ་ཨིན།
- Ugyen Phuntsho:ཨྱོན་ཕུན་ཚོགས།: ག་ཅི་རང་འབད་ནི་ཡོད? ཉིན་མའི་ དུས་ཚོད་ཁར་ ཨམ་སྲུ་ཚུ་གིས་ བགོ་ལ་དཀར་པོ་དང་ གནམ་མ་ལངམ་ལས གཟུགས་འཁྱུ་སྦེ་ ལྷ་དབང་ཕྱུག་གི་ ཁ་ཐུན་བཏང་དགོ
- Ugyen Phuntsho:ཨྱོན་ཕུན་ཚོགས།: འདི་གི་ཁེ་ཕན་ག་ཅི་ཡོད? འདི་གི་ཁེ་ཕན་ རྨགཔ་ལེགས་ཤོམ་ཐོབ།