Skip to main content Skip to search
15 Dec 2011
14 min 41 sec
Rating
0
No votes yet
Video Overview
Creators: 
Unknown

Tupten and Mikmar perform their act "Sho" at the Tibetan comic performance at the University of Virginia. This act discusses how the game "sho" is played in Tibet and the need for new sho songs. 

Show More

  • ཌབི༹ད
    So, our last presentation for the night will be by Thubten and Migmar.
  • ཌབི༹ད
    And it will discuss the traditional Tibetan game of dice, or "sho."
  • ཌབི༹ད
    In contemporary times in Lhasa and elsewhere, a lot of different, nontraditional Tibetan games have gone into ascendency.
  • ཌབི༹ད
    So this is asserting the need to think creatively about the role of Tibetan dice and the future of Tibetan culture.
  • ཌབི༹ད
    That also notes, if anyone is interested in just offering a donation, there's a box to the right on your way out, the money would go directly to the comedians.
  • ཌབི༹ད
    So, so, we'll welcome our last...
  • ཐུབ་བསྟན་
    པ་ར་པ་ར་ཟེར་བ།
  • མིག་དམར་
    བཀྲ་ཤིས་ཤོ་མིག་ཡིན་པས།
  • ཐུབ་བསྟན་
    པར་རའི་པར་ཆང་དེ་ནས།
  • མིག་དམར་
    གསུམ་སྒྲོན་མཉེས་དག་བཀྱག་ཆོག།
  • ཐུབ་བསྟན་
    ཏད་དེ་ཏུམ། པ་ར་ཤོག། པ་ར་ཤོག་་་་་་་་།
  • མིག་དམར་
    ལྷན་རྒྱས་གཟིགས་དང་། ང་ཚོའི་རྒན་ལགས་དགོང་ལོ་བགྲེས་པོ་དེ་འདྲས་ཡང་ཤོ་སྐྱོན་ཡས་ལ་ནམ་ལངས་མཁན་དེ་འདྲས་རེད་ཞག།
  • ཐུབ་བསྟན་
    དེའི་རྩེད་མོ་གྲོས་པོ་དེ་འདྲས་ལ་དབྱིངས་མ་བཞུག་པ་ག་པར་ཡོའོ་རེད་ཁོང་།
  • མིག་དམར་
    ཨཱ་ཞུས་ཙང་ཞུས་ཙང་། དངོས་གནས་འདི་ཡང་།
  • ཐུབ་བསྟན་
    ཁྱེད་རང་རྩེད་མོར་མཉེས་པོ་མེད་པས།
  • མིག་དམར་
    ངའི་རྩེད་པོར་དགའ་པ་ཡོད།
  • ཐུབ་བསྟན་
    ཨོང་།
  • མིག་དམར་
    རྩེད་མོའི་མིང་གོ་པ་ད་ག་ལག་པར་ཟབ་ཧྲག་ལངས་ནས་བསྡད་མ་ཐུབ་ཉན་དེ་འདྲས་ཡིན།
  • ཐུབ་བསྟན་
    ཨཱ་ཧའི། བྱས་ན་རྩེད་མོར་མཉེས་པོ་ཞེ་པོ་བྱུང་། རྩེད་མོ་ག་པར་མཉེས་པོ་ཡོད།
  • མིག་དམར་
    ང་ལོའོ།
  • ཐུབ་བསྟན་
    ཨོང་།
  • མིག་དམར་
    རྫེར་རྡོ་སློད་ཡས་དེ།
  • ཐུབ་བསྟན་
    ག་རེ་རྫོགས་རྡོ་སློད་ཡས།
  • མིག་དམར་
    ཨའ་ཙི་རྫོགས་རྡོ་མ་བྱས་དང་། རྫེར་རྡོ་མཁྱེན་གྱི་མེད་པས།
  • ཐུབ་བསྟན་
    ཨཱ་མཱ་བྱང་མཁྱེན་གྱི་ཡོའོ་རེད། ཨཱ་ཧ་ཧ་་་་།
  • མིག་དམར་
    ཧ་་་་་མཱ་བྱང་ཟེར་འདི་དབྱིངས་ཡོའོ་རེད་དང་།
  • ཐུབ་བསྟན་
    ཨོའོ་ཞུས་ཙང་ཞུས་ཙང་། ཁོས་མག་རྟགས་༼མ་རབ་རྟགས་༽དེའི་ཏོག་ཙེ་བསླབ་ཀྱི་འདུག་གང་ཁོང་། ཧ་ཧ་་་་་། ཨ་ནི་ཁྱེད་རང་ཤོའི་རྩེད་མོ་འདི་མཁྱེན་གྱི་མེད་པས།
  • མིག་དམར་
    ཤོ་ཨཱེ།
  • ཐུབ་བསྟན་
    ཨོང་།
  • ཐུབ་བསྟན་
    ཨང་། ཤོ་ཟེར་ཉན་དེ་བ་ཕྱུག་འཚོ་མཁན་གྱི་རྒྱག་ཡས་རེད།
  • ཐུབ་བསྟན་
    ཨའ་ཙི་ཁོང་དེ་འདྲས་མ་གསུང་ཨོང་ཀོག།
  • མིག་དམར་
    ཨོང་།
  • ཐུབ་བསྟན་
    ལྕི་བ་སེར་སྐམ་འོག་ལའི་མི་ཡོའོ་རེད་དང་།
  • མིག་དམར་
    འདི་ག་རེ་ཟེར་གྱི་རས་ཨ་ནི།
  • ཐུབ་བསྟན་
    ཡིན་ནའི་ཁྱེད་རང་ཚོ་མཱ་བྱང་བསྐྱོན་དུས་ཙམ་ནས་ཨ་ནི། ཤོ་ལག་པར་ཕྱང་གི་མེད་པས།
  • མིག་དམར་
    ཨོའོ་ད་ཤོ་ལག་པར་ཕྱང་གོ་བྱུང་། ང་ཚོ་མཱ་བྱང་རྒྱག་དུས། ཤོ་དེ་འདུག་ཟེར་ཕུར་ཕུར་གཏང་བྱས། པོ་ཊ་ཕུར་ཤོག། རྟ་གཅིག་མཁས་ཅན་ཟེར་ལག་པས་དབྱུགས་ག་བྱེད་ཀྱི་རེད།
  • ཐུབ་བསྟན་
    ཨ་ལས། ད་བྱས་ན་ང་ཚོ་ཤོ་རྒྱག་མཁན་གྱི་ཤོ་དེ་རྐང་པས་རྒྱག་གི་ཡོད་པ་ཐག་ཆོད། རེད་པས།
  • མིག་དམར་
    ཨོའོ་་་་གོ་པར་མི། ལག་པས།
  • ཐུབ་བསྟན་
    ཨོའོ་བྱས་ཙང་བྱས་ཙང་། རྩེད་མོ་ག་རེ་ཡིན་ནའི།
  • མིག་དམར་
    དགོངས་དག་་་་་་།
  • ཐུབ་བསྟན་
    ད་དུང་ང་ཚོའི་བོད་ཀྱི་ཤོ་དེ་ལ་དམིགས་གསལ་གྱི་ཁྱད་ཆོས་ཡོའོ་རེད།
  • མིག་དམར་
    ལགས། བོད་ཀྱི་ཤོ་དེ་ལ་དམིགས་གསལ་གྱི་ཁྱད་ཆོས། ཁྱད་ཆོས་ག་རེ་ཡོའོ་རེད།
  • ཐུབ་བསྟན་
    ཁྱད་ཆོས་ཨཱེ།
  • མིག་དམར་
    ཨོང་།
  • ཐུབ་བསྟན་
    དཔེར་ན་ལོ་རྒྱུས་ཡུན་རིང་ཡོད་པའི་མ་ཚད། དེ་བཞིན་རིམ་གྱི་འཕེལ་རྒྱས་ཕྱིན་བྱས། དེ་རིང་ཁ་སང་རྒྱ་ཆེའི་མང་ཚོགས་ཚོའི་ཐུན་མོང་མ་ཡིན་པའི་རྩེད་མོ་རྩེད་བྱེད་ཅིག་ཏུ་འགྱུར་བ་རེད།
  • མིག་དམར་
    ཨའ་ཡོང་ང་ཡོང་ང་། ད་ཨོའོ་ན་རྒན་ལགས་ཁྱེད་རང་གི་ང་ཡ་དཔེ་ཅིག་བཞག་བྱས་ངོ་སྤྲོད་གནང་ན་གང་འདྲས་འདུག།
  • ཐུབ་བསྟན་
    ངོ་སྤྲོད་ཨེ།
  • མིག་དམར་
    ཨོང་།
  • ཐུབ་བསྟན་
    འགྲིག་གི་རེད། འགྲིག་གི་རེད། དཔེར་ན་ངས་ཞིང་ཁུལ་གྱི་གནས་ཚུལ་ཅིག་ཞུས་པ་ཡིན་ན། སྔན་མ་སྙེ་མོ་རྫོང་ཟང་རིའི་ཁུངས་ལ་བླ་ཆུ་ཟེར་ཡས་ཀྱི་ཡུར་བུ་གཅིག་ལས་མེད་པའི་རྐྱེན་གྱི་ཡིན་ན། ལོ་ལྟར་རེ་བཞིན་བོད་ཟླ་གཉིས་པའི་ནང་ལ་ཤོ་བཞུ་ཅེས་པའི་ཆུ་རིས་རྒྱན་བཙུགས་ཀྱི་བྱེད་སྒོ་ཅིག་སྤེལ་གྱི་ཡོའོ་རེད།
  • མིག་དམར་
    ཨའ། ཤོ་བཞུ་ཟེར་བའི་ཆུ་རིས་རྒྱན་བཙུགས་ཀྱི་བྱེད་སྒོ།
  • ཐུབ་བསྟན་
    དེ་དུས་ཙམ་ནས་ཤོ་སྐྱོན་མཁན་དེ་ཚོ་ཡིན་ན། ཕྱུ་པ་དཀར་པོ་གྱོན་བྱས། ཞྭ་མོ་འབོག་ཏོ་དེ་ཚོ་གྱོན་བྱས། ཕེབས་ཀ་བྱེད་ཀྱི་རེད་ཁོང་། ཧ་་་་།
  • མིག་དམར་
    ཨ་ལས། བྱས་ན་ཁོང་རྣམས་དེ་གས་་ནང་བཞིན་བལྟས་བཟོ་དྲོད་པོ་དེ་འདྲས་ཡོད་པ་ཡིན་པ་རེད།
  • ཐུབ་བསྟན་
    ཨའ་་་་། ཨོའོ་རེད་ཨོའོ་རེད། ད་དུང་ཡིན་ན་ཁོང་རྣམས་ཚོས་ཤོ་རྒྱབ་ཚར་རའི་རྗེས་ལ་ཡིན་ན། ཤོའི་ཤོ་མིག་ཆེ་ཆུང་ལ་བལྟས་བྱས་ཆུ་རིས་དང་པོ་གཉིས་པ་ཟེར་བྱས་འབངས་སྒྲིག་གི་ཡོའོ་རེད།
  • མིག་དམར་
    ག་རེ་ག་རེ། ཤོའི་ཤོ་མིག་ཆེ་ཆུང་ལ་བལྟས་བྱས་འབངས་དང་པོ་གཉིས་པ་ཟེར།
  • ཐུབ་བསྟན་
    ཨོའོ་འདུག་ཟེར་བྱེད་ཀྱི་རེད།
  • མིག་དམར་
    དངོས་གནས་དཔེ་རེད་ཞག།
  • ཐུབ་བསྟན་
    ཨོང་།
  • མིག་དམར་
    ད་བྱས་ན། འཚང་ག་རྒྱབ་བྱས་ཨེ་འདྲས་རྒྱག་རེས་རྒྱབ་ཉན་དང་ཡང་རྩིབ་རྨང་བཅག་ཉན་དེ་འདྲས་མེད་པ་ཡིན་པ་རེད།
  • ཐུབ་བསྟན་
    དེ་འདྲས་ག་པར་ཡོའོ་མ་རེད་ཁོང་།
  • མིག་དམར་
    དངོས་གནས་སྤྱོད་ལམ་ཡག་པོ་ཞེ་དྲག་རེད་འདུག་གང་།
  • ཐུབ་བསྟན་
    ད་དུང་ཡིན་པ་ཡིན་ན་སྔན་མ་བོད་ཟླ་གཉིས་པའི་ཉི་ཤུ་དགུའི་ཉིན་མོ་དེའི་ཚོགས་སྤྱོད་ཀྱི་ལྟོར་ཀྱག་སྐབས་ལ་ཡིན་ན། འཁྱམ་རའི་སྒོམ་ཕྱོགས་ལ། བྱང་ཆུབ་གླིང་ཁང་གི་སློབ་དཔོན་དང་སློབ་འཁོར་གཉིས། ཡང་ཤོ་རྒྱག་གི་རེད།
  • མིག་དམར་
    ག་རེ་སློབ་དཔོན་དང་སློབ་འཁོར་ཨེ།
  • མིག་དམར་
    དེ་གང་འདྲས་ཟེར་རེད།
  • ཐུབ་བསྟན་
    ཨོའོ་ཧའེ།
  • ཐུབ་བསྟན་
    སློབ་དཔོན་གྱི་གཞས་གཏང་ཡས་ཡོའོ་རེད་ཁོང་།
  • མིག་དམར་
    སློབ་དཔོན་གྱི་གཞས་གཏང་གི་ཨེ། ཨོའོ། སློབ་དཔོན་གྱི་གཞས་དེ་གང་འདྲས་འདྲ་ཅིག་གཏང་ག་བྱེད་ཀྱི་ཡིད་ན་ལོའོ།
  • ཐུབ་བསྟན་
    ཁྱེད་རང་གོ། གོ་མ་མྱོང་ངས་༼ངམ༽།
  • མིག་དམར་
    ཨོའོ་གོ་མ་མྱོང་འདི།
  • ཐུབ་བསྟན་
    ཨཱེ་ངས་ཅིག་གཏང་ག།
  • མིག་དམར་
    རྒན་ལགས་ཁྱེད་རང་གིས། ཨོའོ་ཡོང་ང་ཡོང་། རྒན་ལགས་ཅིག་གཏང་རོགས་གནང་།
  • ཐུབ་བསྟན་
    འདུག་ཟེར་གཏང་གི་རེད་ཁྱེད་རང་གསན་ཨཱ། ཤོར་ཡང་ཤོར་སོང་། ད་འགྲོ་རྒྱུ་འཁེལ་སོང་ང་།
  • མིག་དམར་
    ཧ་ཧ་་་། དངོས་གནས་གསོན་པ་རང་རེད་ཞག་གཟིགས་དང་། གསོན་པ་ཁོ་རེ་རེད་ཞག་དེའི།
  • ཐུབ་བསྟན་
    ག་རེ། གསོན་པ་རེད། ང་སློབ་དཔོན་གསོན་པ་རེད་ཟེར་གྱི་ཡོའོ་རེད་པས།
  • མིག་དམར་
    ཨོའོ། རེ་བ་རེ་བ། ང་ཚོའི་རྒན་ལགས་སློབ་འཁོར་ཞེས་པ་ལགས་གང་ནས་དག་གི་རེད་ལོའོ། ངས་ཟེར་ན། གསུང་གཞས་དེ་སོས་པ་ཞིག་གཏང་གནང་སོང་ཟེར་གྱི་ཡོད།
  • ཐུབ་བསྟན་
    ཨའ་ཧེའི། གཞས་པ་སོས་པ་དེ་འདྲས་ཅིག་གཏང་མ་ཐུབ་ན་གྲོང་ཁྱེར་ཟློས་གར་ནང་ལ་སུས་བཅུག་གི་རེད། ལགས།
  • མིག་དམར་
    ཨོའོ་ཧ་ཧ་་་། ལོའོ་་་། 
  • ཐུབ་བསྟན་
    བྱས་ཙང་ང་རས་ཤེས་པའི་ལོ་རྒྱུས་ཡིན་ན། ཁྱེད་རང་ལ་མདོར་བསྡུས་ཅིག་ངོ་སྤྲོད་ཞུས་ན་དེ་འདྲས་རེད། ཨའེ།
  • མིག་དམར་
    དངོས་གནས་དཔེ་རང་རེད་ཞག།
  • མིག་དམར་
    ད་བྱས་ན། ཨ་ནི་ད་དུང་ཤོ་ལ་ཡ་གཞན་དག་གི་ཁྱད་ཆོས་འདྲ་པོ་ག་རེ་ཡོའོ་རེད།
  • ཐུབ་བསྟན་
    ཨའ། དེ་རིང་ཁ་སང་ཤོ་རྒྱག་དུས་ཨཱེ།
  • མིག་དམར་
    ཨོང་།
  • ཐུབ་བསྟན་
    ཁྱད་ཆོས་ཞེ་དྲག་ཡོའོ་རེད།
  • མིག་དམར་
    ག་རེ་ཡོའོ་རས།
  • ཐུབ་བསྟན་
    སྔན་དང་པོ་དེའི་ཡིན་ན། བསད་རེས་གཏང་གི་རེད། དེའི་རྗེས་ལ་་་་་་།
  • མིག་དམར་
    ཨོའོ་འགྲིག་སོང་འགྲིག་སོང་་་་་་། ད་ཆོ་ག་རེ་ཡོའོ་རས། རྩེད་མོ་མགོ་ཚུགས་ལོང་མེད་པ། ཨ་ནི་མི་བསད་རེས་གཏང་ན། གོ་པར་ཨ་ནི་ཁྲིམས་དང་རྒྱལ་གྱི་རེད།
  • ཐུབ་བསྟན་
    ཨའ་ཙི་འདི་མི་བསད་རེས་ཟེར་གྱི་ཡོའོ་མ་རེད་དང། 
  • མིག་དམར་
    འོ་ན།
  • ཐུབ་བསྟན་
    ལག་ཁྱི་ཕར་ཚུར་བསད་རེས་གཏང་ཡས་དང་འདེད་རེས་གཏང་ཡས་དང་། རུབ་རྒྱག་རྒྱག་ཡས་དང་དེ་ཚོ་ཟེར།
  • མིག་དམར་
    ཨ་ལས། ལག་ཁྱི་ཕར་ཚུར་བསད་རེས་གཏང་ཡས་དེ་འདྲས། ད་དུང་གཞན་དག།
  • ཐུབ་བསྟན་
    ལགས་ད་དུང་ཨཱེ། ད་དུང་ཡིན་ན་ཤོ་མིག་རེ་རེ་ལ་མིང་གཉིས་གསུམ་གཏགས་ཡས་ཡོའོ་རེད། 
  • མིག་དམར་
    མིང་གཉིས་གསུམ་ག་རེ་གཏགས་ཀྱི་རེད།
  • ཐུབ་བསྟན་
    དཔེར་ན་ཤོ་མིག་གསུམ་པར་ཆ་བཞག་ན། གཙོང་། རྩབ། སུག། གཟབ།
  • མིག་དམར་
    གཙོང་། རྩབ། སུག། གཟབ། ཨོའོ་ཏག་ཏག་རེད་ཞག།
  • ཐུབ་བསྟན་
    ད་དུང་ཡིན་ན་ཤོ་མིག་ག་རེ་འབབ་དགོས་མེད་ལ་བལྟས་བྱས། ཡང་ཤོབ་བཤད་གཏང་ཡས་ཡོའོ་རེད།
  • མིག་དམར་
    ཤོབ་བཤད་ཨཱེ། ཡོང་ང་། ད་ཨོོའོ་ན་རྒན་ལགས་ཁྱེད་རང་གི་དཔེ་ཅིག་བཞག་བྱས་ཤོབ་བཤད་ཅིག་གཏང་གནང་དང་།
  • ཐུབ་བསྟན་
    དཔེ་བཞག་བྱས།
  • མིག་དམར་
    ཨོང་།
  • ཐུབ་བསྟན་
    འགྲིག་གི་རེད། འགྲིག་གི་རེད། དཔེར་ན་བྱང་རྒྱུད་ས་ཁུལ་ཡ་ཤོ་རྒྱག་དུས་ཙམ་ནས་ཤོ་བཤད་དེ་འདྲས་ཟེ་གཏང་ག་བྱེད་ཀྱི་རེད།
  • མིག་དམར་
    གང་འདྲས་ཟེར།
  • ཐུབ་བསྟན་
    ཡཱ་ཁོ་རེ་ཁོ་རེ་་་་་་་་། རི་མ་འདོད་མ་ཎིས་བྱུང་། མ་ཎི་ཆོས་ཀྱི་སྙིང་པོ་རེད། ཁ་ལ་ཡིན་གྱི་ཆོས་པ་ཟེར། ཁ་ལ་མིན་གྱི་ཆོས་པ་ཟེར། གུང་ཐང་མེ་ཏོག་ཆོས་པ་ཟེར། ལྷ་སའི་བཅོ་ལྔ་ཆོས་པ་ཟེར། ཡཱ་ཁོ་རེ།
  • མིག་དམར་
    ཨོའོ། ཧའོ་་་་་། དངོས་གནས་དཔེ་རེད་ཞག། དཔེ་རེད་ཞག། ད་ལྟ་རྒན་ལགས་ཁྱེད་རང་གིས་ཤོབ་བཤད་འདུག་ཟེར་གཏང་གནང་པ་ཙམ་གྱིས། ངའི་མིག་གི་མདུན་དེ་ཡ། བྱང་རྩ་ཐང་སྔོ་ཐིང་ཐིང་གཅིག་གི་གང་འདི་ཡ། ཨ་ཕོ་རྒྱག་པ་ཅིག་གི་ཐུད་འདྲ་ཅིག་བཟས་བསྡད་པ་འདྲ་ཅིག་མཐོང་ཡོང་ཉན་འདྲ་ཅིག་བྱེད་གིས།
  • ཐུབ་བསྟན་
    ཨོའོ་ཙི། ལྷན་རྒྱས་གཟིགས་དང་། མིག་དམར་ལགས་ཀྱིས་ཨ་པོ་ཧོར་གྱིས། ཐུད་བཟས་པ་དེ་མ་ཏོག། ཨ་ཕོ་ཧོར་གྱིས་བརྒྱབ་དེ་གཟིགས་མི་འདུག་གང། ཧ་་་་་།
  • མིག་དམར་
    ད་བྱས་ན། ད་དུང་ཡིན་ན། དཔེར་ན་ང་རང་ཚོའི་ལྷ་སའི་ཉེ་འཁོར་ལ་ཤོ་བྱབ་པའི་ཁྱད་ཆོས་ཡོའོ་རེད་པས།
  • ཐུབ་བསྟན་
    ཨ། ཁྱད་ཆོས་ཞེ་དྲག་ཡོའོ་རེད།
  • མིག་དམར་
    ཁྱད་ཆོས་ག་རེ་ཡོའོ་རས།
  • ཐུབ་བསྟན་
    སྔན་དང་པོ་འདེའི་ཡིན་ན། ཆང་བད་ལེ་གང་འཁྲིས་འདེའི་ཡ་བཞག། དེ་འདྲས་ཅིག་ལ་ཡང་། ཤོབ་བཤད་གཏང་ཡས་ཡོའོ་རེད།
  • མིག་དམར་
    ཨཱ། གང་འདྲས་ཟེར་རྒྱག་དགོས་རེད།
  • ཐུབ་བསྟན་
    ཤོབ་བཤད་ཨེ།
  • མིག་དམར་
    ཨོང་།
  • ཐུབ་བསྟན་
    འདུག་ཟེར་གཏང་གི་རེད། ཆུ་་་་་་་་་། དབྱར་ཆུ་དབྱར་གྱི་ཆུ། དགུན་ཆུ་དགུན་གྱི་ཆུ། རྫ་མོ་རོང་གི་ཆུ། དེ་རིང་ངའི་ཆུ། སང་ཉིན་ཁྱེད་རང་གི་ཆུ། ལྡིང་ཁུང་ཆུ་མིག་ནས་ཆུ་ཅིག་༼ཞིག༽ལེན་བྱས། ལྷས་སའི་ཇོ་བོ་ལ་ཡོན་ཆབ་ཅིག་འཕུལ་ལོ།
  • མིག་དམར་
    ཧ། དངོས་གནས་ཤོབ་བཤད་འདི་ཡང་། སྐལ་པ་བཟང་པོ་ཞེ་པོ་ཅིག་གཏང་གནང་སོང་།
  • ཐུབ་བསྟན་
    ཨོའོ་ཧའེ། ད་དུང་ཤོབ་བཤད་ལ་ཆ་བཞག་ན། ཤོབ་བཤད་ངར་པོ་དང་། འཇམ་པོ། ཟུར་ཟ་དང་། དམའ་འབེབས་སོགས་ཀྱི་ཤོབ་བཤད་གཏང་བྱས། གང་ལྟར་དགོད་བྲོ་པོ་ཞེ་པོ་ཅིག་ཡོའོ་རེད་ཁོང་།
  • མིག་དམར་
    ག་རེ། ཤོ་རྒྱབ་པ་ཡིན་ན་དགོད་བྲོ་པོ་ཞེ་པོ་ཅིག་ཡོའོ་རེད་ཨཱེ། ཨོའོ། ད་དགོད་བྲོ་པོ་དེ་དྲས་ཡིན་ན། ད་རེས་ང་རྒན་ལགས་ཁྱེད་རང་དང་ཤོ་ཅིག་མ་རྒྱབ་པ་ཐབས་བྱུང་མ་སོང་།
  • ཐུབ་བསྟན་
    ག་རེ་ང་རང་གཉིས་ཤོ་རྒྱག་གི་ཡིན་ཟེར། འགྲིག་གི་རེད་ཁོང་། ཡིན་ནའི་ཤོབ་བཤད་གཏང་ཡས་མེད་ན། ང་ཤོ་རྒྱག་གི་མིན་དང་ཁོང་།
  • མིག་དམར་
    ཨ་ལས་ཡིན་གཅིག་མིན་གཅིག་ཤོབ་བཤད་གཏང་དགོས་རེད་པས།
  • ཐུབ་བསྟན་
    ཡིན་དགོས་བྱུང་། ཤོབ་བཤད་གཏང་ཡས་དགོས་རེད།
  • མིག་དམར་
    ད་ལྷན་རྒྱས་ཚོར་ཞུ་རྒྱུར། ངས་སྔན་མའི་ཤོབ་བཤད་སྙིང་པོ་ཞེ་དྲག་རང་ཤེས་ཀྱི་མེད།
  • ཐུབ་བསྟན་
    ཨ་ནི།
  • མིག་དམར་
    ཡིན་ནའི་དེ་རིང་ངས་ཤོབ་བཤད་གསར་པ་ཁག་ཅིག་གཏང་བྱས། རྒན་ཐུབ་བསྟན་ལགས་ཀྱི་དཔལ་ཀོག་དཀར་པོ་དེ་ལ་ཡ། ངས་རྔུལ་ནག་གི་ཐིགས་པ་རྒྱག་གོ་བཟོས་གོ།
  • ཐུབ་བསྟན་
    ཨོའོ་ཙི་ལགས། དེ་འདྲའི། ལགས། འགྲིག་གི་རེད་ཁོང་། དེ་ག་ཙེ་༼ཙམ༽ང་རྒྱལ་ཡོད་ན་ད།
  • མིག་དམར་
    ཨའ་ཙི་ཁོང་། རྩེད་མོ་ང་རྒྱལ་མེད་ན་དབྱིངས་འཕར་གྱི་མ་རེད་དང་།
  • ཐུབ་བསྟན་
    སྔ་དྲོ་ཆེ། དགོང་དྲོ་ཆུང་ཟེར་འདི་ཁྱེད་རང་གི་མཁྱེན་གྱི་ཡོད་ཞག།
  • མིག་དམར་
    འདེའི། སྔ་ཐོག་གྲོག་ཁོག་ཆེ་དང་། དགོང་དག་གྲོག་ཁོག་ཆུང་སུས་ཀྱང་ཤེས་ཀྱི་རེད།
  • ཐུབ་བསྟན་
    ཨའ་ཙི། འདི་གྲོད་ཁོག་ཆེ་ཆུང་སྐད་ཆ་བཤད་ཀྱི་ཡོའོ་མ་རེད་དང་། ཤོ་སྔན་ལ་སུས་མགོ་བཙུགས་མེད་ཀྱི་ལོག་སྲོལ་ཅིག་རེད།
  • མིག་དམར་
    ག་རེ། ཤོ་རྒྱག་་ཡས་ཀྱི་ལོག་སྲོལ་ཨཱེ། ཨ་ལས་ད་བྱས་ན། སྔ་ཐོག་ལོ་ཆེན་པོ་ངའི་བཟོ་འདྲ་དེ་སྔན་ལ་འདོན་ག་བྱེད་ཀྱི་ཡོའོ་རེད། རེད་པཱ།
  • ཐུབ་བསྟན་
    ཨོའོ་རེད་རེད་རེད། འོ་ན་ཁྱེད་རང་གསུང་དང་། ཡིན་དང་།
  • མིག་དམར་
    ཆོ་མཆོག། ཤོ་དང་པོ་ང་ཡིས་རྒྱབ། རྒྱན་ཚང་མ་ང་ཡིས་བཟས། ཧ་ཧ་་་་་་།
  • ཐུབ་བསྟན་
    ལྷན་རྒྱས་གཟིགས་དང་། ཡང་མག་་རྟགས་སླད་ཚར་སོང་གོ།
  • མིག་དམར་
    མག་་རྟགས་གང་འདྲས་ཟེར་་ཨ་ནི།
  • ཐུབ་བསྟན་
    ཡིན་གོ་བྱུང་། ཤོ་མགོ་བཙུགས་ལོང་མེད་པར་རྒྱན་ཚང་མ་ངས་བཟས་ཟེར་གྱིན་འདུག་གོ།
  • མིག་དམར་
    ཨ་ནི་ཤོ་རྒྱབ་དུས་ག་རེ་ལབ་དགོས་རས་ཨ་ནི།
  • ཐུབ་བསྟན་
    ཁྱེད་རང་གསན་ཞིག། ང་ཚོས་འདུག་ཟེར་ཟེར་གྱི་རེད། ཤོ་པ་ར་ལ་པ་ར་རྒྱབ་སོང་མ་གསུངས་ཨ། པ་རའི་སྐད་ཆ་སྙན་པོ་དེ་ཁྱེད་རང་གསན་ཞིག། པ་ར་ཞུ་་་་་་་་་། སྔན་མ་སོང་། ཕྱི་མ་སོང་། དགྲ་ལག་འོག་ནས་མཐར་མ་སོང་ང་ཟེར་གྱི་རེད་ཁོང་།
  • མིག་དམར་
    ཨའ། བཞུགས་ཞིག་་་་་་་་། འཛུགས་ཀར་པ་ར་རྒྱག་དོག་མེད། ཤི་ཀར་མནའ་མ་ལེན་དོག་མེད།
  • ཐུབ་བསྟན་
    པ་ར་དཔལ་འབར་བཀྲ་ཤིས་རེད། རྒྱག་མཁན་ཤོ་པ་ཐུབ་བསྟན་རེད།
  • མིག་དམར་
    ཨའ། ཤོ་པ་རས་འཁྲབ་ན་འཁྲབ་པ་རེད། རྒན་ཐུབ་བསྟན་ལགས་ཀྱི་འཇོན་གྱི་མ་རེད་དང་།
  • ཐུབ་བསྟན་
    ག་རེ་ངས་འཇོན་གྱི་མ་རེད་ཟེ་ཨེ། ཧའེ་ཁོང་། སུག་མཐིལ་དཀར་པའི་ཐུག་པ་འདི། མིག་དམར་ལགས་སུ་ཇ་གང་བཀྱག་ཡོད་དང་།
  • མིག་དམར་
    སུག་མཐིལ་དཀར་པོའི་ཐུག་པ་བཏུང་པ་ལས། ཕྱུ་ཞིབ་རྒྱབ་བྱས་ཇམ་འཐུང་ལྡག་པ་དགའ་གི་རེད། ལའོ།
  • ཐུབ་བསྟན་
    གཙོང་གི་ངར་མ་མིག་ལ་རྒྱུགས། མིག་དམར་ལགས་སྒྲོག་ཙེའི་སྟེང་ནས་ཟགས་སོང་ངོ།
  • མིག་དམར་
    གཙོང་དང་སྒོག་པར་དགའ་དྲག་ན། ཤ་ལ་ཡས་སེས་བརྒྱབ་ཡོང་གོ།
  • ཐུབ་བསྟན་
    ཟིན་དང་མང་པོ་ཟིན་ཡོང་དེའི། རྒྱ་བཟའི་རྣམ་ཐར་ཟིན་མ་ཡོང་།
  • མིག་དམར་
    ཟིན་དང་མང་པོ་ཟིན་ཡོང་དེའི། ཙི་ཙིའི་སྤུ་གུ་ཟིན་ཡོང་མེད།
  • ཐུབ་བསྟན་
    ཙི་ཙིའི་སྤུ་གུ་སྙིང་རྗེ་ཡང་། རྒན་ལོངས་ནས་རྩམ་་ཁུག་དབྲལ་མཁན་རེད་བྱས་པ་རེད།
  • མིག་དམར་
    ཨའ། གེ་གེ་གནང་གི་མ་རེད། ཙི་ཙིའི་དཔོན་པོ་ཞི་མི་རེད། ཞི་མིའི་དཔོན་པོ་ང་རེ་ཡིན། ལོའོ།
  • ཐུབ་བསྟན་
    ཙི་ཙི་ཙི་ཙི་མ་ཟེར་ལ། ཁྱེད་རང་ཅི་ཅིའི་རྒྱུད་རྩ་རེད་ཟེར་བྱས་པ་རེད།
  • མིག་དམར་
    ང་ཙི་ཙིའི་རྒྱུད་རྩ་གང་འདྲས་ཟེར་ཨ་ནི།
  • ཐུབ་བསྟན་
    ཡིན་དགོས་བྱུང་། ཁྱེད་རང་ལོ་རྟགས་ག་རེ་རས། 
  • མིག་དམར་
    ངའི་ལོ་རྟགས། ཨོའོ། སྦི་རགས། ཨའ་ཙེ། སྐུ་རྩེད་ཞུས་པ། ངའི་ལོ་རྟགས་ཕག་གི་གང་མ། གླང་གི་སློག། བར་ཚ་ལ་དེའི་རེད།
  • ཐུབ་བསྟན་
    ཨ་ལས་ཨོའོ་རེད་རེད། ང་ཚོའི་མིག་དམར་ལགས་ཀྱི་ལོ་རྟགས་ཙི་ཙི་མ་རེད། བྱི་བ་ཟེར་འདི་རེད། བྱི་བ།
  • མིག་དམར་
    གང་ལྟར་གང་བྱས་མིའི་ལོག་ནས་བྱས་ན། སྙིང་རྗེ་ཤོས་དེ་རེད་ཞག།
  • ཐུབ་བསྟན་
    སྐོམ་པ་ཁྱེད་ནི་ཚོགས་ལ་ཞུགས། དེ་རིང་ཚོགས་ལ་པོར་ཆང་ཡོད།
  • མིག་དམར་
    སྐོམ་གདན་རྐུབ་མེད་བསྡད་ལ་ནི། ཞ་ལའི་གང་གི་བརྒྱབ་ར་འདྲ།
  • ཐུབ་བསྟན་
    སྐོལའི་ཡང་རྩེ་རྒྱ་མིའི་ཤོ། རྒྱ་མིའི་ཤོ་ལ་ཤོ་བཤད་མེད་ཟེར།
  • མིག་དམར་
    ལགས། རྒྱ་མིའི་ཤོ་ལ་ཤོ་བཤད་ཡོའོ་མ་རེད་པས།
  • ཐུབ་བསྟན་
    ཡོའོ་མ་རེད། ཁོང་།
  • མིག་དམར་
    ངས་གཏང་ག།
  • ཐུབ་བསྟན་
    ཨོང་།
  • མིག་དམར་
    ཁྱེད་རང་གསན་་ཨ།
  • ཐུབ་བསྟན་
    གང་འདྲས་ཟེ།
  • མིག་དམར་
    རྐོབ་ཕི་ཙི་གི་ལའེ་ལ་མཱ། སྔོན་མེའི་སྒྲོམ་ཀྱོག་ཡི་གེ་ཁྱིས་བཀྱག་ལའོ་མཱ་བྱས་པ་རེད། འདི་རྒྱ་སྐད་རེད།
  • ཐུབ་བསྟན་
    གྲུབ་པག་གྲུབ་པ་མ་ཐོབ་པར། སྡ་རུའི་གསུམ་རྒྱག་བཞག་རོགས་གྱིས།
  • མིག་དམར་
    ཨཱ། གསུམ་རྒྱག་མ་རྒྱག་ཀ་མེད་རེད། གྲུ་པ་སོས་གྲོས་སྟོང་པ་རེད།
  • ཐུབ་བསྟན་
    ཧ་་་་། རི་དེ་ལ་འཁོར་བའོ་རི་དགས་རེད། ཆུ་དེ་ལ་འཁོར་བའི་ཉ་མོ་རེད།
  • མིག་དམར་
    རི་དེ་ལ་འཁོར་མཁན་རྩམ་པ་ཁ་ཧྲལ་དང་། ཆུ་དེ་ལ་འཁོར་མཁན་སྦལ་པ།
  • ཐུབ་བསྟན་
    རི་དེ་ནི་གླ་བ་ཉལ་ས་ཟེར། གླ་བ་ཉལ་དྲགས་ན་ཤི་ས་རེད།
  • མིག་དམར་
    རི་པིན་དམག་མི་རི་ལ་འཛེགས། རི་ལ་ཕྱིན་ནས་ཟཱ་ཀེ་ཀེ།
  • ཐུབ་བསྟན་
    ག་རེ། རི་པིན་དམག་མི་རི་ལ་ཕྱིན། ག་རེ་བྱེད་ག་འགྲོ་གི་ཡོའོ་རེད།
  • མིག་དམར་
    ད་གིན་ཁྱེད་རང་གི་གསུངས་ཡས་གླ་གཡག་གི་ཤ་དེ་བཟའ་ག་ཕྱིན་པ་རེད།
  • ཐུབ་བསྟན་
    ཨ་ལས། ཤ་ཞིམ་པོ་རུས་པའི་གསེང་ལ་ཡོད། དེ་དཔོན་ལ་མ་རག་གཡོག་ལ་རག་བྱས་པ་རེད།
  • མིག་དམར་
    ཤ་ཞིམ་པོ་ཁྲོམ་གཟིགས་ཁང་ལ་འདུག། དངུལ་མེད་ན་མིག་གི་བལྟས་མོ་རེད་ཞག།
  • ཐུབ་བསྟན་
    ཧེ་་་། བཤན་པའི་ལག་པ་ནས་གྲི་བརྡར་དུས། རྒན་མོ་ཐང་སྟེང་ནས་ངུ་ཤོར་བྱས་པ་རེད།
  • མིག་དམར་
    བཤན་པའི་དཔའ་བློ་བཀབ་ནས་བཞག་རོགས་གནང་། བོས་༼བྲོས་༽གོ་བྱུང་ན་ཁྱི་ལས་མགྱོགས་ཀ་འདུག།
  • ཐུབ་བསྟན་
    གུང་མཐོ་བ་ལྕང་ལོ་ཅན་པ་རེད། དེའི་འོག་ལ་ཧོར་ཁང་ཛ་སྒྲེད།
  • མིག་དམར་
    ཨཱ་ལེའི་ལོའོ་ལོའོ་སོ་ཁོང་། གུང་མཐོ་བ་ཉི་མ་ཟླ་བ་རེད། དེའི་འོག་ལ་ཨ་ཕོ་མིག་དམར་ཡིན།
  • ཐུབ་བསྟན་
    ག་རེ། ཁྱེད་རང་ཡིན་ཟེར།
  • མིག་དམར་
    ཨོང་།
  • ཐུབ་བསྟན་
    གང་འདྲས་ཟེར།
  • མིག་དམར་
    གཟའ་ཉི་མ་ཟླ་བ་གཞུག་གུ་ང་མིག་དམར་འགྲོ་གོ་རས་འགྲོ་གོ་མ་རས།
  • ཐུབ་བསྟན་
    ཨོའོ་ཧ་ཧ་་་་། ཁོ་རང་ཞེ་པོ་ཅིག་བཀྱག་ག་བྱས་སོང་ང་།
  • མིག་དམར་
    ཡིན་གོ་བྱུང་། དེ་ཞག་སུ་ཡིན་ནའི་ང་རེ་ཡིན་ཟེར་ཉན་ཀྱང་ཀྱང་རེད།
  • ཐུབ་བསྟན་
    གུང་ཐང་ལ་འགྲོ་ཡོང་གས། མི་ལ་རས་པ་མཇལ་ཡོང་གས།
  • མིག་དམར་
    ཨོའོ་ད། གུང་ཐང་ལ་འགྲོ་མ་ཡོང། གུར་ཚང་ལའི་འཛུལ་མ་ཡོང་།
  • ཐུབ་བསྟན་
    འ་ད་བྱས་ན་ཕང་གོ་རེད། ཁོང་།
  • མིག་དམར་
    ལགས། ང་བཙོན་ཁང་ནང་ལ་མ་ཕྱིན་ན། ཁྱེད་རང་ཕང་གི་འདུག་གས།
  • ཐུབ་བསྟན་
    ཨའ་ཙི། ངས་ཁྱེད་རང་གུར་ཚང་ཟེར་གྱི་མེད།
  • མིག་དམར་
    ཨོའོ་ན།
  • ཐུབ་བསྟན་
    མི་ལ་རས་པ་མཇལ་མ་ཡོང་ཙང་ཕང་ག་ལ་ཟེར་གྱི་ཡོད།
  • མིག་དམར་
    ཨའ་འདི་ང་རའི་དཔལ་ཀོག་དཀར་པོ་སོང་ཙང་བྱས་པ་རེད་ལའོ།
  • ཐུབ་བསྟན་
    ཨོའོ་ཧའེ། ཆུ་ཟོམ་རྒྱབ་ལ་འཁྱེར་བའི་ལྟོ་བྱ་ཡེ་ལ་གཟིགས་དང་། ཨ་ཅག་ཡིད་འཕྲོག་ལྷ་མོའི་སྐེ་གཟེར་ཡེ་ལ་གཟིགས་དང་།
  • མིག་དམར་
    ཨཱ་ཆུ་ཟོམ་སྒལ་པར་འཁྱེར་བྱས། སྐེ་གཟེར་བཞག་རོགས་གནང་དང། ནང་ལ་ཨ་མ་བཞག་བྱས། ལྟས་མོ་ལྟ་ལོང་མི་འདུག།
  • ཐུབ་བསྟན་
    ཕྱུ་པ་དཀར་པོ་ཨ་མས་གཡོགས། མིང་ལ་སྐྱ་རིལ་ཨ་མས་བཏགས།
  • མིག་དམར་
    ཕྱུ་པ་དཀར་པོ་ངས་གྱོན། ཁྱོད་ལ་ཇུས་ཏོག་ག་རེ་འདུག།
  • ཐུབ་བསྟན་
    ཐོས་པ་དཀར་པོ་དེ་གྱིས་དང་། སྐྱིད་པོ་ཡོང་བ་ཁོ་ཐག་ཆོད།
  • མིག་དམར་
    ཨཱ་ཐོས་པ་འདུག་ན་ཁྱེད་རང་གནང་། ང་རའི་ཨ་མ་ང་ར་དགོས།
  • ཐུབ་བསྟན་
    ཐོ་རངས་ལངས་ནས་གང་བྱེད་ག། རྔ་ཤང་དཀྲོགས་ནས་གང་བྱེད་ག།
  • མིག་དམར་
    ཐོ་རེངས་ལངས་ནས་བིད་པ་བཞོན། རྔ་ཤང་དཀྲོགས་ནས་ཞབས་བྲོ་བརྒྱབ།
  • ཐུབ་བསྟན་
    ཧེ་་་་་་་་། ལྷན་རྒྱས་གཟིགས་དང་། མིག་དམར་ལགས་ཞོགས་པ་ཡར་བཞེངས་བྱས། རྐང་འགྱེལ་རིལ༼ལྕགས་རྟ་༽མ་བཞོན་པ་བྱས། བིད་པ་བཞོན་བྱས་ཐད་ཀྱི་ཡོད་པ་འདྲ།
  • མིག་དམར་
    ཨོའོ། ད་འདི་ཡང་རྒན་ལགས་ཁྱེད་རང་གི་མཁྱེན་གྱི་མི་འདུག། དེ་ཞག་ང་ཚོ་ལྷས་སའི་ནང་ལ་ཡ་བཏང་འགྱེལ་རིལ་༼ལྕགས་རྟ༽བརླགས་ཡས་དེ་བས་པོ་ཅིག་འདུག་གང་། དེའི་ཚབ་ལ་ཡ་བིད་པ་ཅིག་བཞོན་ན་མ་བརླགས་པར་ཡོང་གི་མེད་འགྲོ་བསམ་གྱི་འདུག།
  • ཐུབ་བསྟན་
    བརླགས་ཡོང་བསམ་པ་རེད།
  • མིག་དམར་
    བརླགས་ཡོང་བསམ་བྱུང་། ཨོའོ་་་་་་།
  • ཐུབ་བསྟན་
    བྱང་ལས་ཆུ་ཤུལ་སྐྱིས་པ། པགས་ལས་མོག་མོག་ཞིམ་པའ་བྱས་པ་རེད།
  • མིག་དམར་
    བྱང་ལས་མཉེས་ཐང་དགའ་བ། བུ་ལས་བུ་མོ་མཛེས་པ།
  • ཐུབ་བསྟན་
    ཆབ་མདོ་བར་དུ་འགྲོ་རྒྱུ་ཡིན། དེ་ནས་བུ་མོ་བཞག་རྒྱུ་ཡིན།
  • མིག་དམར་
    བུ་མི་ཆ་མདོར་བཟག་ནུས་ན། ང་རའི་མནའ་མར་ལེན་གྱི་ཡིན།
  • ཐུབ་བསྟན་
    ཨོའོ་ཙི་ལགས་ཁོང་། ཁྱེད་རང་གཅིག་གི་ག་ང་ལ་གཉིས་ཨེ།
  • མིག་དམར་
    ཨེ་་་། མ་རེད་།མ་རེད་ཁོང་། ཨོའོ་ཁ་ཤོར་པ་རེད། ངའི་བུའི་མནའ་མར་ལེན་གྱི་ཡིན།
  • ཐུབ་བསྟན་
    ཨ་ལས། ཨོང་། ད་འོ་ན་ཡིན་དང།
  • མིག་དམར་
    ལོའོ་ལོའོ།
  • ཐུབ་བསྟན་
    གཤམ་ལ་ངས་ཁྱེད་རང་ལ་ཡ་ཤོ་ནིག་གཉིས་བྱས་པའི་འདྲི་བ་བཏོན་གྱི་ཡིན།
  • མིག་དམར་
    ཨོའོ་ད་གཉིས་མ་གོ་གསུམ་གསུངས་ནའི་གསུངས་ཞིག།
  • ཐུབ་བསྟན་
    འགྲིག་གི་རེད་འགྲིག་གི་རེད། ད་འོ་ན་ཡིན་དང་།
  • མིག་དམར་
    ལས་ཟེར།
  • ཐུབ་བསྟན་
    སྤ་ཕྲུག་བཙོང་ནས་མཆོད་ཆང་མཆོད། བུ་མོའི་སེམས་ནད་དེ་ནས་གསང་བྱས་པ་རེད།
  • མིག་དམར་
    སྤ་ཕྲུག་མེད་ན་ཉག་ཞྭ་གྱོན། པོག་སྐྲ་མེད་ན་མར་ཀོག་གྱོན་ཟེར་བྱས་པ་རེད།
  • ཐུབ་བསྟན་
    ཧེ་། གསེར་ཁུང་སྟེང་སུ་དམ་ཆོད་པད་མ་ལགས། ཡར་ཁུང་སྟེང་སུ་སྐུ་ཞབས་མིག་དམར་ལགས་བྱས་པ་རེད།
  • མིག་དམར་
    གསེར་ཁུང་བརྡིབ་ན་སྐམ་པས་བཟོ། ཡར་ཁུང་བརྡིབ་ན་ཕུང་མདའ་རྒྱབ།
  • ཐུབ་བསྟན་
    ཕུང་མདའ་རྒྱབ་ནས་ག་རེ་བྱེད་དགོས་རས།
  • མིག་དམར་
    ཨང་རྒན་ལགས་ཁྱེད་རང་གི་ཡྭ་མ་ཀོང་མདོང་དེ་ཕུང་མདའ་རྒྱབ་དང་ཡར་གསང་ཡོང་གི་རེད།
  • ཐུབ་བསྟན་
    ཧ་་་་་་། ང་ཚོའི་མིག་དམར་ལགས་གྲོག་ཁོག་ལྟོགས་དུས་ཙམ་ནས་ཕུ་རྒྱབ་ནས་ཡར་ཁེངས་པ་བཟོ་གི་ཡོའོ་རེད། རེད་པཱ།
  • མིག་དམར་
    ཨོའོ་དེ་འདྲས་ལོགས་སྲོལ་ག་པར་ཡོའོ་རས།
  • ཐུབ་བསྟན་
    ཁམ་མཆུ་མི་རྒྱག་ཀ་མེད་ལ། བུ་མོ་རྣམ་པའི་རྫོགས་རྫོགས་རེད།
  • མིག་དམར་
    ཁམ་ཆུ་རྒྱབ་ཞག་བུ་མོའི་དོན། བུ་མོའི་མདོང་ལ་ལྕེ་ལག་རྒྱབ་ཟེ།
  • ཐུབ་བསྟན་
    བུ་མོའི་མདོང་ལ་ལྕེ་ལག་རྒྱབ་བྱས་ག་རེ་བྱས་དགོས་རས།
  • མིག་དམར་
    ཨ་ནི་ཁྱེད་རང་གི་རྔན་པས་རྫོགས་རྫོགས་རེད་ཞག་ཟེར་གྱི་འདུག་གོ་ཨ་ནི།
  • ཐུབ་བསྟན་
    ངས་རྫོགས་པ་རྣམས་གསུམ་ཟེར་གྱི་ཡོའོ་རེད།
  • མིག་དམར་
    རྫོགས་པ་རྣམས་གསུམ། བྱས་ན་དགོངས་གལ་མེད་པ་ཞུ། ང་རས་གོ་ནོར་ཐེབས་ཞག།
  • ཐུབ་བསྟན་
    བདེ་སྐྱུང་བླ་རམ་གྱི་མེ་སེར་ཡིན་པས། སྣ་ཐག་སེར་མོ་གང་བསྟེར་རོགས་གནང་བྱས་པ་རེད།
  • མིག་དམར་
    ད་ལྟ་ཁྱེད་རང་གི་གཏང་གནང་ཡས་ཀྱི་ཤོབ་བཤད་དེ། ངས་ཚུར་རྒྱ་སྐད་རྒྱབ་བྱས་གཏང་གོ།
  • ཐུབ་བསྟན་
    རྒྱ་སྐད་རྒྱབ་བྱས་གང་འདྲས་ཟེ།
  • མིག་དམར་
    ང་ཚོ་ཆེད་ལུགས་དང་ལུག་ནས། བི་ཡན་ཡི་སི་སི་དེ་སྐྱེས་ལོའོ༼རྒྱ་སྐད་ཀྱི་སྒྲ༽།
  • ཐུབ་བསྟན་
    ཨོའ་ཧ་ཧ་་་་་་་། ཤ་རྡོག་བཟའ་ན་སྔགས་པའི་དགེ་ཕྲུག་གྱིས། སྔགས་པ་སོ་མེད་གཅིག་གི་དགེ་ཕྲུག་གྱིས། བྱས་པ་རེད།
  • མིག་དམར་
    ཤ་རྡོག་བཟས་བྱས་མིད་པ་ཆུས། རྩིས་ཁོག་ཕེ་གའི་སྐྱུག་པ་ཤོར་ཟེར།
  • ཐུབ་བསྟན་
    ཁ་ཤ་པགས་ན་བཟའ་ག། མིད་པའི་ལྟ་ཆོག་བཟའ་ག། ཨམ་ཅོག་རིང་པོ་བཟའ་བ། ཨམ་ཅོག་ཐུང་ཐུང་བཟའ་གའ་བྱས་པ་རེད།
  • མིག་དམར་
    ཁ་ཤ་པགས་ནི་མི་དགོས། ཚགས་ཤ་བྱུང་ན་འགྲིག་པ། ཨམ་ཅོག་རིང་པོ་མི་དགོས། མཆུ་ཏོ་རིང་པོས་འགྲིག་པ།
  • ཐུབ་བསྟན་
    ག་རེ། མཆུ་ཏོ་རིང་པོ། ཁྱེད་རང་གླང་ཆེན་ཤ་ཡའི་བཟའ་གི་ཡོད་པས།
  • མིག་དམར་
    སུས་གླང་ཆེན་གྱི་ཤ་བཟའ་གི་ཡིན་ཟེར་གྱི་འདུག་གས།
  • ཐུབ་བསྟན་
    ཨ་ནི་མཆུ་ཏོ་རིང་པོ་ཟེ་ག་རེ་ཟེར་གི་ཡོའོ་རེད་པས།
  • མིག་དམར་
    དེའི། ཐུགས་རྒྱུད་ཡོད་པས།
  • ཐུབ་བསྟན་
    ཨ་ལས། ཕག་ཤ་ཟེར་གི་ཡོའོ་རེད། རེད་པཱ། ཧ་་་་་། རྩིས་ཁུག་སློང་མཁན་གྱི་བསྡད་ས་རེད། སློང་མཁན་སློང་ནག་གི་བསྡད་ས་རེད།
  • མིག་དམར་
    རྩིས་ཁུག་ལ་བསྡད་དུས་ཚར་ལེ་རེད། སེར་ར་གཤག་ལ་འགྲོ་ལེ་རེད།
  • ཐུབ་བསྟན་
    ལྗང་འདོད་གཞུ་ལ་རྐོ་བ་དང་། གཉེན་པོའི་ལགས་ཡང་ག་ལེར་ཞུགས།
  • མིག་དམར་
    རྟ་ལུག་སྤྲེལ་དང་བྱ་ཁྱི་ཕག། བྱི་བ་གླང་སྟག་ཡོད་ནའི་ཡོད། ཤོབ་གདན་ཤོ་པ་ང་ལ་ཧབ། བྱས་པ་རེད།
  • ཐུབ་བསྟན་
    ཏད་ཙེ་བཞུགས་ཞིག་་་་་་་་་་་། ད་ལྟ་ཁྱེད་རང་ལཱ་ཐོན་མེད་པཱ།
  • མིག་དམར་
    ཨེ། ང་ལཱ་མ་ཐོན་ན་ཁྱེད་རང་ག་རེ་གནང་ཡས་ཡོའོ།
  • ཐུབ་བསྟན་
    གལ་སྲིད་ངས་པ་ར་གསུམ་རྒྱབ་སོང་ན་ག་རེ་བྱེད་ག།
  • མིག་དམར་
    པ་ར་གསུམ།
  • ཐུབ་བསྟན་
    ཨོང་།
  • མིག་དམར་
    ཨང་འདི་ལས་སླ་པོ་རེད། རྒན་ལགས་ཁྱེད་རང་གི་ངའ་དངུལ་ཅིག་སྤྲད་གནང་དང་། ངས་ཁྱེད་རང་ལ་ཡ་པར་ཆང་ཉོ་ག་ཕྱིན་གོ། རེད་པཱ་ལགས།
  • ཐུབ་བསྟན་
    ཨོའོ་ཙི། མིག་དམར་ལགས་ཀྱི་སྣང་བ་སྐྱིས་དོག་ལ། པར་ར་ངས་རྒྱབ། པར་ཆང་རིན་པ་ངས་སྤྲད། ཆང་འདི་ཁྱེད་རང་གི་བཏུང་གོ་བསམ་པ་རེད།
  • མིག་དམར་
    ཧ་ཧ་་་་་། དེའི་མིང་ལ་ཡ་ར་མགོ་ཆུ་ལུག་ཟ། ར་མགོ་ཆུ་ལུག།
  • ཐུབ་བསྟན་
    ཨ་ནི་ངས་ཤོབ་བརྩག་རྒྱབ་སོང་ན་ག་རེ་བྱེད་ག།
  • མིག་དམར་
    ཤོབ་བརྩག་ཨེ།
  • ཐུབ་བསྟན་
    ཨོང་།
  • མིག་དམར་
    རྒན་ལགས་ཁྱེད་རང་གི་ཤོབ་བརྩག་རྒྱབ་བྱས། ཤོབ་བཤད་ཆ་ཚང་ག་ཅིག་གཏང་ཐུབ་སོང་ན། ངས་ཁྱེད་རང་སྒལ་པར་འཁྱེར་བྱས་ཤར་ཀྱག་སེར་ར་གཤག་བར་དུ་བསྐྱལ་རོགས་བྱེད་གོ།
  • ཐུབ་བསྟན་
    ཨོའོ་ཙི། ཡང་ཡའི་མག་་རྟགས་སླད་ཚར་སོང་།
  • མིག་དམར་
    མག་རྟགས་གང་འདྲས་ཟེར།
  • ཐུབ་བསྟན་
    ཡིན་གོ་བྱུང་།
  • མིག་དམར་
    ཨོང་།
  • ཐུབ་བསྟན་
    ང་སེར་ར་གཤག་ལ་བསྐྱལ་ཚར་སོང་ན། ངའི་རྒྱུ་དེ་གས་ཁྱེད་རང་བཟའ་གོ་བསམ་བྱུང་གས།
  • མིག་དམར་
    ཨའ་ཙི་ད། མི་ལྟོགས་པ་ཡ་ཁྱི་སྐྱུགས་པའི་རེ་བ་ཁྱོན་ནས་མེད། དེ་ལས་ངའ་ཤོབ་བཤད་གཏང་གནང་དང་འགྲིག་ག།
  • ཐུབ་བསྟན་
    ཤོབ་བཤད་གཏང་ཨཱ། འགྲིག་གི་རེད། འགྲིག་གི་རེད། ཁྱེད་རང་གསན་ཨཱ།
  • མིག་དམར་
    ལགས་སོ།
  • ཐུབ་བསྟན་
    ཡཱ་རྟེན་འབྲེལ་མ་སྒྲིག་རྟེན་འབྲེལ་སྒྲིག། ཤོ་པ་ར་རྒྱབ་དང་པར་ཆང་བཏུང་གོ། ཤོ་ཤོབ་བརྩག་རྒྱབ་ན་ཤོབ་བཤད་གཏོང་གོ། པར་གཟུགས་རྩེས་ག་དྲུག་རི་མ། བརྒྱད་དགུ་ཆུ་མདོག་ལྕོང་ངོ་ལྗང་། ཤོ་དང་ཤོ་ཕོར་ང་ལ་ཧོབ། མདེའི་དང་ལག་ཁྱི་ང་ལ་ཧོབ། རྒྱན་དང་རྟ་པ་ང་ལ་ཧོབ། སྤྲད་རྒྱུ་ཡོད་ན་ཆ་ཚང་སྤྲོད། སྤྲད་རྒྱུ་མེད་ན་སྤུས་མོ་བཙུགས།
  • མིག་དམར་
    ཨ་ལའི། བཞུགས་ཞིག་་་་་་། འཁྲབ་རྒྱུ་ལ་པ་ར་འཁྲབ་བཅུག་ནའི། ཤོར་རྒྱུ་ལ་སྐྱུག་པ་ཤོར་སོང་ང་། འཁྲིད་འཁྲིད་ལ་པད་པད་འཁྲིས་སྔོ་དེའི། བཞག་རྒྱུ་དེའི་ར་གཟི་བཞག་སོང་ང་། ཤོ་པས་རང་ཚོད་མ་ཟིན་ན། ཤོབ་གདན་མགོ་ལ་གཟེས་ཡོང་ང་། སྒྲོམ་བུ་ཁ་ལ་གཟེས་ཡོང་ང་། ལྟར་ཁུང་ས་ལ་བརྡབ་ཡོང་ང་བྱས་པ་རེད།
  • ཐུབ་བསྟན་
    ཨོའོ་ཙི་ལགས། ཁྱེད་རང་ནི་ང་རྒྱལ་ལ་ཨཱ།
  • མིག་དམར་
    ང་རྒྱལ་བྱེད་གོ་བྱུང་། མི་ཏོམ་རྣམས་འདིའི་དཀྱིལ་དུ་ཁྱེད་རང་སྤུས་མོ་བཙུགས་ཟེ་ག་རེ་ཟེར་གྱི་རས། ཨ་ནི།
  • ཐུབ་བསྟན་
    ཨའ་ཙི། འདི་ངས་ཁྱེད་རང་ལ་སྐུ་རྩེད་ཞུས་པ་ཡིན་པཱ།
  • མིག་དམར་
    བྱས་ན་ངས་ཁྱེད་རང་ལའི་སྐུ་རྩེད་ཞུས་པ་ཡིན།
  • ཐུབ་བསྟན་
    ཧ་ཧ་་་་་། ད་ཨོའོ་ན་ཁྱེད་རང་གསན་ཨཱ། ཤོ་ཤོ་ལ་ཀུན་ལ་དག་ལེ་རེད། རྒྱན་བཙུགས་པ་ཁྲིམས་དང་མཐུན་ལེ་མིན་བྱས་པ་རེད།
  • མིག་དམར་
    ཤོ་པ་ཊ་ཟེར་བའི་རྩེད་མོ་དེ། བོད་ཁ་བ་ཅན་ནས་དར་ལེ་རེད།
  • ཐུབ་བསྟན་
    ཤོ་པ་རའི་པར་ཆང་དང་པོ་དེ། དཀོན་མཆོག་གསུམ་གྱི་ཞལ་ལ་འཕུལ། དེ་ནས་པ་ར་རྒྱབ་སོང་ན། པར་ཆང་ང་རས་བཏུང་གི་ཡིན། བཀྲ་ཤིས་པ་ར་འཁྲབ་རྒྱུ་ཡིན། པ་རའི་པར་བཤད་གཏང་རྒྱུ་ཡིན། ཤོ་ཕོར་མགོ་ལ་གྱོན་རྒྱུ་ཡིན། ཤོབ་གདན་སྒལ་པར་འཁྱེར་རྒྱུ་ཡིན། སྐྱེས་སྐྱེས་སོ་སོ་བཀྲ་ཤོས་སོ། ཏད་དེ་ཏུམ། པ་ར་ཤོག།
  • མིག་དམར་
    ད་དེ་རིང་ནས་ང་ཚོའི་འཁྲབ་སྟོན་དེ། འདི་ནས་མཇུག་སྒྲིལ་སོང་། མཇུག་ཏུ་ཡིན་ན་ཨ་ནི་སྤུན་ཟླ་རྣམས་པ་ལྷན་རྒྱས། སྐུ་ཁམས་གསལ་ཐང་དང་། དགུང་གསར་མུ་མཐུད་བྱས་སྤྲོ་པོ་ཡོང་བ་དང་། ད་ག་ནང་བཞིན་གྱི་ད་ལོའི་ལོ་ལ་ཡིན་ན་ལྷན་རྒྱས་ཚང་མ་་ཕྱག་ལས་ཐོག་ལ་ཡིན་ན། མཛད་འཕྲིན་དབྱར་མཚོ་ལྟར་རྒྱས་པའི་སྨོན་འདུན་ཀྱང་ཞུ་རྒྱུ་ཡིན།  ཐུགས་ཆེ་གནང་།