Skip to main content Skip to search
09 Jul 2014
6 min 21 sec
Rating
0
No votes yet
Video Overview
Creators: 
Penchela, Ugyen Phuntsho

༉  རྩི་རང་རྫོང་ཁག་མནྡྲལ་སྒང་ལས་ ཧ་རི་ལལ་གཝ་ཏམ་གྱིས་ ལྷ་དབང་ཕྱུག་གི་ལྷ་ཁང་གི་སྐོར་ལས་བཤད་པ་རྐྱབ་སྟེ་ཡོད་མི་ནང་ ལྷ་ཁང་འདི་ སྤྱི་ལོ་ ༡༩༢༧ ལུ་ཨིན་ན་ ༡༩༣༠ ལུ་ཨིན་ན་ འ་ནེམ་ཅིག་ཁ་ལས་བཞེངས་བཞེངསམ་ཅིག་ཨིནམ་ད་ ལྷ་ཁང་འདི་ ཧེ་མ་ཤིང་གིས་རྐྱབ་རྐྱབ་ཅིག་ལས་མེད་རུང་ ཤུལ་ལས་རྒྱ་སྐྱེད་འབད་དེ་ རྩིབ་རྐྱབ་རྐྱབ་ཨིན་མས། ལྷ་ཁང་འདི་ནང་ ཧིན་དྷུའི་ཆོས་ལུགས་ལུ་དད་པ་ཡོད་པའི་མི་སྡེ་ཚུ་གིས་ བར་རྐྱེན་སེལ་བའི་ཐབས་ལམ་རིམ་གྲོ་ཚུ་ཡང་འབད་དོ་ཡོདཔ་ད་ དེ་ནང་ནང་རྟེན་ཚུ་ཡང་ ཧིན་དྷུའི་ལྷ་ཚུ་ཡོདཔ་ཨིན་མས།

Show More

  • Hari Lal Gautam:/ ཧ་རི་ལལ་གཝ་ཏམ།:
    གནམ་ལོ་འདི་ང་ལྟན་ཏོག་ཏོ་ཅིག་སླབ་ནི་མེད་ཡང་ན་༡༩༣༠་འདི་ལས་ཧེ་མ་འདི་བཞེང་བཞེན་མེད། འནི་སྐུ་འདི་ནང་གི་ནང་རྟན་གཙོ་བོ་ཨིན། ལྷ་ཁང་འདི་ཆུང་ཀུ་ཨིན་རུང་སྐུ་སྒྲུབ་འབད་ཡོད།
  • Penchela:/ དཔོན་ཆེ་ལ།:
    ག་གི་རྐྱབས་རྐྱབ་ལྷ་ཁང་སྨོ?
    ཧིན་དཱུ་པ་ཚུ་གི་བཞེངས་ཡི།
  • Penchela:/ དཔོན་ཆེ་ལ།:
    ལྷ་ཁང་ལེ་ཤ་ཡོད་པའི་ནང་ལས་འནི་འདི་ལྷ་ག་གི་ལྷ་ཁང་སྨོ?
    ཧེ་ང་བཅས་འནི་ལྷ་དབང་ཕྱུག་གི་ལག་ཆ་ལུ་སྲོལ་བཏབ་ལས་ལྷ་དབང་ཕྱུག་གི་འབད་རྩིབ་ཨིན།
  • Penchela: / དཔོན་ཆེན་ལ:
    ལོ་རྟར་སྲོལ་ཁ་ག་ཅིག་རང་འབད་དོ?
  • Penchela: / དཔོན་ཆེན་ལ:
    ལོ་རྟར་ལུ་སྲོལ་ཁ་འདི་༼བལ་ཙོ་ཏུར་ད་ཤུ། ཤཱི་བ་རཱ་ཏིར།༽དང་གཞན་དུས་བཟང་ལུ་འབད་དོ།
  • Penchela: / དཔོན་ཆེན་ལ:
    སྲོལ་ཁ་འདི་ཡུལ་མི་གི་འབདཝ་ཨིན?
  • Hari Lal Gautam:/ ཧ་རི་ལལ་གཝ་ཏམ།:
    ཨིན་ཡུལ་མི་འཛོམ་སྦེ་འབད་དོ།
  • Penchela: / དཔོན་ཆེན་ལ:
    ལོ་རྟར་སྲོལ་ཁ་འདི་གནོད་བ་རྐྱབ་འོང་མནོ་འབདཝ་ཨིན?
  • Hari Lal Gautam:/ ཧ་རི་ལལ་གཝ་ཏམ།:
    ཨིན་མ་འབད་ན་ཡུལ་ལུ་ངན་པ་འོང་མནོ་འབད་དོ།
  • Penchela: / དཔོན་ཆེན་ལ:
    འབད་དོ་ག?
  • Hari Lal Gautam:/ ཧ་རི་ལལ་གཝ་ཏམ།:
    ང་བཅས་ནང་སྲོལ་ཁ་བཏང་མི་འདི་དགའ་སྐྱིད་དང་ལྡན་འདི་ངན་པ་ཚུ་ཟློག་ནི་ལུ་ཨིན།
  • Penchela: / དཔོན་ཆེན་ལ:
    འནི་ལྷཁང་འདི་གནས་ཤོ་ཅིག་མས་འདི་ནང་སྲོལ་བ་བཏབ་མི་འདི་ཐོས་ཚུ་ག?
  • Hari Lal Gautam:/ ཧ་རི་ལལ་གཝ་ཏམ།:
    ཐོས་ཚུ་རང་སེམས་ལུ་དད་བ་ཡོདན་ལྷ་གི་ཡང་གཟིགས་འོང་། གཙོ་བོ་རང་དད་པ་འདི་ཨིན་ དཔེར་ན་ཁྱོད་ནད་འབད་སྤོཝ་རྐྱབ་མས། ཁྱོད་དྲག་ག་མི་དྲག་མི་ཤེས་འདི་ག་རང་དད་དང་མུས་གུས་ཨིན། ཆརཔ་འདི་རྐྱབ་ན་མ་རྐྱབ་ན་སླབ་མི་ཤེས། དེ་འབདཝ་ད་ང་བཅས་འདི་ལྷ་གང་འདི་ལུ་དད་པ་སྦོམ་ཡོད།
  • Penchela: / དཔོན་ཆེན་ལ:
    ཆརཔ་དུས་ལུ་འབབ་ནི་དོན་ལས་སྲོལ་ཁ་ཕུལ་དོ་ག?
  • Hari Lal Gautam:/ ཧ་རི་ལལ་གཝ་ཏམ།:
    འབད་དོ་ཚར་གཅིག་ཉིམ་ཤར་སྡོད་འདི་ང་བཅས་སྲོལ་ཁ་ཕུལ་འབད་ཆརཔ་རྐྱབ་ཅིག། གནམ་ལོ་༩༠་ལུ་ཡང་ཚར་གཅིག་འབད་འདི་ཆརཔ་རྐྱབ་ཅིག།
  • Penchela: / དཔོན་ཆེན་ལ:
    འདི་འབད་ནི་བཞག་ད་འདྲ་མེད་ན?
  • Hari Lal Gautam:/ ཧ་རི་ལལ་གཝ་ཏམ།:
    མ་བཞག་ང་བཅས་འདི་འབད་དོ།
  • Penchela: / དཔོན་ཆེན་ལ:
    ནང་གི་ནང་རྟན་འདི་ཚུ་ག་ལས་འབག་འོང་ཡི?
  • Hari Lal Gautam:/ ཧ་རི་ལལ་གཝ་ཏམ།:
    འདི་ཚུ་ལྕག་བཟོཝ་ཚུ་གི་བཟོ་བཟོཝ་ཨིན།
  • Penchela: / དཔོན་ཆེན་ལ:
    ལྷ་ག་གི་སྐུ་གྲ་རང་སྨོ?
  • Hari Lal Gautam:/ ཧ་རི་ལལ་གཝ་ཏམ།:
    གཅིག་འདི་གཱ་ནེས་དེ་ལས་གཅིག་འདི་ཤཱི་བ་གི་ཨིན།
  • Penchela: / དཔོན་ཆེན་ལ:
    འདི་ནང་གི་སྐུ་ཚི་ལྷ་ཁང་དང་ཅིག་ཁར་བཞེང་ཡི་ཡ?
  • Hari Lal Gautam:/ ཧ་རི་ལལ་གཝ་ཏམ།:
    ཧེ་མ་ལྷ་ཁང་བཞེང་དེ་ལས་སྐུ་ཚུ་བཙུགས་ཅི།
  • Penchela: / དཔོན་ཆེན་ལ:
    ལྷ་ཁང་མེད་བའི་ཧེ་མ་འདི་དཱ་བི་ཐན་འབད་རྩི་ནི་ཡོད་ག?
  • Hari Lal Gautam:/ ཧ་རི་ལལ་གཝ་ཏམ།:
    ལྷ་ཁང་གི་ལྟག་ལུ་རྡོ་གཅིག་ཡོད་འདི་ཧེ་མ་དཱ་བི་ཐན་འབད་རྩིས་ཡི། དེ་ལས་ཤུལ་ལས་ལྷ་དབང་ཕྱུག་གི་ལྷ་ཁང་འདི་བཞེང་ནུག་འདི་ང་བཅས་མ་སྐྱེད་བས་ལས་མས། འདི་ལྷ་ཁང་འདི་ནམ་བཞེང་ཡོད་སླབ་མི་ཤེས་འབད་ འདི་གནམ་ལོ་༡༩༣༧་ག་ཚམ་ཅིག་ལུ་ཨིན།