Skip to main content Skip to search
08 Feb 2016
3 min 52 sec
Video Overview
Creators: 
Duptho, Chimi Wangmo

༉ བོད་སྒྲའི་གླུ་གཞས་རྙིང་ཤོས་ཅིག་ཨིན་མི་ ཤིང་མོ་ཆེ་བའི་མིང་ནི་སྣང་ས་མཚོ་ཟེར་ བཀྲ་ཤིས་སྒང་དགའ་གླིང་ལས་ ན་ཀུ་གིས་འཐེནམ་ཨིན་མས། གླུ་གཞས་འདི་ ཁོ་ར་འབད་བ་ཅིན་ རྒས་ཤོས་ཚུ་ལས་ལྷཔ་ལྷཔ་ཨིནམ་ད་ འཐེན་སྲོལ་འབད་བ་ཅིན་ ཚེས་བཅུ་བསྐང་གསོལ་ལ་སོགས་པའི་སྐབས་མི་ཚུ་འཛོམས་སྡོདཔ་ད་ འཐེན་སྲོལ་ཡོདཔ་ཨིན་པས། དེ་ཡང་ ཤིང་དང་མི་ ཆུ་ཚུའི་ཆེ་ཆུང་གི་དབྱེ་བ་ཕྱེས་ཏེ་འཐེན་པའི་གླུ་གཞས་ཅིག་ཨིན་མས།

 

The song Shingmo Chewai Mingni is one of the oldest Bodra songs known by Naku from Galing in Trashigang District. Elders from his village taught him this song, which is usually sung during gatherings, rituals and festivals. The lyrics basically describe the differences in society and the universe as a whole.

 

Transcript search
No results found for this search
0 of 0
  • ནག་ཀུ Naku
    ཤིང་མོ་ཆེ་བའི་མིང་ནས་སྣང་སྲས་འཚོ། །
    The name of the great tree is......Nangsay tsho
  • ནག་ཀུ Naku
    ཙན་དན་སྡོང་པོ་ཟེར་དོ་སྣང་སྲས་འཚོ། །
    known as a sandalwood tree.....Nangsay tsho
  • ནག་ཀུ Naku
    ཤིང་མོ་བར་བའི་མིང་ནས་སྣང་སྲས་འཚོ། །
    The name of the middle tree is.......Nangsay tsho
  • ནག་ཀུ Naku
    ལྷ་ཤིང་ཤུགས་པོ་ཟེར་དོ་སྣང་སྲས་འཚོ། །
    known as a god tree cypress......Nangsay tsho
  • ནག་ཀུ Naku
    ཤིང་མོ་ཆུངབའི་མིང་ནས་སྣང་སྲས་འཚོ། །
    The name of the small tree is........Nangsay tsho
  • ནག་ཀུ Naku
    སུ་ལུ་བ་ལུ༼བ་ལུ་སུ་ལུ༽་ཟེར་དོ་སྣང་སྲས་འཚོ། །
    known as Balu Sulu (a species of incense herb)........Nangsay tsho
  • ནག་ཀུ Naku
    མི་འདི་ཆེ་བའི་མི་འདི་(མིང་ནས)སྣང་སྲས་འཚོ། །
    The name of the great man is......Nangsay tsho
  • ནག་ཀུ Naku
    སྟག་ཤར་གཞོན་མོ་ཟེར་དོ་སྣང་སྲས་འཚོ། །
    known as Takshar Zhoenmo (full grown youth).......Nangsay tsho
  • ནག་ཀུ Naku
    མི་འདི་བར་བའི་མིང་ནས་སྣང་སྲས་འཚོ། །
    The name of the middle man is.....Nangsay tsho
  • ནག་ཀུ Naku
    དབང་ཆེན་དཔོན་པོ་ཟེར་དོ་སྣང་སྲས་འཚོ། །
    known as powerful official.......Nangsay tsho
  • ནག་ཀུ Naku
    མིང་ནས་རྣམ་གསུམ་འཛོམས་པའི་སྣང་སྲས་འཚོ། །
    Among the three name.......Nangsay tsho
  • ནག་ཀུ Naku
    སྤྲང་ཅུང་མཆོད་པ་འབུལ་ལོ་སྣང་སྲས། །
    The poor pays the offerings......Nangsay tsho
  • ནག་ཀུ Naku
    སྟག་ཤར་མཆོད་པ་འབུལ་ལོ་སྣང་སྲས། །
    The youth pays the offerings........Nangsay tsho
  • ནག་ཀུ Naku
    ཆུ་མོ་ཆེ་བའི་མིང་ནས་སྣང་སྲས་འཚོ། །
    The name of the great river is.......Nangsay tsho
  • ནག་ཀུ Naku
    མ་ཆུ་ཆེན་མོ་ཟེར་དོ་སྣང་སྲས། །
    known as the great mother river.......Nangsay tsho
  • ནག་ཀུ Naku
    ཆུ་མོ་བར་བའི་མིང་ནས་སྣང་སྲས་འཚོ། །
    The name of the middle river is........Nangsay tsho
  • ནག་ཀུ Naku
    བྲག་ཆུ་ཨོམ་ཆུ་ཟེར་དོ་སྣང་སྲས། །
    known as a cliff milk water......Nangsay tsho
  • ནག་ཀུ Naku
    ཆུ་མོ་རྣམ་གསུམ་འཛོམས་པའི་སྣང་སྲས་འཚོ། །
    The association of three rivers....Nangsay tsho
  • ནག་ཀུ Naku
    ཡོན་ཆབ་གཙང་མ་འབུལ་ལོ་སྣང་སྲས་འཚོ།
    Offer offerings of clean water......Nangsay tsho
  • ནག་ཀུ Naku
    ཡོན་ཆབ་གཙང་མ་འབུལ་ལོ་སྣང་སྲས། །
    Offer offerings of clean water......Nangsay tsho
  • ནག་ཀུ Naku
    ལགས་སོ། ཨ་ནཱེ་ཅིག་ར་ཨིན་པས། མིན་འདུག་ལགས། ཧ་ཧ་ཧ་་་་།
    Thank you! this much only.....no more.....Haha..