Skip to main content Skip to search
30 Aug 2018
2 min 59 sec
Rating
0
No votes yet
Video Overview
Creators: 
Sherig Dentshog, Sherig Dentshog

པདྨ་དགའ་ཚལ་རྫོང་ཁག་ ཚ་ཚི་གཡུས་ཚན་ལས་ལྟའུ་པོ་གིས་ ཨ་ལོའི་གླུ་གཞས་རྙིངམ་ཅིག་ཨིན་མི་ ཤིང་དང་ཤོག་མོ་ཟེར་མི་འདི་འཐེནམ་ཨིནམ་ད་ གླུ་གཞས་འདི་ ག་གིས་བརྩམས་ཅི་ག་དང་ དུས་ཚོད་ནམ་བརྩམས་བརྩམསམ་ཨིན་ནའི་ལོ་རྒྱུས་ཁ་གསལ་ཅིག་མ་ཤེས་རུང་ ལོ་རྒྱུས་དང་འཁྲིལ་བ་ཅིན་ གཡུས་ཁའི་མི་རྒས་ཤོས་ཚུ་ལས་བརྒྱུད་དེ་ ད་ལྟོའི་བར་ན་ཡང་ཡོངས་གྲགས་སྦེ་ར་འཐེན་ནི་འདུག ཏེ་གླུ་གཞས་འདི་ གཡུས་ཁའི་ཁ་སྐད་ཚངས་ལ་ནང་སྦེ་འཐེནམ་ཨིནམ་ད་ ཚིག་ནང་གོངམ་ཟེརཝ་དང་ ལམ་སྟོན་འབད་མི་ག་ཡང་མེད་པར་ དུས་ཚོད་རྫོགས་ཏེ་ཉམ་ཐག་དོ་ཡོདཔ་ད་ དེ་ཡང་དཔེར་ན་ ཤིང་གི་ཞལ་ལག་འཐེན་ཏེ་བཅག་པ་ཅིན་ ཤིང་གི་སྡོང་པ་འདི་མེདཔ་འགྱོ་དོ་བཟུམ་སྦེ་ བླམ་དེ་གིས་བཀོ་བཞག་སྟེ་བྱོན་པའི་ཚེ་ མནྜལ་འདི་ལག་ལན་འཐབ་མི་མེད་པར་ ནཱེ་སྦེ་ར་ལུས་འོང་ ཟེར་ཨིན་མས།

Show More

  • ཏའུ་པོ Tawpo
    ཨའེ་ཤིང་དང་ལ་ཤོག་མོ་འབལ་ན། །ཨའེ་རག་པ་ལ་ཤུང་ཤུང་རུང་རུང་། །
    If the brancehs are pull out from the trunk, the trunk becomes lean and frail.
  • ཏའུ་པོ Tawpo
    ཨའེ་བ་དང་ལ་ཐག་པས་སོང་ན། །ཨའེ་ཙོག་ཕུར་ལ་ཤུང་ཤུང་རུང་རུང་། །
    If cow is released from the lasso fastened post, the post becomes lean and frail.
  • ཏའུ་པོ Tawpo
    ཨའེ་མཚན་ལྡན་ལ་བླ་མས་འབྱོན་ཚེ། །ཨའེ་དཀྱིལ་འཁོར་ལ་ཤུང་ཤུང་རུང་རུང་། །
    If omniscient Lama is left, mandala becomes lean and frail.
  • ཏའུ་པོ Tawpo
    ལགས་སོ་ལགས། དེ་ཅིག་སྦེ་བཞག་གེ། །།
    Okay.. only this much, I have to sing.