Skip to main content Skip to search
04 Jul 2018
3 min 18 sec
Rating
0
No votes yet
Video Overview
Creators: 
Monika Subba

Sherub Choling Monastic College was established by Chabji Rinpoche (Tulku Jigme Choeda) in 2006. The decision of constructing the monastic college came about when Ap Wangchuk offered around five acres of land for the construction of a monastic college, since he did not have children of his own. The monastic college started with fifteen nuns. Today Lopen Tshering is the fourth principal of the institute. In the past, the nuns resided exclusively at Gelephu. After being appointed principal, Lopen Tshering established also a summer residence for the nuns—during the winter, they still stay at Gelephu. His reasons for the establishment of this new residence have to do with the wellbeing of the villagers, and the fostering of Buddhist teachings among the people.

Show More

  • སློབ་དཔོན་ཚེ་རིང་
    Lopen Tshering: ཨེའེ་་་་ ང་གི་མིང་འདི་ཚི་རིང་། ནཱ་གི་སློབ་དཔོན་ཨིན། དབུ་འཛིན། ཏེ་ངེ་གི་འོག་ལས་སྲོབ་དཔོན་གཉིས་ཡོད། དེ་ལས་ ད་ནཱ་གྲྭ་ཚང་གི་སྐོར་ལས་ཞུ་བ་ཅིན། གྲྭ་ཚང་འདི་གནམ་ལོ་ ༢༠༠༦ ལུ་ཨ་ནཱི་སྐྱབས་རྗེ་རིན་པོ་ཆེ་གིས་འགོ་བཙུགས་ནུག ཏེ་ནཱ་བཅར་དགོ་པའི་གནད་དོན་ངོ་མ་འདི་ ཨ་ནཱི་ཨཔ་རྐང་ཅུང་ཟེར་ རབས་ཆད་ཅིག་འདུག་བ་ བུ་གཞི་མེད་སྦེ་ ཏེ་ཨ་ནཱི་འབདཝ་ད་སྐྱབས་རྗེ་རིན་པོ་ཆེ་ལུ་ས་ཨེ་ཀར་ལྔ་དེ་ཅིག་ཕུལ་སྦེ་དེ་ལས་སྐྱབས་རྗེ་རིན་པོ་ཆེ་གིས་སྦེ་ ཏེ་ཨ་ནཱི་གྲྭ་ཚང་འདི་གནམ་ལོ་༢༠༠༦ ལུ་འགོ་བཙུགས་གནང་ནུག
  • སློབ་དཔོན་ཚེ་རིང་
    Lopen Tshering: འགོ་བཙུགས་ད་ ཁོང་ཨ་ནཱི་བཅོ་ལྔ་མས་ ཧེ་ཧེ་མ་ ཏེ་ཨ་ནཱི་བཅོ་ལྔ་ ཞལ་གྲངས་ཨ་ཎི་བཅོ་ལྔ་བཙུགས་སྦེ་གྲྭ་ཚང་འདི་སྒོ་ཕྱེས་སྦེ་ དེ་ལས་སྦེ་ ང་འདི་ད་རེས་སློབ་དཔོན་བཞི་པ་ཨིན་ལགས། ང་གི་ཧེ་མ་ཁོང་སློབ་དཔོན་གསུམ་སོར་ཚར་ནུག སློབ་དཔོན་དབུ་འཛིན་གསུམ་སོར། ང་བཀལཝ་ད་བཞི་པ་ ཏེ་ང་གི་སྐབས་ལུ་ ང་བཅས་ཨ་ནཱི་ཚུ་གཞན་ཨ་རྟག་ར་ནཱ་དགེ་ལེགས་ཕུག་བཞུགསཔ་མས་བ་ ཏེ་དེ་འབདཝ་ད་ང་ཨ་ནཱི་ནཱ་གི་སློབ་དཔོན་འབད་ཞིན་ན་ལས་འགོ་བཙུགས་ཏེ་ བྱཱར་ང་བཅས་ཡར་ཨ་ནཱི་གྲྭ་ཚང་སྤ་རོ་ དགུན་ནཱ་དགེ་ལེགས་ཕུག་སྦེ་ ཏེ་ཨ་ནཱི་སྦེ་བཟོ་སྟེ་ཡོད།
  • སློབ་དཔོན་ཚེ་རིང་
    Lopen Tshering: ཏེ་ང་བཅས་གྲྭ་ཚང་ལྷ་ཁང་འདི་ནང་ལུ་ རྟེན་གྱི་གཙོ་བོ་སྤྱན་རས་གཟིགས་ དེ་ལས་ཞབས་དྲུང་རིན་པོ་ཆེ་ ཏེ་གུ་རུ་ དེ་ལས་སྒྲོལམ་ཉི་ཤུ་རྩ་གཅིག་ དེ་ལས་ལྡེབས་རི་ཚུ་གེ་ར་ ཏེ་ལེགས་ཤོམ་སྦེ་རྐྱབ་སྦེ་ཨ་ནཱི་སྦེ་ཡོད། དེ་ལས་གྲྭ་ཚང་འདི་ ད་ང་བཅས་ཉམས་བཅོས་འབད་ནི་སྦེ། ད་དུས་ཅི་ལས་ལཱ་འགོ་བཙུགས་ནི་འབདཝ་ད་ ཏེ་ཨ་ཙི་ཅིག་འཆར་དངུལ་གྱི་ གཞུང་གི་སྟབས་མ་བདེ་སྦེ་ ཏེ་སང་ཕོད་སྤྱི་ཟླ་དྲུག་པའི་ནང་ལས་སྦེ་ ཏེ་གྲྭ་ཚང་ད་རུང་ཉམས་བཅོས་ ཧེ་མ་བཟོ་ཚར་མི་འདི་ ཨ་ཙི་ཅིག་ལེགས་ཤོམ་སྦེ་ ག་ར་ཤིང་དང་འདི་ཚུ་ག་ར་ ལོག་གསརཔ་བཟོ་ནི་སྦེ་ང་བཅས་འཆར་གཞི་ཨ་ནཱི་སྦེ་ཡོད།
  • སློབ་དཔོན་ཚེ་རིང་
    Lopen Tshering: ཏེ་སང་ཕོད་གྲྭ་ཚང་འདི་ ཉམས་བཅོས་ཞུ་ནི་སྦེ་ ཏེ་ང་བཅས་ར་གིས་ལེགས་ཤོམ་སྦེ་བཟོ་ནི་སྦེ་ ཨ་ནཱི་སྦེ་ཨིན། ཧེ་མ་དང་ཕུ་ལས་ཀྱི་ལྷ་ཁང་འདི་མེན་པས་བ་ལགས། ཨ་ནཱི་གསརཔ་སྦེ་ལྷ་ཁང་རྐྱབ་ དང་ཕུ་གི་རྟེན་མེན་པ་རོགས་ ཨ་ནཱི་ཨཔ་དེ་གི་འབད་ ཏེ་རོགས་སྐྱབ་རྗེ་རིན་པོ་ཆེ་ལུ་ས་ཕུལ་ ཁོ་ར་བུ་གཞི་མེད་པར་ ཏེ་ཁོ་ར་ན་ཚ་ཤི་རུང་གྲྭ་ཚང་གིས་བལྟ་ནི་འབད་ ཨ་ནཱི་སྦེ་གྲྭ་ཚང་འདི་སྐྱབས་རྗེ་རིན་པོ་ཆེ་གིས་འབད་ཕྱག་གན་བཏབ་སྦེ་ ཏེ་ཨ་ནཱི་སྦེ་གྲྭ་ཚང་འདི་ ཨ་ནཱི་སྦེ་འགོ་བཙུགས་བཙུགསཔ་མས་ལགས།
  • སློབ་དཔོན་ཚེ་རིང་
    Lopen Tshering: གནད་དོན་ཨ་ནཱིམ་ཅིག་ལགས། ཏེ་ང་བཅས་ཨ་ཎི་༣༧ སློབ་དཔོན་༣ བཀལཝ་ད་ང་བཅས་ཡུདཔ་ཅིག་ ༤༠ དེ་ཅིག་གི་རྩིས་ཨིན་ལགས་ཨ་ནཱི་གྲྭ་ཚང་ནང་ལུ་ ཏེ་ང་བཅས་ཧེ་མ་འདི་གྲྭ་ཚང་འབད་ཨིན་ ཏེ་ང་བཅས་ཆོ་གུ་བཏང་ནི་ ཏེ་སྨྱུང་གནས་བཙུགས་ནི་ ཨ་ནཱི་ཚུ་ག་ར་དེམ་འབད་སྦེ་ ཏེ་ང་བཅས་ད་གནམ་ལོ་༢༠༡༤ ལས་ང་བཅས་ཀྱི་ཨ་ཎི་གྲྭ་ཚང་འདི་ ད་སྡེ་རིམ་བཤད་སྒྲ་བཟོ་ནི་སྦེ་ ཏེ་ང་བཅས་འཆར་གཞི་ནེ་སྦེ་ཡོད། ཏེ་སྡེ་རིམ་བཤད་སྒྲ་གི་དཔེ་ཆ་ཡང་འགོ་བཙུགས་དོ། ཏེ་སང་ཕོད་ལས་སྡེ་རིམ་བཤད་སྒྲ་བཟོ་ནི་གི་འཆར་གཞི་ཨ་ནཱི་སྦེ་བརྩམས་ཏེ་ཡོད་ཟེར་ཞུ་ནི་ཨིན་ལགས། དེ་ལས་གཞན་མི་གནས་ཚུལ་ གནམ་མེད་ས་མེད་ཅིག་ག་ཅི་ཡང་ཞུ་ནི་མེད་ལགས།། །།