Skip to main content Skip to search
16 Jul 2014
7 min 54 sec
Video Overview
Creators: 
Penchela, Ugyen Phuntsho

༉  དེང་སང་གི་ལུགས་སྲོལ་མ་འདྲཝ་ཚུ་འོང་པའི་བསྒང་ལས་ ང་བཅས་རའི་ཕམ་བཟངམོ་ཚུ་གིས་བརྩམས་བཞག་སྟེ་ཡོད་པའི་ལམ་སྲོལ་བཟངམོ་ཚུ་ཉམས་འགྱོ་དོ་ཡོདཔ་བཞིན་དུ་ ཏ་མང་ཤེ་ལོ་དེ་ཡང་མ་འོངས་པ་ལུ་ཉམས་འགྱོ་ནི་གི་ཉེན་ཁ་ཡོདཔ་ལས་ ན་ལས་ཕར་ཨ་ལོ་བུཚ་ཚུ་གིས་ཤེས་ནི་གི་དོན་ཐ་ལས་ ཧེ་མ་ཕ་མའི་སྐབས་ལས་ར་འཐེན་སྲོལ་ཡོད་པའི་ཏ་མང་ཤེ་ལོ་འདི་ རྩི་རང་རྫོང་ཁག་འཛམ་གླིང་ཟོར་ལས་ པདྨ་ཤིང་ཏ་མང་གིས་འབད་འཐེནམ་ཨིན་པས། ཏ་མང་ཤེ་ལོ་འདི་ གཉེན་རྐྱབ་པའི་སྐབས་དང་ཨ་ལོ་གསརཔ་སྐྱེ་བའི་སྐབས་ དེ་ལས་མི་ཤིཝ་ད་ཡང་བཏང་སྲོལ་ཡོདཔ་ད་ དེ་སྦེ་གཏང་དགོ་མི་དེ་ཡང་ ཚེ་ད་ལྟོ་རྐྱེན་བར་ཆད་སེལ་ནི་དང་ཤི་མི་གི་དོན་ལས་འབད་བ་ཅིན་ གཤིན་པོ་ལེགས་ཤོམ་འགྱོ་ནི་གི་དོན་ལས་བཏངམ་ཨིན་པས།

Bhutanese farmers use many agricultural tools made from wood. The farmers prefer a specific tree called 'zala shing' for making the plough. They say the size of the plough depend on the width of the body. The body of the plough should also fit a light implement and make it possible to be transported together to and from the field over different types of terrain, all by one person.

Transcript search
No results found for this search
0 of 0
  • Pema Singh Tamang
    པདྨ་ཤིང་ཏཱ་མཱང་། དེ་སྦེ་ སླབ་མི་འདི་ ང་བཅས་ ཏཱ་མཱང་གིས་ སྐྱེཝ་ད་ལུ་ ལྷ་བསངས་བཏང་སྦེ་ སྐྱ་བཏོགཔ་ཨིན། དེ་ལས་ སྦོམ་དང་ གཉེན་རྐྱབ་པས་ དགའ་ཏོག་ཏོ་སྦེ་ འོང་ཟེར་ སླབ་ཨིན། ཏཱ་མཱང་གི་ ལུགས་སྲོལ་ལས་འབདན་ ཏཱ་མཱང་ཤེ་ལོ་འཐེན་སྦེ་ གཉེན་རྐྱབ་མི་འདི་ ལེགས་ཤོམ་ཨིན།
  • Pema Singh Tamang
    པདྨ་ཤིང་ཏཱ་མཱང་། ཏེ་ ཧེ་མ་ ཕམ་ཚུ་གིས་ འབད་འོང་མི་ལུགས་སྲོལ་འདི་ ང་བཅས་ཀྱིས་ བཞག་ད་པ་ཅིན་ མི་བཏུབ། འདི་ ལེགས་ཤོམ་སྦེ་ བདག་འཛིན་འཐབ་དགོ འདི་ལས་ གཉེན་རྐྱབ་ད་ཡང་ ཏཱ་མཱང་གི་ ལུགས་སྲོལ་འདི་འབད་དགོ
  • Pema Singh Tamang
    པདྨ་ཤིང་ཏཱ་མཱང་། འདི་ཚུ་ ལེགས་ཤོམ་སྦེ་ བདག་འཛིན་འབད་དགོ གཉེན་རྐྱབ་ད་ཡང་ ཏཱ་མཱང་གི་ ཤེ་ལོ་དང་ གྲམ་ཕུག་འདི་ཚུ་དང་ཅིག་ཁར་ ཞབས་བྲོ་འཐེན་ཏེ་ ལེའུ་བསྒྱུར་དགོ
  • Pema Singh Tamang
    པདྨ་ཤིང་ཏཱ་མཱང་། གཉེན་གྱི་རྟེན་འབྲེལ་ནང་ཡང་དགོ ཏེ་ ཤིཝ་ད་ཡང་ མཐོ་རི་དྲངས་ནི་ལུ་ མེ་ཏོག་འདི་ཚུ་ཕུལ་ འདི་ལས་ དཀར་མེ་འདི་ཚུ་ ཕུལ་སྦེ་ ལེགས་ཤོམ་འབདན་ ཤིཝ་དང་ཡང་ ལམ་ལེགས་ཤོམ་འོང་། ལ་སོགས།
  • Pema Singh Tamang
    པདྨ་ཤིང་ཏཱ་མཱང་། ཏཱ་མཱང་ག་རའབད་རུང་ཤེ་ལོ་མ་ཤེས་རུང་། གྲམ་ཕུག་ཆ་རེ་འདི་ག་རང་གི་ཁྱིམ་ནང་དགོ ལ་སོགས།