Skip to main content Skip to search
08 Feb 2016
5 min 31 sec
Video Overview
Creators: 
Penchela, Pema

༉ སྨན་ཤི་ཀཱ་རི་ལཱ་ར་ཟེར་མི་འདི་ ངོ་མ་འབད་བ་ཅིན་ ཧལ་ཇོ་ར་ཟེར་སླབ་ཨིན་པས། ཤི་ཀཱ་རི་ལཱ་ར་ཟེར་སླབ་དགོ་མི་འདི་ ཧེ་མ་ ཤ་རོགསཔ་ཚུ་ཤ་བདའ་བ་འགྱོཝ་ད་ ཀ་ཤ་ཅིག་བསད་སྦེ་ཤ་དྲ་ཞིན་ན་ འ་ནི་རུ་སྦྱིས་འདི་གིས་བསྡམས་སྦེ་དཔྱངས་བཞག་བཞགཔ་དེ་ ལོག་འོང་བལྟ་བའི་སྐབས་ ཤ་དྲ་བཞག་མི་འདི་ དྲ་དྲཝ་གི་ཤུལ་མེད་པར་ཤ་ག་ར་གཅིག་སྦེ་འགྱུར་སྡོདཔ་མཐོང་སྟེ་ དེ་ལས་ ཤི་ཀཱ་རི་ལཱ་ར་ ༼ཤ་རོགས་པའི་རུ་སྦྱིས་༽ ཟེར་བཏགས་བཏགསཔ་ཨིན་པས། འ་ནི་ཤི་ཀཱ་རི་ལཱ་ར་སྨན་འདི་གིས་ རྐངམ་ལགཔ་བཅད་བཅདཔ་ ཆག་དཀྲུམ་འགྱོ་འགྱོཝ་ཚུ་ལུ་ཕནམ་ཨིནམ་ད་ སྨན་འདི་ ས་གནས་ཁ་མཐོ་ས་དང་དམའ་ས་ལུ་མེན་པར་ བར་ན་སྐོརམ་མཚམས་ཅིག་ལུ་སྐྱེས་དོ་ཡོདཔ་ད་ ད་རེས་ནངས་པར་ སྦོ་ལོགས་ཁ་ལས་མི་ཐོབ་དོཝ་ཨིན་མས།

“Shikarila” is a Nepali term for a medicinal herb that is also known as “Heljora.” Oral tradition says that hunters hunted a deer, sniped the meat and hung it with creeper on a tree. But when the hunters returned to get the meat, it got attached as before. After that episode the creeper became known as “Shikarila.” Fractures and cuts can be cured with this medical herb.

Transcript search
No results found for this search
0 of 0
  • པེ་རཱེམ་ནན་ཌ Prem Nanda
    ཧེ་མ་ཨ་ནཱི་ ཤི་ཀཱ་ལཱ་ར་ཟེར་མི་འདི་ མིང་ག་ཅི་སྦེ་ ཤི་ཀཱ་རི་ལཱ་ར་ཟེར་ བཏགས་ཅི་ག་ཟེར་བ་ཅིན་ ཨ་ནཱི་ གསར་སྤང་གི་མགུ་ལས་ རཱའི་འདི་ཚུ་ ཤ་བདའ་བར་འགྱོཝ་ད་ ཀ་ཤ་ཅིག་ཕྱད་ཅི་ཟེར་ཨིན་པས། ཨ་ནཱི་ཀ་ཤ་བསད་ ཤ་དྲ་བཞག་ནི་སྦེ།
    As to why Shikari Lara (a medicinal plant) has been named so, (one day) in the past when the members of Rai caste went hunting wild animals (in the forest) above Sarpang, they are said to have come across a deer. They killed the deer, and to slice the meat and dry it up…
  • པེ་རཱེམ་ནན་ཌ Prem Nanda
    ཨ་ནཱེ་སྦེ་བལྟཝ་ད་ རུབ་ཇི་གཅིག་ཡོད་མས། རུབ་ཇི་གི་ བསྡམས་དཔྱང་བཞག་སྟེ་ ལོག་འོངམ་ད་ ཤ་ག་ར་གཅིག་སྦེ་ཡར་སོང་ནུག་ལོ།
    …as they looked around, they saw a creeper. They tied slices of the meat together, and left it hanging (for some time). When they returned, they found that the meat (slices) had turned into one whole again.
  • པེ་རཱེམ་ནན་ཌ Prem Nanda
    དེ་འབདཝ་ལས་ ཤི་ཀཱ་རི་ལཱ་ར་ཟེར་བ་ཅིན་ ཤ་རོགས་པའི་ རུབ་ཇི་ཟེར་ སླབ་ཨིན། འདི་ལུ་ ཧལ་ཇོ་ར་ཟེར་ཡང་སླབ་ཨིན།
    Therefore, Shikari Lara means the hunters’ creeper. It is also called Heljora.
  • པེ་རཱེམ་ནན་ཌ Prem Nanda
    ཨ་ནཱི་འདི་ ད་གཡུས་ཁ་ལུ་ མི་ཐོབ་པས། ཚལ་མ་ ཚལ་མ་ནང་ འགྱོ་སྟེ་ འཚོལ་དགོཔ་ཨིན། སྨན་འདི་ལ་དང་ མཐའ་སའི་བར་ནང་འཐོབ་ཨིན།
    This cannot be found in the villages now. One has to go to the forest to look for it. This medicinal plant grows (can be found) somewhere between the high and low altitudes.
  • པེ་རཱེམ་ནན་ཌ Prem Nanda
    ས་ལེགས་ཤོམ་ཡོད་ས་ལུ་ ཀེ་བ་མངརམ་བཟུམ་སྦེ་ ར་ཏོག་ཁར་བཏགས་འོང་།
    Where there are good (fertile) soils, it grows as roots like sweet potatoes.
  • པེ་རཱེམ་ནན་ཌ Prem Nanda
    འ་ནཱི་ རྐྱངམ་གཅིག་བརྡུངས་ ཆུ་བཙག་སྟེ་ དམ་བྱི་ནང་བླུག་སྦེ་ སྨན་སྦེ་འཐུང་ནི་དོན་ལུ་ཨིན་ཨ་ནཱི། དེ་ལས་ འ་ནཱི་ ཅིབ་ལཱེ་འདི་གཅིག་ཁར་བརྡུངས་སྦེ་ ཆག་དཀྲུམས་ཡོད་ས་བླུག་སྟེ་ བྱར་བ་ཅིན་ སྤྱིན་བཟུམ་སྦེ་ བྱར་སྡོད་བཏུབ་མ་ཚད་ ཁ་རྒྱས་འགྱོ་མི་སྟེར།
    Only this (the root) is smashed. The juice is filtrated, and poured into a bottle, to be taken as medicine. And then if you smashed this Chib Ley, and paste it on the injured spots, it would stick like a glue, and not let the opening of the wound widen.
  • པེ་རཱེམ་ནན་ཌ Prem Nanda
    འ་ནཱི་ཆུ་འདི་ སྔོ་སྨན་གཞན་བཟུམ་སྦེ་ བཙག་སྟེ་མཐུང་དགོ། དེ་ལས་ གཞན་ཅིབ་ལཱེ་དང་ཅིག་ཁར་བརྡུངས་ཏེ་སྦེ།
    This juice, like other herbs, has to be filtrated before taking it. And then if it is ground and mixed together with other Chibley,
  • པེ་རཱེམ་ནན་ཌ Prem Nanda
    དེ་ལས་ ཆག་ཆགཔ་དང་ བཅད་བཅདཔ་ཁ་སྦྱར་བཞག་པ་ཅིན་ རྨ་འདི་མ་དྲག་ཚུན་ཚུད་ ཁ་རྒྱས་མི་འགྱོ། འ་ནཱི་ཅིབ་ལཱེ་གི་ ར་ཏོག་གི་སྤྱིན་བཟུམ་སྦེ་ བཤེད་བཞག་འོང་།
    And pasted against the fractured or cut spots, the wounds would not get bigger. The root of this chibley would hold the wounds together until it is cured.
  • པེ་རཱེམ་ནན་ཌ Prem Nanda
    འདི་སྨན་ལེ་ཤཱ་ལུ་བཏུབ། འདི་གི་ཆག་ཆགཔ་ དེ་ལས་ གཟུགས་ནཝ་ད་དང་ བརྡུངསམ་ད་འཐུངམ་ནི་ དེ་ལས་ བཏོག་བཏོགས་པའི་ རྨ་གུ་ཡང་སྨན་བཏུབ།
    This is a medicine for many ailments, such as fractured limbs, body aches, and wounds caused by a cut or a blow.