Video Overview
སྒང་སྟེང་བཤད་གྲྭ་ལས་ མཁན་པོ་སེངྒེ་རྡོ་རྗེ་གིས་ ཆོས་བཤད་སྡོམ་པ་གསུམ་གྱི་སྐོར་བཤད་མི་ནང་ སྤྱིར་བཏང་གི་ སྡོམ་པ་ཟེར་མི་འདི་ གཞན་ལུ་གནོད་འཚེ་སྤང་མི་ཅིག་ལུ་གོ་ནི་ཨིནམ་ད་ སྡོམ་པ་འདི་ རབ་ཏུ་བྱུང་བ་རྐྱངམ་ཅིག་གིས་བསྲུང་དགོཔ་ཟེར་མེན་པར་ མི་གནགཔ་ཆ་ཁྱབ་ཀྱིས་ཡང་བསྲུང་དགོཔ་ཨིན་པས། སྡོམ་པ་གི་སྐོར་ལས་ སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ ཝ་ར་ཎ་སི་ལུ་ཆོས་འཁོར་དང་པོ་བདེན་པ་བཞིའི་ཆོས་འཁོར་བསྐོར་བའི་སྐབས་ལུ་གསུངས་གསུངསམ་ཨིནམ་ད་ དེ་ཡང་རྩ་བ་ཡན་ལག་ལ་སོགས་པ་བརྩི་ནི་ཡོད་པའི་ནང་ལས་ སྲོག་གཅོད་པ། མ་བྱིན་པར་ལེན་པ། འདོད་པ་ལོག་པར་གཡེམ་པ། རྫུན་སྨྲ་བ་ཚུ་སྤང་བའི་ཁ་ལུ་ ཉེས་པ་གསུམ་གྱི་རྩ་བ་ཆང་འདི་ སྤང་དགོཔ་ཨིན་པས། དེ་སྦེ་ རྩ་བ་བཞི་དང་ཡན་ལག་ཆང་འདི་སྤངས་པ་ཅིན་ སོ་ཐར་གྱི་སྡོམ་པ་ཟེར་སླབ་ཨིན་པས།
The sermon on the three vows is normally conducted in monasteries by khenpos, lamas, and teachers. It is practiced mainly to curve ones mindset from harming others. Such vows can be not only practiced by the monks and other religious figures, but also by lay people. Buddha introduced the practice of taking vows for the first time at Varanasi, in his teaching on the Four Noble Truths.
- Gangtey
- མཁན་པོ་སེང་གེ། Khenpo Singayའུམ་་་་་ ད་་་་་་།Okky now.
- མཁན་པོ་སེང་གེ། Khenpo Singayད་དང་པོ་ སྟོན་པ་བཅོམ་ལྡན་འདས་ཀྱིས་ ད་དང་པོ་སྟོན་པ་བཅོམ་ལྡན་འདས་ མངོན་པར་རྫོགས་པར་སངས་རྒྱས་ སངས་རྒྱས་ཞིནམ་ལས་ དེ་ལས་ཆོས་མ་གསུང་བར་ཞག་བདུན་ཕྲག་བདུན་བཞུགས་འབདཝ་ད་ལུ་ དེ་ལས་ལྷའི་དབང་པོ་རྒྱ་བྱིན་དང་ ལྷ་ཚངས་པ་ལ་སོགས་པ་གིས་ ཏེ་ཆོས་ཀྱི་འཁོར་ལོ་བསྐོར་དགོཔ་སྦེ་ དེ་ལས་ཞུཝ་བཞིན་དུ་ དེ་ལས་སྟོན་པ་བཅོམ་ལྡན་འདས་ཀྱིས་ དེ་ལས་ཆོས་ཀྱི་འཁོར་ལོ་དང་པོ་འདི་ ཝ་ར་ཎ་སི་ལུ་བསྐོར་གནང་ནུགSo firstly, Lord buddha after enlightenment didn't preach his doctrain for almost 7 weeks. As Lord Indra and Brahma pledge buddha to turn the wheel of dharma, the first dharma wheel was circumambulated in a place called Varanasi.
- མཁན་པོ་སེང་གེ། Khenpo Singayདེ་ལས་ཝ་ར་ཎ་སི་ལུ་བསྐོར་གནང་མི་གི་སྐབས་སུ་ལུ་ ཆོས་འདི་ག་ཅི་གསུངས་ནུག་གསེས་སླབ་ད་ལུ་ ཏེ་ཆོས་འདི་ ད་བདེན་པ་བཞི་གི་སྐོར་འདི་ སྡུག་བསྔལ་བདེན་པ། ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པའི་གི་སྐོར་ལས་གསུངས་ནུགWhile in Varanasi the type of dharma preached or taught was the 4 noble truths.They are; Life is full of sufferings, source of sufferings, cessation of sufferings,true paths.
- མཁན་པོ་སེང་གེ། Khenpo Singayདེ་ལས་གཉིས་པ་འདི་ བྱ་རྒོད་ཕུང་པོའི་གི་རི་ལུ་ བཀའ་བར་པ་མཚན་ཉིད་མེད་པའི་གི་ཆོས་འཁོར་བསྐོར་བའི་གི་གནས་སྐབས་ན་ལུ་ ཆོས་ཀྱི་གཙོ་བོ་ག་ཅི་གསུངས་ནུག་གོ? གསེས་བ་ཅིན་ ཡུམ་རྒྱས་འབྲིང་བསྡུས་གསུམ་ལ་སོགས་པ་ ད་ཤེར་ཕྱིན་་་་ ཤེར་ཕྱིན་གྱི་སྐོར་འདི་ཚུ་ འ་ནི་བསྒང་གསུངས་གནང་ནུགSecondly, in central place called Vunlture's peak, where pronouncements of buddha doesn't exist, Lord buddha preached three perfection of wisdom.
- མཁན་པོ་སེང་གེ། Khenpo Singayདེ་ལས་མཐའ་མ་ ངེས་པར་རྣམ་པར་ཕྱེ་བའི་གི་ཆོས་འཁོར་འདི་ དཔལ་ལྡན་འབྲས་སྤུངས་ལ་སོགས་པ་ལུ་ ཆོས་རྗེ་ཟླ་བ་བཟང་པོ་གིས་ཞུ་དོ་བཟུམ་སྦེ་ དེས་ལས་འ་ན་ལུ་ཆོས་ཀྱི་འཁོར་ལོ་འདི་ ག་ཅི་བསྐོར་གནང་ནུག? གསེས་བ་ཅིན་ དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པ་དེ་སྦེ་བསྐོར་གནང་ནུགAnd finally, Lord buddha preached certainly, selectively and distinction religious teaching in Orrisa [ancient buddhist monastery] as requested by lord of dharma Dawa Zangpo.
- མཁན་པོ་སེང་གེ། Khenpo Singayད་འ་ནེ་སྦེ་འབདཝ་ད་ལུ་ དེ་ལས་ ད་་་་་ ད་ལྟོ་གཙོ་བོ་འདི་ང་བཅས་ ཏེ་ད་སྡོམ་པ་དང་ དེ་ལསན་ང་བཅས་ཆོས་གོས་ ད་འ་ནི་ཚུ་གི་སྐོར་འདི་ སྟོན་པ་བཅོམ་ལྡན་འདས་ཀྱིས་ ཆོས་འཁོར་དང་པོའི་སྐབས་སུ་གསུངས་ནུག་གོ? བར་པའི་སྐབས་སུ་གསུངས་ནུག་གོ? མཐའ་མའི་གི་སྐབས་སུ་གསུངས་ནུག་གོ? གསེས་བ་ཅིན་ གཙོ་བོ་ སྡོམ་པ་འདི་ཚུ་གི་སྐོར་འདི་ ཆོས་འཁོར་དང་པོའི་གི་སྐབས་སུ་ལུ་ ཝ་ར་ཎ་སི་ ཆོས་ཀྱི་འཁོར་ལོ་དང་པོའི་སྐབས་སུ་ གསུང་བའི་གི་སྐབས་སུ་ལུ་དང་།So mainly about the vows and religious robes were taught by lord buddha during the first dharma wheel in Varanasi.
- མཁན་པོ་སེང་གེ། Khenpo Singayདེ་ལས་འ་ནི་་་་ འ་ནི་གི་སྐབས་སུ་ལུ་གསུངས་གནང་ནུག དེ་ལས་ད་སྡོམ་པ་གསེས་མི་འདི་ཚུ་ཡང་ ང་གིས་མདོར་བསྡུས་སྦེ་ཞུ་བ་ཅིན་ སྟོན་པ་བཅོམ་ལྡན་འདས་སངས་རྒྱས་འདི་(ཏེ་)གིས་སྦེ་ ལོ་བཅུ་གསུམ་ཚུན་ཚོད་ཀྱི་བར་ན་ལུ་ ཏེ་དམིགས་བསལ་གྱིས་ ད་དེ་སྦེ་་་་ དེ་སྦེ་འ་ནེ་སྦེ་སྲུང་དགོ་གསེས་ བསྲུང་བྱ་འ་ནེ་སྦེ་སྲུང་དགོ་གསེས་བའི་གི་ལོ་རྒྱུས་ཡང་ གང་ཡང་མ་གསུངས་པས།For about 13 years the vows were not made mandatory to be followed,
- མཁན་པོ་སེང་གེ། Khenpo Singayདེའི་གནས་སྐབས་ན་ལུ་ སངས་རྒྱས་ཀྱི་བསྟན་པ་འདི་ སྐྱོན་མེད་པ་སྦེ་ འ་ནེ་སྦེ་སྡོད་ནི་འདི་གིས་ ད་འདིའི་གནས་སྐབས་ན་ལུ་ ཁྱོད་ཀྱིས་འ་ནེ་སྦེ་འབད་ད་འདུག་ལོ། ད་འ་ནི་འབད་མི་ཆོག་ལོ། འབད་ཆོག་གསེས་བའི་གི་ཁྲིམས་ ག་ཅི་ཡང་བཟོ་མ་གནང་པས།because lord buddha didn't find any flaws, as of what to do, what not to do and what can be done was not made.
- མཁན་པོ་སེང་གེ། Khenpo Singayཏེ་འ་ན་ལས་ལོ་བཅུ་གསུམ་ལྷོདཔ་ད་ལུ་ ཏེ་ན་ལས་མར་འདི་ དེ་ལསན་ཏེ་ དགེ་སློང་རེ་རེ་གཉིས་གཉིས་ཀྱིས་ འདྲ་མི་འདྲ་རེ་མཛད་འབདཝ་ད་ལུ་ འ་ན་ལས་མར་ དེ་ལས་སྟོན་པ་བཅོམ་ལྡན་འདས་ཀྱིས་ འདུལ་ཁྲིམས་གསེས་མི་འདི་འ་ན་ལས་མར་གསུངས་གནང་ནུགAfter 13 years, as one to two monks started doing undesirable deeds, certain discipline were made to be followed to tame them.
- མཁན་པོ་སེང་གེ། Khenpo Singayའ་ནི་འབདཝ་ད་ལུ་ གཙོ་བོ་ར་སྡོམ་པ་གསེས་མི་འདི་ ཏེ་ང་བཅས་ར་ལུ་ སྡོམ་པ་གསེས་མི་འདི་ ག་ཅི་སྡོམ་དགོཔ་སྨོ? གསེས་བ་ཅིན་ གཞན་ལུ་གནོདཔ་མ་སྐྱེལ་ནི་འདི་ གཞན་ལུ་གནོད་པ་མ་སྐྱེལ་ནི་འདི་ གཞན་གྱི་འཚེ་བ་སྤང་ནི་འདི་ལུ་ ད་གཙོ་བོ་སྡོམ་པ་གསེས། ད་འ་ནི་འདི་ལུ་་་་ འདི་ལུ་ཏེ་སྡོམ་པ་གསེས་སླབ་ཨིན།Basically vows means, not harming other and avoiding hostility.
- མཁན་པོ་སེང་གེ། Khenpo Singayདེ་ལས་སྤྱིར་བཏང་གི་ཆ་ལས་ སྡོམ་པ་གསེས་མི་འདི་ ང་བཅས་དགེ་སློང་རྐྱངམ་ཅིག་ལུ་་་་་ དགེ་སློང་རྐྱངམ་ཅིག་གིས་སྲུང་མི་འདི་ཡང་མེན་པ་འབད་ཞིན་ན་ སྤྱིར་བཏང་གི་ང་བཅས་ར་སེམས་ཅན་ལུ་འཚེ་བ་སྤང་ནི་དང་། སེམས་ཅན་ལུ་གནོད་པ་མ་སྐྱེལ་ནི་འདི་ལུ་ སྡོམ་པ་གསེས་དེ་སྦེ་སླབ་མས།Generally, vows means not only the one praticed by monks body but can be praticed by all through avoiding animal hostility and not harming them.
- མཁན་པོ་སེང་གེ། Khenpo Singayདེ་ལས་ ད་ང་བཅས་ར་མི་ག་ར་ཨིན་དེ་འབད་རུང་ཡང་ དེ་ལས་སེམས་ཅན་ལུ་འཚེ་བ་སྤངམ་འདྲཝ་ཅིག་འབད་བ་ཅིན་ སེམས་ཅན་ལུ་གནོད་པ་སྐྱེལ་ནི་དེ་སྤངམ་འདྲཝ་ཅིག་འབད་བ་ཅིན་ ད་འ་ནི་སྡོམ་པ་སྲུང་མི་གི་གོ་ཆོད། ད་འ་ནེ་སྦེ་འབདཝ་ད་ལུ་ ད་འདི་ཚུ་ སྤྱིར་བཏང་གིས་ང་བཅས་ རབ་ཏུ་བྱུང་བའི་གི་ད་སྡོམ་པ་བཟུམ་ཅིག་འབད་དེ་འབད་རུང་ཡང་ དེ་ལསན་ གཙོ་བོ་ར་ ང་བཅས་མི་དགེ་བ་བཅུ་གི་ནང་ལས་སྲོག་གཅོད་པ། དེ་ལས་མ་བྱིན་པར་ལེན་པ། དེ་ནས་ འདོད་པའི་ལོག་པར་གཡེམ་པ། དེ་ལསན་ རྫུན་སྨྲ་བ་གསེས་གཙོ་བོ་འདི་ར་ ང་བཅས་རྩ་བ་བཞི་འདི་འ་ནི་ཨིན།If you avoid animal hostility and harming, then you can maintain the vows properly, the best vows are; killing, taking what is not given, sexual misconduct and lying out of 10 non virtuous act.
- མཁན་པོ་སེང་གེ། Khenpo Singayའ་ནི་འདི་ ང་བཅས་ར་གི་འཇིག་རྟེན་མི་གནག་པ་གིས་ཡང་བསྲུང་དགོཔ་ཨིན། ག་ཅི་སྨོ? གསེས་བ་ཅིན་ སེམས་ཅན་གྱི་སྲོག་གཅོདཔ་འདྲཝ་ཅིག་འབད་བ་ཅིན་ དེ་ལས་ ལས་ཀྱི་རྣམ་པར་སྨིན་པ་འདི་ ག་དེ་སྦེ་འབྱུང་འོང་གོ? གསེས་བ་ཅིན་ རང་ཚེ་ཐུང་ནི་དང་། རང་གི་གི་རྒྱུད་ལུ་ནད་ན་ཚ་ལ་སོགས་པ་ སྲོག་གཅོདཔ་འདྲཝ་ཅིག་འབད་བ་ཅིན་ འ་ནི་ཚུ་འཐོན་འོང་།This vows should be maintained be ordinary laymen too, because by killing an animal, the sowing discord are, shortening of your lifespan and falling ill constantly.
- མཁན་པོ་སེང་གེ། Khenpo Singayདེ་ལས་མ་བྱིན་པར་ལེན་པ། མ་བྱིན་པར་ལེན་པ་གསེས་མི་འདི་ ད་གཙོ་བོ་ཨརཝ་རྐུ་ནི་འདི་ལུ་སླབ་མས། ཏེ་ཨརཝ་རྐུ་ནི་གསེས་མི་འདི་ཡང་ ཨིན་ཅི་མིན་ཅི་རོགས་གི་(ཀྱི་)ཁྱིམ་ནང་འགྱོ་སྟེ་སྦེ་ ཨརཝ་རྐུ་མི་དགོ ཏེ་ག་དེ་སྦེ་སྨོ? གསེས་བ་ཅིན་ ལམ་བདའ་སྟེ་རོགས་ཀྱི་ཅ་ལ་ཅིག་ འཐུ་ད་འདི་(སྟེ་)འབད་རུང་ ཏེ་ད་ཅ་ལ་འདི་འཐུ་སྦེ་ཞིནམ་ལས་ ད་རིས་འབདན་ང་ལུ་འ་ནེམ་ཅིག་ཐོབ་ཅི་སྨ་རེད་གསེས་བའི་གི་ བློ་བསྐྱེདཔ་ཙམ་ཅིག་གིས་རང་ དེ་ལས་ཨརཝ་རྐུ་བའི་གི་གྱས་ཁར་ཚུདཔ་ཨིན།Taking what is not given is stealing, stealing doesnot necessarily means going into someone's house and stealing something.While walking, you get something and then pick that by concluding your's, this can be classified as stealing too.
- མཁན་པོ་སེང་གེ། Khenpo Singayཏེ་མ་བྱིན་པར་ལེན་པ་འབད་བའི་གི་རྣམ་སྨིན་གྱི་འབྲས་བུ་འདི་ ག་ཅི་ཆགས་འོང་ག? གསེས་བ་ཅིན་ རང་ཚེ་རབས་ག་ཏེ་སྐྱེས་ཏེ་འབད་རུང་ཡང་ སྤྱང་ཀ་ཆགས་ནི་གི་ དབུལ་པོ་ཆགས་ནི་གི་བདག་ཉིད་ཨིན།Sowing discord of stealing are; poor and poverty throughout your life.
- མཁན་པོ་སེང་གེ། Khenpo Singayདེ་ལས་འ་ནི། དེ་ལས་ ཏེ་རྫུན་་་་་་ དེ་ལས་འདོད་པའི་ལོག་པར་གཡེམ་པ། ཏེ་འདོད་པའི་ལོག་པར་གཡེམ་པ་གསེས་མི་འདི་ ང་བཅས་འཇིག་རྟེན་མི་གནག་པ་བཟུམ་ཅིག་འབད་དེ་འབད་རུང་ཡང་ འདོད་པའི་ལོག་པར་གཡེམ་པ་གི་ཉེས་པ་འདི་ཡོད། ཏེ་ག་དེ་སྦེ་སྨོ? གསེས་བ་ཅིན་ རང་གི་གི་གནསམོ་གནས་ཚང་མ་ཡིན་པའི་གི་ གཞན་གྱི་གི་གནསམོ་གནས་ཚང་ཚུ་དང་གཅིག་ཁར་ བཀྲ་མ་ཤིསཔ་འབད་བ་ཅིན་ འདི་ཚུ་ཡང་འདོད་པའི་ལོག་པར་གཡེམ་པ་ཕོགཔ་ཨིན།Lying and sexual misconduct should be refrained also by ordinary laymen becuase it is also followed by sowing discord.Having sex with people other then your relatives is also included in sexual miscondct.
- མཁན་པོ་སེང་གེ། Khenpo Singayད་འ་ནི་ཚུ་ ད་འ་ནི་ཚུ་འདོད་པའི་ལོག་པར་གཡེམ་པ་འབདཝ་འདྲཝ་ཅིག་འབད་བ་ཅིན་ འདི་གི་རྣམ་སྨིན་གྱི་འབྲས་བུ་འདི་ ག་ཅི་ཡོད་གོ? གསེས་བ་ཅིན་ ཏེ་རང་ག་ཏེ་སྐྱེས་ཏེ་འབད་རུང་ཡང་ རང་གི་གི་་་་ དཔེར་ན་རང་གི་གི་གནས་ཚང་བཟུམ་ཅིག་འབད་དེ་འབད་རུང་ཡང་ དམ་ཚིག་་་་ རང་ལུ་དམ་ཚིག་མ་སྲུང་ དེ་ལསན་ རང་བུམོ་ཅིག་འབད་དེ་འབད་རུང་ རང་གི་གི་རྨགཔ་བཟུམ་ཅིག་ལུ་ཡང་ རང་ལུ་བཀྲ་མ་ཤིསཔ་རང་འབད་སྡོད་པ་ཅིན་ འདི་འདི་ག་ཅི་སྨོ? གསེས་བ་ཅིན་ རང་གིས་གི་ཚེ་སྔ་མ་ལུ་ རང་གིས་གི་འདོད་པའི་ལོག་པར་གཡེམ་པ་འབད་བའི་གི་རྣམ་སྨིན་གྱི་འབྲས་བུ་ཨིན།Sexual misconduct's sowing discord are; unfaithful neighbour and husband and all this happen due to the sowing discord of sexual misconduct.
- མཁན་པོ་སེང་གེ། Khenpo Singayད་འ་ནི་ཚུ་ང་བཅས་ར་གིས་སྤང་དགོ་གསེས། དེ་ལས་ཤོབ་རྐྱབ་པའི་གི་ རྫུན་སྨྲ་བ། ཏེ་ཤོབ་རྐྱབ་པའི་གི་རྣམ་སྨིན་གྱི་འབྲས་བུ་འདི་ ཤོབ་རྐྱབ་འདྲཝ་ཅིག་འབད་བ་ཅིན་ རྣམ་སྨིན་གྱི་འབྲས་བུ་ག་ཅི་ཆགས་འོང་ག? གསེས་བ་ཅིན་ ང་བཅས་ར་གིས་ བློ་འོ་ག་ཅི་སླབ་ས་ཅིག་འདི་འབད་རུང་ཡང་ དེ་ལས་རོགས་ལུ་ དེ་ལས་རོགས་ཀྱིས་ཆ་བཞག་མི་བཏུབ།All this should be avoided.Now its lying, if you lie then all the people are not going trust you and have faith on you.
- མཁན་པོ་སེང་གེ། Khenpo Singayརོགས་བློ་འོ་ག་ཅི་སླབ་སྟེ་གིས་འབད་རུང་ཡང་ རོགས་གིས་(ཀྱིས་) རང་གིས་བདེན་པ་ཅིག་སླབ་སྟེ་འབད་རུང་ཡང་ རོགས་གིས་(ཀྱིས་)རྫུན་པ་ཨིནམ་པ་་་་་ རྫུན་པ་ཨིནམ་སྦེ་གོ་སྡོད་འོང་། ད་འ་ནི་ཚུ་ག་ར་ཤོབ་རྐྱབ་པའི་གི་འབྲས་བུ་ཨིན། གཙོ་བོ་ར་ང་བཅས་ཀྱི་བསྲུང་བྱ་ངོ་མ་འདི་ ད་ང་བཅས་ད་ལྟོ་ སྡོམ་པ་གསེས་སླབ་ད་ལུ་ དགེ་སློང་རྐྱངམ་ཅིག་མེན་པའི་གི་ ང་བཅས་འཇིག་རྟེན་མི་གནག་པ་ཚུ་གིས་ཡང་ གཙོ་བོ་འ་ནི་བཟུམ་འདི་ དགེ་སློང་ཡང་རྐྱང་ དགེ་སློང་རྐྱངམ་ཅིག་མེན།Even if we speak truth, the other person is not going to belief you, this is the sowing discord of lying.All this should maintained not only for the monk,
- མཁན་པོ་སེང་གེ། Khenpo Singayདགེ་སློང་དང་འཇིག་རྟེན་མི་གནག་པ་ག་ར་འབད་དེ་འབད་རུང་ཡང་ ད་འ་ནི་རྩ་བ་བཞི་འདི་བསྲུང་དགོ་གསེས། རྩ་བ་བཞི་འདི་སྲུང་ཚུགསཔ་འདྲཝ་ཅིག་འབད་བ་ཅིན་ དེ་ལས་ང་བཅས་ར་གནམ་མེད་ས་མེད་ཀྱི་ རང་གི་གི་མི་ཚེ་འདི་ ག་ཏེ་སྐྱེས་ས་ཅིག་འདི་འབད་རུང་ཡང་ དེ་ལས་དཔེར་ན་ སྲོག་གཅོད་པ་སྤང་་་་་ སྤང་ད་པ་ཅིན་ དེ་ལས་ ཚེ་རིང་བ། ནད་མེད་པ། དེ་ལས་མ་བྱིན་པར་ལེན་པ་སྤང་དཔ་འདྲཝ་ཅིག་འབད་བ་ཅིན་ རང་ག་ཏེ་སྐྱེས་ས་ལུ་ རྒྱུ་ནོར་ལོངས་སྤྱོད་འབྱོར་པ་ལྡན་ཏོག་ཏོ་སྦེ།but also by the ordinary laymen.So this main 4 vows should be maintained and if you maintain them, for example, by avoiding killing, your lifespan will be extended and illness will be erased.If you avoid stealing, you will be bestowed with huge sum of wealth and property.
- མཁན་པོ་སེང་གེ། Khenpo Singayདེ་ལསན་ འདོད་པའི་ལོག་པར་གཡེམ་པ་སྤང་པ་ཅིན་ རང་གི་གི་གཉེན་དང་གྲོགས་ག་བསྟེན་ས་ཅིག་འདི་འབད་རུང་ ག་བསྟེན་ས་་་་ ག་བསྟེན་འདི་(ཏེ་)འབད་རུང་ཡང་ ད་དེ་ཚུ་གིས་ དམ་ཚིག་གཙང་ཏོག་ཏོ་སྦེ་སྲུང་ཚུགས་མི་ སྲུང་མི་་་་ སྲུང་མི་དང་འཕྱད་འོང་། དེ་ལས་ཤོབ་མ་རྐྱབ་པ་ཅིན་ ཤོབ་མ་རྐྱབ་པའི་འབྲས་བུ་འདི་ རང་ག་ཏེ་སྐྱེས་ས་ཅིག་འདི་འབད་རུང་ རང་གིས་བློ་ག་ཅི་ཅིག་སླབ་ས་ཅིག་འདི་འབད་རུང་ རོགས་ཀྱི་ཆ་བཞག རོགས་ཀྱིས་དེ་ནི་ བདེན་པར་འཛིན་ནི་གི་བློ་འ་ནེ་སྦེ་འཐོན་འོང་།If you avoid sexual misconduct, you will be bestowed with faithful wife and if you avoid lying, for wherever you go and whatever you speak, you will be believed by people around you.
- མཁན་པོ་སེང་གེ། Khenpo Singayད་འདི་གི་གུ་ལུ་ དེ་ལས་ ད་འདི་གི་གུ་ལུ་ འ་ནི་བཞི་འདི་ལུ་ ད་ཚུལ་ཁྲིམས་ཀྱི་ཡན་ལག་གསེས་སླབ་ཨིན་ངོ་མ་འདི་ ཏེ་འ་ནི་བཞི་འདི་ལུ་ཚུལ་ཁྲིམས་ཀྱི་ཡན་ལག དེ་ལས་ ད་ཚུལ་ཁྲིམས་ཀྱི་ཡན་ལག་གུ་ལུ་ དེ་ལས་བག་ཡོད་ཀྱི་ཡན་ལག་གསེས་མི་ཅིག་ཡོད། ཏེ་བག་ཡོད་ཀྱི་ཡན་ལག་གསེས་མི་འདི་ག་ཅི་ལུ་སླབ་སྨོ? གསེས་བ་ཅིན་ ང་བཅས་ཆང་འཐུང་མི་འདི་ལུ་སླབ་མས།This four is referred as part of morality and drinking alcohol is also included under faults.
- མཁན་པོ་སེང་གེ། Khenpo Singayཏེ་ཆང་འཐུང་ནི་འདི་ ཏེ་ཆང་འཐུང་ཞིནམ་ལས་ དེ་ལསན་ ཏེ་ཆང་འཐུང་ཞིནམ་ལས་ དེ་ཉེས་པ་གསུམ་གྱི་རྩ་བ་ཆང་གསེས་གསུངས་བཞག་ནུག ཏེ་ཆང་འདི་འཐུངམ་འདྲཝ་ཅིག་འབད་བ་ཅིན་ ང་བཅས་ཀྱི་ཉེས་པ་ཆ་ཚང་ ཆང་འདི་ལས་བརྟེན་འཐོན་འོང་། ཧེ་མ་ང་བཅས་ཀྱིས་ ཆང་འདི་མ་འཐུང་པའི་སྐབས་སུ་ལུ་ ཁོ་གིས་སེམས་ཅན་ལུ་ཡང་ སྲོག་མི་གཅོད། དེ་ལས་ ཨརཝ་ཡང་མི་བརྐུ། འདོད་པའི་ལོག་པར་གཡེམ་པ་ཡང་མི་འབད། ཤོབ་ཡང་མི་རྐྱབ།If we drink alcohol then alcohol is banded with three faults and different types of fallacy.Before the consumption of alcohol the person will not do the killing, will not steal and will not lie.
- མཁན་པོ་སེང་གེ། Khenpo Singayཆང་འདི་འཐུང་ད་པ་ཅིན་ ཁོ་གིས་སྲོག་གཅོད་པ་ལུ་ཡང་ ཁོ་གིས་ཚེར་སྣང་མི་འོང་། དེ་ལསན་ ཨརཝ་བརྐུ་བ་ལུ་ཡང་ ཁོ་ལུ་ཚེར་སྣང་མི་འོང་། དེ་ལསན་ འདོད་པའི་ལོག་པར་གཡེམ་པ་འབད་བ་ལུ་ཡང་ ཚེར་སྣང་མི་བསྐྱེད། དེ་ལས་་་་་་ད་འ་ནི་ཚུ་འབད་འབདཝ་ད་ལུ་ གཙོ་བོ་རང་ཉེས་པ་གསུམ་གྱི་རྩ་བ་ཆང་གསེས་སླབ་དགོ་པའི་རྒྱུ་མཚན་འ་ནི་ཨིན།After drinking alcohol the person will not hesitate to kill ,steal and lie.Thats why,alcohol is the main cause of three faults.
- མཁན་པོ་སེང་གེ། Khenpo Singayད་འ་ནི་འབད་ལས་བརྟེན་ཏེ་གིས་སྦེ་ ང་བཅས་ར་གིས་ འདི་གི་གུ་ལུ་ཆང་འདི་སྤང་ཚུགས་པ་ཅིན་ དེ་ལས་ལེགས་ཤོམ་ཡོད་གསེས་མི་ཅིག་ངོ་མ་འདི། ད་འ་ནི་ཨིན་གསེས། ད་གཙོ་བོ་ང་བཅས་ར་གིས་ རབ་ཏུ་བྱུང་བ་རྐྱངམ་་་་་ དགེ་སློང་རྐྱངམ་ཅིག་མེན་པའི་གི་ ང་བཅས་ར་ག་ར་གིས་བསྲུང་དགོཔ་ངོ་མ་འདི་གཙོ་བོ་ར་ འ་ནི་འདི་རྩ་བ་བཞི་དང་ དེ་ནས་ཆང་སྦེ་འབདཝ་ད་ལུ་ གཙོ་བོ་ འ་ནི་ལྔ་འདི་ཨིན། ཏེ་ང་བཅས་ག་ར་གིས་འ་ནི་འདི་་་་་ འ་ནི་འདི་བསྲུང་ཚུགས་པ་ཅིན་ ལེགས་ཤོམ་སྦེ་ཡོད་གསེས།So it's good to avoid alcohol.Mainly the best vows of monks and ordinary laymen are to avoiding 4 vows; killing ,stealing, sexual misconduct and lying.If we avoid drinking alcohol then it become 5 vows in total and it should be maintained properly.
- མཁན་པོ་སེང་གེ། Khenpo Singayཏེ་ད་ གཙ་བོ་ར་ང་བཅས་ཀྱི་ཚུལ་ཁྲིམས་གསེས་མི་འདི་ གཙོ་བོ་ ད་ཚུལ་ཁྲིམས་གསེས་སླབ་དགོ་པའི་རྒྱུ་མཚན་ག་ཅིམ་གསེས་བ་ཅིན་ ཚུལ་དང་ལྡན་པའི་གི་ཁྲིམས་སྲུང་མི་འདི་ལུ་ ཚུལ་ཁྲིམས་གསེས་སླབ་མས། ཏེ་འ་ནི་འབདཝ་ལས་ འ་ནི་འབདཝ་ལས་བརྟེན་ཏེ་གིས་འབད་ ང་བཅས་མི་གེ་ར་གི་ཁ་ཐུག་ལས་ ད་འ་ནི་འདི་སྲུངས་གནང་གསེས་ཞུ་ནི་ཨིན། དེ་ལས་ ཏེ་ད་ང་བཅས་ཚུལ་ཁྲིམས་གསེས་མི་འདི་ ང་གིས་ ད་ད་ལྟོ་མདོར་བསྡུས་བཟུམ་ཅིག་གཙོ་བོ་འ་ནི་ཨིན།So basically morality means ethics and manners.So maintaining ethics and manners properly is the meaning of morality in briefly.
- མཁན་པོ་སེང་གེ། Khenpo Singayདེ་ལས་འདི་གི་གུ་ལུ་ ཏེ་ང་བཅས་ ད་འདི་གི་གུ་ལུ་ ད་ཚུལ་ཁྲིམས་ ད་སྤྱིར་བཏང་གིས་ ད་ཚུལ་ཁྲིམས་གསེས་མི་འདི་ ང་བཅས་འ་ནི་བཟུམ་འདི་ ག་ར་གིས་བསྲུང་དགོཔ་སྦེ་ འདིགི་གུ་ལུ་ བྱང་ཆུབ་སེམས་དཔའི་གི་ཚུལ་ཁྲིམས་གསེས་མི་ཅིག་ཡོད།This types of morality is generally for all kind of people but for bodhisattva
- མཁན་པོ་སེང་གེ། Khenpo Singayབྱང་ཆུབ་སེམས་དཔའི་གི་ཚུལ་ཁྲིམས་གསེས་མི་འདི་ག་དེ་སྦེ་སྨོ? གསེས་བ་ཅིན་ འདི་གི་གུ་ལུ་ གཞན་ཕན་གྱི་ཀུན་སློང་ཅིག་ རང་རྐྱངམ་ཅིག་གི་དོན་ལུ་མེན་པ་འབད་ཞིནམ་ལས་ སེམས་ཅན་གཞན་གྱི་དོན་ལུ་ སེམས་ཅན་གཞན་གྱི་དོན་ལུ་མནོ་བསམ་བཏང་སྟེ་གིས་སྦེ་ མནོ་བསམ་ག་ཅི་ཅིག་བཏང་འདི་(སྟེ་)འབད་རུང་ཡང་ སེམས་ཅན་ཐམས་ཅད་ཀྱི་དོན་དག་ལུ་ ལཱ་ག་ཅི་ཅིག་འབད་ས་ཅིག་རུང་ཡང་ སེམས་ཅན་ཐམས་ཅད་ཀྱི་དོན་དུ་འབད་མི་འདི་ ད་གཙོ་བོ་གཞན་ཕན་བྱང་ཆུབ་ཀྱི་སེམས་གསེས་སླབ་ཨིན།morality means, thinking for the benefits of all sentient beings is the meaning of bodhisattva.
- མཁན་པོ་སེང་གེ། Khenpo Singayད་འ་ནི་ལུ་ གཞན་ཕན་བྱང་ཆུབ་ཀྱི་སེམས་གསེས། གཞན་ཕན་བྱང་ཆུབ་ཀྱི་སེམས་འདི་ རང་གི་རྒྱུད་ལུ་ཡོདཔ་འདྲཝ་ཅིག་འབད་བ་ཅིན་ དེ་ལསན་ཏེ་ གནམ་མེད་ས་མེད་ཀྱི་ ང་བཅས་ར་གི་མི་ཚེ་འདི་ དོན་དང་ལྡན་པ་ རྒྱལ་སྲས་ཞི་བ་ལྷ་གིས་གསུངས་དོ་བཟུམ་སྦེ་ དེ་ལས་ བྱང་ཆུབ་ཀྱི་སེམས་གསེས་མི་འདི་ གནམ་མེད་ས་མེད་ཀྱི་མཆོག་ཏུ་འགྱུར་པ་ཅིག་ཨིན་གསེས།So if you have that thinking of benefiting sentient beings then as said by Lord Shantideva is the best bodhisattva.
- མཁན་པོ་སེང་གེ། Khenpo Singayདེ་ལས་ག་ཅི་སྨོ? གསེས་བ་ཅིན་ འ་ནི་བཟུམ་མའི་གི་ ཏེ་རང་ལུ་ཕན་ཐོགས་ནི་འདི་ རང་གི་ཨ་པ་གིས་ཡང་འ་ནི་བཟུམ་སྦེ་ཕན་ཐོགས་མི་ཚུགས། རང་གི་ཨའི་གིས་ཡང་ཕན་ཐོགས་མི་ཚུགས། རང་གི་གི་སྤུན་སྤུན་ཆ་འདི་ཚུ་གིས་ཡང་ དེ་སྦེ་ཕན་ཐོགས་མི་ཚུགས། ཏེ་བྱང་ཆུབ་ཀྱི་སེམས་གསེས་མི་ རང་གི་རྒྱུད་ལུ་ཡོདཔ་འདྲཝ་ཅིག་འབད་བ་ཅིན་ ཏེ་རང་ལུ་གནམ་མེད་ས་མེད་ཀྱི་ ཏེ་ད་ཕན་ཐོགས་་་་ ཕན་ཐོགས་ཡང་སྦོམ་ཡོད། སེམས་ཅན་ཐམས་ཅད་ལུ་ཕན་རྒྱ་ཆེན་པོ་ཐོགས་ཚུགས།This kind of thinking will benefit you more than your father,mother and family.If we have bodhisattva in us, it will benefit you and animal to the extreme level.
- མཁན་པོ་སེང་གེ། Khenpo Singayའདི་འབད་ནི་འདི་གིས་ གཙོ་བོ་ར་ ང་བཅས་ཀྱིས་ ད་དང་པོ་རྩ་བ་བཞི་དང་ ཆང་དང་འདི་ཚུ་སྤང་འབད་ཞིནམ་ལས་ འདི་གི་གུ་ལུ་ གཞན་ཕན་བྱང་ཆུབ་ཀྱི་སེམས་ གསེམས་མི་ཅིག་རང་གི་རྒྱུད་ལུ་བསྐྱེད་དགོ་གསེས་མི་ཅིགThats why we shoulf firstly, avoid killing, stealing, sexual misconduct, lying and we should avoid drinking alcohol.On top of that if you have thinking of benefiting you and other jointly
- མཁན་པོ་སེང་གེ། Khenpo Singayཏེ་གཞན་ཕན་བྱང་ཆུབ་ཀྱི་སེམས་འདི་ རྒྱུད་ལུ་བསྐྱེད་དཔ་འདྲཝ་ཅིག་འབད་བ་ཅིན་ སྐྱེས་བུ་དམ་པ་འདི་ཚུ་གིས་ ག་དེ་སྦེ་གསུངས་ཡི་གོ? གསེས་བ་ཅིན་ ཡོད་ན་སངས་རྒྱས་བསྒྲུབ་ལ་ཐབས་ཆག་པ། །་་་་་་ ཡོད་ན་སངས་རྒྱས་བསྒྲུབ་ལ་བདེ་ཆོག་ཅིང་། །མེད་ན་སངས་རྒྱས་བསྒྲུབ་ལ་ཐབས་ཆགས་་་་་ ཐབས་ཆག་པ། །སངས་རྒྱས་བསྒྲུབ་པའི་ས་བོན་མ་ནོར་བ། །རྣམ་དག་བྱང་ཆུབ་སེམས་མཆོག་སྐྱེ་བར་ཤོག །གསེས་གསུངས་དོཝ་བཟུམ་སྦེ།Then this thinking of your's to benefit other will help you to be born as bodhisattva.
- མཁན་པོ་སེང་གེ། Khenpo Singayཏེ་བྱང་ཆུབ་ཀྱི་སེམ་གསེས་མི་འདི་ རང་གི་རྒྱུད་ལུ་ཡོདཔ་འདྲཝ་ཅིག་འབད་བ་ཅིན་ སངས་རྒྱས་བསྒྲུབ་པ་ལུ་ དེ་ནི་སྒྲུབ་ཆོག་ཆོ་ཅིག དེ་འདི་རང་གི་རྒྱུད་ལུ་མེདཔ་འདྲཝ་ཅིག་འབད་བ་ཅིན་ སངས་རྒྱས་བསྒྲུབ་པའི་གི་་་་ སངས་རྒྱས་བསྒྲུབ་པའི་གི་ཐབས་འདི་ ད་སངས་རྒྱས་སྒྲུབ་མ་ཚུགས་པ་ སངས་རྒྱས་གྲུབ་པ་ལུ་དེ་ནི་ ཐབས་ཆག་པའི་གི་ལམ་ཅིག་ཨིན།If you have bodhisattva in you, attaining buddhahood is easy but if you dont have bodhisattva in you, attaining buddhahood is difficult.
- མཁན་པོ་སེང་གེ། Khenpo Singayདེ་འབད་ནི་འདི་གིས་ ཏེ་ད་བྱང་ཆུབ་ཀྱི་སེམས་ གཞན་ཕན་བྱང་ཆུབ་ཀྱི་སེམས་འདི་ འདི་སྟེང་དུ་་་་་ འདིའི་སྟེང་དུ་བསྐྱེད་དགོ་གསེས་མི་ཅིག ད་འདི་གི་གུ་ལུ་ དེ་ལསན་ཏེ་ང་བཅས་ར་གི་དབང་འདི་ཚུ་ཞུ། དེ་ལས་བླ་མ་འདི་ཚུ་གི་ན་ལས་ དབང་འདི་ཚུ་ཞུ་འབདཝ་ད་ལུ་ ཏེ་དམ་ཚིག་གསེས་མི་ཅིག་བསྲུང་དགོ། ཏེ་དམ་ཚིག་གསེས་མི་ སྲུང་མི་འདི་ ངག་གི་སྡོམ་པ་གསེས་སླབ་ཨིན།Thats why if you have that bodhisattva thing of helping other and when you receive blessing from your root guru, you have to have faith on him, this faith of yours is referred as speech vows.
- མཁན་པོ་སེང་གེ། Khenpo Singayད་འ་ནེ་སྦེ་འབདཝ་ད་ལུ་ ཏེ་ད་གཙོ་བོ་ར་ རྩ་བའི་བླ་མ་ན་ལས་དབང་འདི་ཞུ་ཞིནམ་ལས་ བླ་མ་གིས་མར་ མཇུག་བསྡུ་དབང་འདི་མཇུག་བསྡུ་བའི་སྐབས་སུ་ལུ་ གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །གསེས་གསུངས་པའི་གི་སྐབས་སུ་ལུ་ རང་གིས་ཡང་ དེ་ནི་རྗེས་བཟློས་འབད་དེ་གིས་སྦེ་ ཁྱོད་ཀྱིས་ག་ཅི་བཀའ་གནང་མི་འདི་ ང་བཅས་ཀྱིས་ཕྱག་ཞུ་ནི་གསེས་གསུངསམ་མས་་་་ ཞུཝ་མས། ཏེ་འ་ནེ་སྦེ་འབདཝ་ད་ལུ་ གཙོ་བོ་ར་ བླ་མ་ན་ལས་དབང་ཞུ་ཤེསཔ་ད་ལུ་ ཧེ་མ་རང་ དམ་ཚིག་སྲུང་ཚུགས་ག་མི་ཚུགས་ག་བལྟ་དགོ། ཾSo when you choose your root guru, you should be having extreme faith and belief for him.You can't just select your root guru if you can't belief him fully.
- མཁན་པོ་སེང་གེ། Khenpo Singayཏེ་དམ་ཚིག་སྲུང་ཚུགསཔ་འདྲཝ་ཅིག་འབད་བ་ཅིན་ དབང་འདི་ཞུ་ནི། དམ་ཚིག་སྲུང་མ་ཚུགསཔ་འདྲཝ་ཅིག་འབད་བ་ཅིན་ ཧེ་མ་ལས་རང་དབང་འདི་ཞུ་ནི་མི་འོང་། ཏེ་དབང་འདི་ཞུ་ཚར་ཞིནམ་ལས་ གཙོ་བོ་རང་ ཏེ་དམ་ཚིག་འདི་བསྲུང་དགོ། དམ་ཚིག་སྲུང་གསེས་སླབ་ད་ལུ་ གཙོ་བོ་ར་ག་དེ་སྦེ་བསྲུང་དགོཔ་སྨོ? གསེས་སླབ་ད་ལུ་ བླ་མ་ལུ་ སངས་རྒྱས་དངོས་ཀྱི་འདུ་ཤེས་སྦེ་ དད་པ་བསྐྱེད་དགོ།You should receive blessing if you can belief your guru, if not you shouldn't.After receiving the blessing from your guru, you should consider him as your true master or lord.
- མཁན་པོ་སེང་གེ། Khenpo Singayབླ་མ་ལུ་དད་པ་དང་དག་སྣང་གི་ཐོག་ལས་ ཏེ་བླ་མ་ལུ་ལོག་ལྟ་བསྐྱེད་ནི་མི་འོང་། བླ་མ་ལུ་བཀུར་པ་བཏབ་ནི་མི་འོང་། ཐ་ན་ཕར་བཞག་ བླ་མའི་གི་མཁའ་འགྲོ། བླ་མའི་གི་སྤུན་ཆ། ད་འ་ནི་འདི་ཚུ་ལུ་ཡང་ བཀུར་པ་བཏབ་མི་བཏུབ། འདི་མ་ཚད་པའི་གི་ད་ རང་དབང་ཞུ་ས་ལུ་ རང་མི་ལེ་ཤ་ཡོད་དེ་འབད་རུང་ཡང་ མི་བརྒྱ་གཅིག་དེ་ཅིག་ཡོད་པ་ཅིན་ ཏེ་དབང་ཞུ་ཤ་གི་་་་ དབང་ཞུ་ས་གི་གྱལ་ཁར་ཡོད་པའི་མི་བརྒྱ་གཅིགཔོ་འདི་ ག་ར་ རང་གི་གི་མཆེད་གྲོགས་ཨིན། རང་གི་གི་དེ་ནི་རྡོ་རྗེ་སྤུན་ཨིན།For your guru,you should have belief, and you shouldn't talk negative thing about your guru and his family.For instance if you have 100 people along with you when you receive blessing, youy should consider them as your vajra siblings,
- མཁན་པོ་སེང་གེ། Khenpo Singayད་འ་ནི་ཚུ་ལུ་ཡང་ གཅིག་གིས་གཅིག་ལུ་ བློ་སྲ་ཀྲག་ཀྲ་སླབ་མི་བཏུབ། ཚིག་རྩུབ་སླབ་མི་བཏུབ། གནོད་སེམས་བསྐྱེད་མི་བཏུབ། བརྣབ་སེམས་བསྐྱེད་མི་བཏུབ། དེ་འབདཝ་ད་ལུ་ ད་དམ་ཚིག་བསྲུང་དགོ་གསེས་ དམ་ཚིག་སྲུང་སླབ་མི་འདི་ གཙོ་བོ་འ་ནི་ཨིན།you can't speak harshly to them, you can't speak rude language, you can't have harmful intention, you can't have a desire to gain.So you should be faithful towards your root guru.
- མཁན་པོ་སེང་གེ། Khenpo Singayགསང་སྔགས་ཀྱི་གནས་སྐབས་ན་ལུ་ དམ་ཚིག་འདི་ཚུལ་བཞིན་དུ་སྲུངམ་འདྲཝ་ཅིག་འབད་བ་ཅིན་ དབང་འདི་ཞུ་ཞིནམ་ལས་ དེ་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་འགྱོ་འོང་། དམ་ཚིག་སྲུང་མ་ཚུགས་པ་ཅིན་ དབང་འདི་ཞུ་ཞིནམ་ལས་ མར་དམྱལ་བ་ནང་འགྱོ་ནིའི་ ཉེན་ཁ་ཡོད།During secret mantra, if you be loyal to it, you can attain enlightenment and if you can't be loyal, you will born in hell.
- མཁན་པོ་སེང་གེ། Khenpo Singayད་འ་ནེ་འབདཝ་ད་ལུ་ དཔེར་ན་ ང་བཅས་ར་གིས་སྦུལ་གཅིག་ སྦ་གི། ད་པ་ཡབ་ ཆུ་གི་པ་ཡབ་ ༼ཆུ་དུང་༽ ཅིག་ནང་བཙུགས་བཞག་པ་ཅིན་ ཡང་མེན་ན་ཡར་རང་འཐོན་དགོ། ཡང་མེན་ན་མར་རང་འཐོན་འགྱོ་དགོ།For example, if you put a snake inside a water pipe, snake should either come up or go down.
- མཁན་པོ་སེང་གེ། Khenpo Singayད་འ་ནི་འབདཝ་ལས་བརྟེན་འདི་(ཏེ་)གིས་འབད་ ཏེ་དམ་ཚིག་སྲུང་ནི་འདི་གནམ་མེད་ས་མེད་ གལ་ཆེ་གསེས། ད་དོན་དག་མདོར་བསྡུ་བ་ཡིན་ན་ དང་པོ་ང་བཅས་ དེ་ནི་ རྩ་བ་བཞི་དང་ཆང་ལ་སོགས་པ་སྤངས་ཚུགས་མི་འདི་ལུ་ གཙོ་བོ་ར་སོ་ཐར་གྱི་སྡོམ་པ་གསེས་སླབ་ཨིན།Basically you should be loyal.Firstly, if you avoid 4 faults and avoid drinking alcohol classified under pratimoksa vows
- མཁན་པོ་སེང་གེ། Khenpo Singayདེ་ལསན་ཏེ་ ད་དེའི་སྟེང་དུ་ གཞན་ཕན་བྱང་ཆུབ་ཀྱི་སེམས་ཀྱི་ཀུན་སློང་གིས་རྩིས་འཛིན་སོང་བ་ཡིན་ན་ དེ་ལསན་ཏེ་ འདི་ལུ་ག་ཅི་སྨོ་གསེས་བ་ཅིན་ བྱང་སེམས་ཀྱི་སྡོམ་པ། འདི་སྟེང་དུ་སྔགས་ཀྱི་གནས་སྐབས་ནང་ལུ་ དམ་ཚིག་སྲུངམ་འདྲཝ་ཅིག་འབད་བ་ཅིན་ དེ་ལས་སྔགས་ཀྱི་སྡོམ་པ་གསེས་སླབ་ཨིན། ད་འ་ནི་འདི་ང་བཅས་ སྡོམ་པ་གསུམ་འདི་ སྡོམ་པ་གསུམ་འདི་ དེ་ལསན་ཏེ་ ང་བཅས་རའི་གང་ཟག་ གཅིག་གི་རྒྱུད་ལུ་ལྡན་ཚུགསཔ་འདྲཝ་ཅིག་འབད་བ་ཅིན་ འདི་ལུ་ གསུམ་ལྡན་རྡོ་རྗེ་འཛིན་པ་གསེས་ཞུཝ་ཨིན་གསེས་ཞུ་ནི། ད་འ་ནེམ་ཅིག་རང་ཨིན་མས་ང་གིས།and if you have other benefits thinnking then it's termed as bodhisattva vows and if you maintain speech vows it is termed as speech vows.So if you maintain this three vows, it is referred as three group of vajra holder
- མཁན་པོ་སེང་གེ། Khenpo Singayའ་ནིམ་ཅིག་བཞག་ད་ ད་ལྟོ་སྨོ?keep it till this for now