Skip to main content Skip to search
03 Feb 2016
1 min 52 sec
Video Overview
Creators: 
Norzin Lhamo

སྒང་སྟེང་བཤད་གྲྭའི་མཁན་པོ་ སེང་གེ་རྡོ་རྗེ་གིས་བཤད་མི་ནང་ རབ་ཏུ་བྱུང་མི་ཆ་ཁྱབ་ ཚ་གྲང་གི་སྡུག་བསྔལ་ལས་སྐྱོབ་པའི་ཕྱིར་དུ་གྱོན་ནི་ཡོད་པའི་ཆས་ ཆོས་གོས་རྣམ་པ་གསུམ་པོ་དེ་ ཤམ་ཐབས་ ཆོས་གོས་ སྣམ་སྦྱར་གསུམ་ཨིནམ་ད་ དེ་གསུམ་ལས་ ཆོས་གོས་དང་ཤམ་ཐབས་གཉིསཔོ་དེ་ སྤྱིར་བཏང་གི་དགེ་ཚུལ་གྱི་སྡོམ་པ་ཡོད་མི་ག་ར་གིས་གྱོན་ཆོགཔ་ད་ རྣམ་སྦྱར་འདི་ དགེ་སློང་བསྙེན་རྫོགས་ཚུ་གིས་རྐྱངམ་ཅིག་མ་གཏོགས་ གཞན་དང་གཞན་གྱིས་གྱོན་མི་ཆོག་དོ་ཡོདཔ་ཨིན་མས། དེ་སྦེ་ ཆོས་གོས་རྣམ་པ་གསུམ་པོ་གྱོན་ཆོགཔ་དང་མ་ཆོགཔ་གི་ཁྱད་པར་ཡང་འདུག།

In the “Sermon of the three dharma robes,” Khenpo Singay Dorji addresses the practice of wearing different robes as a way to go through the various seasons. Monks who are not fully ordained wear Shamthab (Dzo. sham thabs) and Choegey (Dzo. chos gos); whereas, the fully-ordained monks wear the Namjar (Dzo. rnam sbyar).

 

Transcript search
No results found for this search
0 of 0
  • མཁན་པོ་སེང་གེ། Khenpo Singay
    ད་ཆོས་གོས་རྣམ་པ་གསུམ་གསེས་མི་འདི་ ང་བཅས་ཀྱི་ཤམ་ཐབས་དང་ ཏེ་ང་བཅས་ཀྱི་ ཏེ་བླ་གོས་གསེས་ཡང་སླབ་ཨིན། ཏེ་ཆོས་གོས་གསེས་ཡང་སླབ་ཨིན། དེ་ལས་སྣམ་སྦྱར་གསེས་ འ་ནི་གསུམ་འདི་ཨིན།
    The three dharma robes are long red shawl, religious robes, sacred raiment with 32 patches.
  • མཁན་པོ་སེང་གེ། Khenpo Singay
    ད་འ་ནི་ཚུ་ ང་བཅས་རབ་ཏུ་བྱུང་བའི་གི་ཆས་ཨིན། རབ་ཏུ་བྱུང་བའི་གི་ཆོས་ཆས། ད་འ་ནི་ཚུ་ག་ཅི་སྦེ་ ཆས་ རབ་ཏུ་བྱུང་བའི་ཆོས་ཆས་སྨོ་གསེས་སླབ་ད་ལུ། རབ་ཏུ་བྱུང་བ་འདི་ཚུ་ ཚ་བའི་སྡུག་བསྔལ་དང་། གྲང་བའི་སྡུག་བསྔལ་ལས་སྐྱོབ་ནི་གི་ཕྱིར་དུ་ལུ་གྱོན་ནི་གི་ཆས་འདི་ལུ་ ཆོས་གོས་རྣམ་པ་གསུམ་གསེས་ཞུཝ་མས།
    This is the best attire, the best religious tool because this religious attire are the best way to ward off from heat and cold sufferings.
  • མཁན་པོ་སེང་གེ། Khenpo Singay
    ད་འ་ནེ་འབདཝ་ད་ལུ་ ད་གཙོ་བོ་ སངས་རྒྱས་ཀྱི་ན་བཟའ་ངོ་མ་འདི་ ཆོས་གོས་རྣམ་པ་གསུམ་འདི་ལུ་གོཝ་ཨིན།
    The Lord buddha's main attire are this three dharma robes.
  • མཁན་པོ་སེང་གེ། Khenpo Singay
    ཆོས་གོས་རྣམ་པ་གསུམ་འདི་ཏེ་ ད་ཤམ་ཐབས་ཀྱིས་གཅིག དེ་ལསན་ཏེ་བླ་གོས་ཀྱིས་གཉིས། སྣམ་སྦྱར་གྱིས་གསུམ། དེ་ལས་ད་སྣམ་སྦྱར་དང་ འ་ནི་ཚུ་ ད་་་་ ད་སྤྱིར་བཏང་གི་ཆོས་གོས་འདི་ ད་ཆོས་གོས་དང་ ཆོས་གོས་་་་་ ད་སྤྱིར་བཏང་གི་བླ་གོས་འདི་དང་ དེ་ལས་ཤམ་ཐབས་འདི་ ང་བཅས་ར་ དགེ་ཚུལ་ དགེ་ཚུལ་གྱི་སྡོམ་པ་ཡོད་མི་འདི་ཚུ་གིས་ ག་ར་གིས་གྱོན་ཆོག
    Three dharma robes are long red shawl firstly, religious robes secondly and sacred raiment with 32 patches thirdly. Generally the long red shawl and religious robes are wore by novice monks
  • མཁན་པོ་སེང་གེ། Khenpo Singay
    ཏེ་སྣམ་སྦྱར་གསེས་མི་འདི་ དགེ་སློང་སྙེན་རྫོགས་འདི་ཚུ་གིས་མ་གཏོགས་ གྱོན་མི་ཆོག སྣམ་སྦྱར་དང་འདི་ཚུ་གི་བར་ན་ལུ་ ཁྱད་པར་ཨ་ཙི་ཅིག་ཡོད།
    and sacred raiment with 32 patches are wore by only fully ordained monks.
  • མཁན་པོ་སེང་གེ། Khenpo Singay
    ད་འ་ནི་ཚུ་ ངོ་མ་འདི་ ད་ཆོས་གོས་རྣམ་པ་གསུམ་འདི་ སངས་རྒྱས་བཅོམ་ལྡན་འདས་ཀྱི་ ན་བཟའ་ངོ་མ་གཅིག་ཨིན་གསེས་མི་ཅིག་ ཏེ་ངོ་གཅིག་འ་ནི་རང་ཨིན།
    All this is the real attire of Lord buddha.This is the main one.
  • མཁན་པོ་སེང་གེ། Khenpo Singay
    ད་འ་ནིམ་ཅིག་རང་ཨིན་མས་ང་གི།
    Thats all from me.
  • མཁན་པོ་སེང་གེ། Khenpo Singay
    ཨ་ནིམ་ཅིག་བཞག་ད་ ད་ལྟོ་སྨོ?
    keep it till this for now.