Skip to main content Skip to search
03 Feb 2016
3 min 12 sec
Video Overview
Creators: 
Unknown

ནང་པ་སངས་རྒྱས་པའི་ལུགས་ལུ་ རབ་ཏུ་བྱུང་མི་ཆ་ཁྱབ་ གཞི་གསུམ་གྱི་ཉམས་ལེན་ཟེར་ གསོ་སྦྱོང་ དབྱར་གནས་ དགག་དབྱེ་གསུམ་ཉམས་ལེན་མཛད་དགོཔ་ཨིན་པས། དེ་ཡང་ དགེ་བ་ཡར་གསོ་ཞིང་སྡིག་པ་མར་སྦྱོང་བའི་གསོ་སྦྱོང་འདི་ ཟླཝ་རེ་རེ་གི་ནང་ལུ་ཚར་གཉིས་གཉིས་ཚོགས་དགོཔ་ད་ གསོ་སྦྱོང་ཚོགས་ཚོགས་ཀྱི་བར་ན་བསགས་ཏེ་ཡོད་པའི་ཉེས་པ་ཚུ་ དེའི་སྐབས་བཤགས་དགོཔ་ཨིན་པས། དེ་ལས་ དབྱར་གནས་བསྲུང་དགོ་པའི་རྒྱུ་མཚན་ཡང་ ཧེ་མ་ སངས་རྒྱས་བཅོམ་ལྡན་འདས་ཞལ་བཞུགས་པའི་གནས་སྐབས་ལུ་ ཕྱི་རོལ་མུ་སྟེག་པ་ཆ་ཁྱབ་ཀྱིས་ སངས་རྒྱས་བཅོམ་ལྡན་འདས་ཀྱི་དགེ་སློང་ཚུ་ འབུབ་ཚུ་ས་ཁ་ལས་ཡར་འཐོན་པའི་སྐབས་ལུ་ཡང་ཕར་ཚུར་འབྱོན་ཏེ་ སྡིག་པ་ལུ་འཛེམ་ནི་མེད་པར་ འབུབ་གནམ་མེད་ས་མེད་བསདཔ་མས་ ཟེར་ཁ་བཏང་ནི་འདི་གིས་ སངས་རྒྱས་བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་ལས་ར་ དབྱར་གནས་བསྲུང་ནི་གི་སྲོལ་འདི་དར་དརཝ་ཅིག་ཨིན་པས། དབྱར་གནས་ཀྱི་མཇུག་ལུ་ དགག་དབྱེ་ཟེར་འབད་ནི་ཡོདཔ་ད་ དབྱར་གནས་ཟླཝ་ཕྱེད་དང་གཉིས་སྲུང་སྡོད་པའི་གནས་སྐབས་ལུ་ ཕྱི་ཁ་ལས་འབུལ་བ་ཕུལ་ཡོད་མི་ཚུ་ ག་ལུ་ཡང་མ་བྱིན་པར་བཀག་བཞག་སྟེ་ཡོད་མི་ཚུ་ དེ་ཚེ་བགོ་བཤའ་རྐྱབ་སྟེ་སོ་སོ་སྦེ་དབྱེ་དོ་ཡོདཔ་ལས་ དགག་དབྱེ་ཟེར་ སླབ་དོ་ཡོདཔ་ཨིན་པས།

Khenpo Singay Dorji from Gangteng Shedra in Wangdue talks about yarney (Dzo. dbyar gnas), an annual forty-five-day summer retreat for Buddhist monks; sojong (Dzo. gso byong), the practice of restoring and purifying the vows of the monks; and gag aye (Dzo. dgag dbye), the ceremonial release of monks at the end of the summer retreat. Yarney is a summer retreat practice established by Lord Buddha so that his monks would not travel during the peak season of insects in the summer. During the forty-five days of retreat, monks stay within a demarcated boundary, and every morning practice restoration and purification of their basic vows. At the end of the forty-five days, the monks perform a ceremonial release of the retreat known as “gag aye,” during which they divide among themselves whatever they have received, and are formally released from the interdiction to travel.