Skip to main content Skip to search
03 Feb 2016
8 min 36 sec
Video Overview
Creators: 
Norzin Lhamo

ཆོས་བཤད་མི་རྟག་པའི་སྐོར་ སྒང་སྟེང་བཤད་གྲྭ་ནང་ བསོད་ནམས་རྡོ་རྗེ་གིས་བཤད་མི་ནང་ མི་རྟག་པའི་ངོ་སྤྲོད་དང་ མི་རྟག་པ་སྒོམ་ཐངས་ མི་རྟག་པ་སྒོམ་མ་སྒོམ་གྱི་ཕན་གནོད་བཅས་ དོན་ཚན་རྣམ་པ་གསུམ་གྱི་སྒོ་ལས་འབད་བཤདཔ་ཨིན་པས། དང་པ་ རྒྱུ་ནོར་ལོངས་སྤྱོད་དང་བྱད་ངོ་རི་ཚུ་ག་དེམ་ཅིག་ལེགསཔ་ཡོད་རུང་ འགྱུར་བའི་རང་བཞིན་ དཔེར་ན་ ནམ་མཁའི་ཟླཝ་དེ་ ཡར་ངོའི་གནས་སྐབས་ལུ་ འོད་ཆེམ་ཆེ་སྦེ་མཐོངམ་ཨིན་རུང་ མར་ངོའི་གནས་སྐབས་ལུ་ འོད་ཚུ་རང་བཞིན་གྱིས་མེདཔ་འགྱོ་དོ་བཟུམ་ཅིག་ལུ་ མི་རྟག་པ་ཟེར་སླབ་ཨིན་པས། གཉིས་པ་ མི་རྟག་པ་སྒོམ་ཐངས་ལུ་ཡང་ཕྱི་སྣོད་ཀྱི་འཇིག་རྟེན་ལུ་བསམ་སྟེ་མི་རྟག་པ་སྒོམ་ཚུལ་དང་ ནང་བཅུད་ཀྱི་སེམས་ཅན་ལུ་བསམ་སྟེ་མི་རྟག་པ་སྒོམ་ཚུལ་རྣམ་པ་གཉིས་སྦེ་ཡོདཔ་ཨིན་པས། གསུམ་པ་ མི་རྟག་པ་བསྒོམ་པ་ཅིན་ རང་གི་ལུས་དང་ལོངས་སྤྱོད་ག་ར་ མི་རྟག་པ་འགྱུར་བའི་རང་བཞིན་སྙིང་པོ་མེདཔ་མ་ཤེས་པའི་དབང་གིས་ རང་གི་རྒྱུད་ལུ་ཡོད་པའི་འདོད་ཆགས་ཞེ་སྡང་ལ་སོགས་པ་དུག་ལྔ་དུག་གསུམ་ཚུ་ཡར་འཕེལ་ཏེ་ དད་པ་ཡིད་ཆེས་ཚུ་མ་བསྐྱེདཔ་ལས་ ནམ་ཡང་འཁོར་བའི་སྡུག་བསྔལ་ལས་ཐར་བའི་གོ་སྐབས་མེདཔ་ཨིནམ་ད་ མི་རྟག་པ་དེ་བསྒོམ་པ་ཅིན་ ལུས་དང་ལོངས་སྤྱོད་ག་ར་ མི་རྟག་པའི་རང་བཞིན་སྙིང་པོ་མེདཔ་ཧ་གོ་སྟེ་ འདི་ཚུ་ལུ་ཆགས་པ་ལ་སོགས་པ་དུག་ལྔ་དུག་གསུམ་ཚུ་མར་ཕབ་སྟེ་ དད་པ་ཡིད་ཆེས་བསྐྱེད་དེ་ཆོས་བསྒྲུབས་ མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་ནི་གི་ཕན་ཡོན་སྦོམ་ཡོདཔ་ཨིན་མས།

Sermons on impermanence are commonly given by khenpos, lamas, and teachers in monasteries and religious events. Here, he mainly focuses on three different fields that comprise the introduction to the idea of impermanence, the practice visualization, and the benefits using visualization to reflect on the impermanence of life. He discusses the impermanence of beauty and wealth based on the example of the full moon and complete darkness. Even though during the full moon the sky is bright, it does not last forever, he explains. He focuses subsequently on how to practice visualization. He says that the benefit of visualization is to understand the empty essence of wealth and beauty. Such understanding leads to the reduction of attachments and places one on the path of dharma.

Transcript search
No results found for this search
0 of 0
  • བསོད་ནམས་རྡོ་རྗེ། Sonam Dorji
    ཨོཾ་སྭོསྟི། སྙིང་རྗེ་ཆེན་པོ་རྩོད་ལྡན་སྙིགས་མའི་ཞིང་ །བཟུང་ནས་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ། ། པད་དཀར་ལྟར་བསྔགས་མཚན་དཔེ་ཕྱིར་མི་ལྡོག །སྟོན་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །
    Om so ti!་ Grace with compassion, where the times has been harsh. For that, Lets me pray graciously, 500 times. You, who is like a lotus who is adorned with all the auspicious features, who, none would argue. The graceful Buddha, I bow to you.
  • བསོད་ནམས་རྡོ་རྗེ། Sonam Dorji
    ་་་་་་། །་་་་རང་བཞིན་ལྷུན་གྱིས་གྲུབ། །
    Attain it with natural forces.
  • བསོད་ནམས་རྡོ་རྗེ། Sonam Dorji
    དོན་ཚན་དང་པ་ོ མི་རྟག་པ་ཟེར་མི་འདི་ ག་བཟུམ་ཅིག་ལུ་སླབ་ཨིན་ན། གཉིས་པ་མི་རྟག་པ་ཟེར་མི་འདི་ ག་དེ་སྦེ་སྒོམ་དགོཔ་ཨིན་ན། གསུམ་པ་མི་རྟག་པ་འདི་སྒོམ་པ་ཅིན་ ཕན་ཡོན་ག་དེ་སྦེ་ཡོདཔ་ཨིན་ན། མ་སྒོམ་པ་ཅིན་ཉེས་དམིགས་ག་དེ་སྦེ་ཡོདཔ་ཨིན་ན། མདོར་བསྡུས་ཅིག་ཞུ་ནི་ཨིན་ཟེར་ ཞུ་ནི་ཨིན་ལགས།
    The topic is about impermanance. firstly! What is Impermanance? Secondly, How do you contemplate Impermanance? Thirdly, If you comtemplate impermanance, what are the advantages for it? If you don't, What will be the consequences of it? I shall now, discuss this very briefly.
  • བསོད་ནམས་རྡོ་རྗེ། Sonam Dorji
    མི་རྟག་པ་ཟེར་མི་འདི་ ག་བཟུམ་ཅིག་ལུ་སླབ་སྨོ་ཟེར་བ་ཅིན་ ་་་་་འགྱུར་ནིའི་རང་བཞིན་ཅིག་ལུ་ མི་རྟག་པ་ཟེར་སླབ་ཨིན། དཔེ་འདྲཝ་ཅིག་ཞུ་བ་ཅིན་ ཡར་ངོའི་ཟླ་བ་འདི་ ་་་་་འོད་ཆེམ་ཆེ་སྦེ་མཐོང་རུང་ར་ མར་ངོའི་དུས་ལུ་ འོད་འདི་ཚུ་རང་བཞིན་གྱིས་མེདཔ་འགྱོ་དོ་བཟུམ་ཅིག་ལུ་ སླབ་ཨིན་ཟེར་ཞུ་ནི་ལགས།
    Impermannance means anything, which is bound to change. For instances, The phase of moon to it's full size, During those nights, the moon beams are so radiant. During the phase when it's size reduces, The beams just fades away naturally. Such change is called Impermanance.
  • བསོད་ནམས་རྡོ་རྗེ། Sonam Dorji
    བསགས་པའི་མཐའ་ནི་ཟད་པ་དང་ །་་་་་་་། །དེ་རྣམས་ཐམས་ཅད་མི་རྟག་པ་ཟེར་ གསུངས་ནུག་ཟེར་ཞུ་ནི་ཨིན།
    The consequences, of accumulating is wearing off. Everything is bound to impermanance.
  • བསོད་ནམས་རྡོ་རྗེ། Sonam Dorji
    ད་གཉིས་པ་ མི་རྟག་པ་ཟེར་མི་ཧ་གོ་བ་ཅིན་ ག་ཅི་འབདཝ་གོ་ཟེར་བ་ཅིན་ ་་་་་ཟེར་ཞུ་ནི་ཨིན་ལགས། ་་་་་་ག་བཟུམ་ཅིག་སྨོ་ཟེར་བ་ཅིན། དཔེར་ན་ མི་འདི་གནམ་མེད་ས་མེད་ཁ་སྐོམ་སྦེ་ ཁ་སྐོམ་སངས་ནིའི་དོན་ལུ་ ག་ཅི་འབད་དགོཔ་སྨོ་ཟེར་བ་ཅིན་ ཆུ་འཐུང་དགོ།
    Secondly, After understanding What impermanance is, What we should be doing is, For instance, A person is very thirsty, so what should he do? He should be drinking water.
  • བསོད་ནམས་རྡོ་རྗེ། Sonam Dorji
    དཔེ་འདི་བཟུམ་སྦེ་ མི་རྟག་པ་འདི་ཤེས་དགོ་པ་ཅིན་ མི་རྟག་པ་འདི་ངེས་པར་དུ་དགོ་པས་ཟེར་ཞུ་ནི་ཨིན། གཉིས་པ་མི་རྟག་པ་ཟེར་མི་འདི་ མི་རྟག་པ་སྒོམ་ཚུལ་འདི་ལུ་ཡང་ གཉིས་ཡོད་ཟེར་ཞུ་ནི་ཨིན། གཉིས་འདི་ག་ཅི་རང་སྨོ་ཟེར་བ་ཅིན་ འཆི་གནས་ཀྱི་མི་རྟགས་པ་དང་ སངས་རྒྱས་ཀྱི་མི་རྟགས་པ་སྒོམ་པ་དང་། འཆི་གནས་སེམས་ཅན་མི་རྟགས་པ་སྒོམ་པ་གཇིས་ཡོད་ཟེར་ཞུ་ནི་ཨིན།
    Just like this example. If you want to know impermanance, then The existence of the impermanance is necessary. Ther is two ways to comtemplate impermanance. They are called 1. Chi Ney gi Mitakpa and 2. Sangay gi Mitakpa.
  • བསོད་ནམས་རྡོ་རྗེ། Sonam Dorji
    ཕྱི་གནས་ཀྱི་འཇིག་རྟེན་མི་རྟགས་པ་ག་དེ་སྦེ་སྒོམ་སྨོ་ཟེར་བ་ཅིན་ ཕྱི་གནས་ཀྱི་འཇིག་ཟེར་མི་འདི་ དང་པོ་ག་ཅི་ལུ་སླབ་སྨོ་ཟེར་བ་ཅིན་ ད་ལྟོ་ང་བཅས་གནས་སྐབས་ཅིག་གི་ ཚོར་བ་འབྱུང་ས་ལུ་སླབ་ཨིན་ཟེར་ཞུ་ནི་ཨིན་ལགས།
    Chi ney gi mitakpa , is the feelings evoking right this instant, anything related to this life.
  • བསོད་ནམས་རྡོ་རྗེ། Sonam Dorji
    གཞི་གཅིག་བཞག་པ་ཅིན་ ཁྱིམ། ག་རི། ཏི་རུ་འདི་ཚུ་་་་ཞུ་ནི་ཨིན་ལགས། ཕྱི་གནས་འཇིག་རྟེན་གྱི་མི་རྟགས་པ་སྒོམ་ཚུལ་ཡང་ གཞི་གཅིག་བཞག་སྟེ་ཞུ་བ་ཅིན།
    For example, house, vehicle, money, this is it. If I base the comtemplation to an example...
  • བསོད་ནམས་རྡོ་རྗེ། Sonam Dorji
    བཟོ་ཁྱིམ་རྐྱབ་པ་ཅིན་ བཟོ་མཁས་དྲག་གཅིག་གིས་རྐྱབ་དགོ། ལྷ་བྲིསཔ་ཚུ་གི་ཁྱིམ་འདི་མཛེས་ཏོག་ཏོ་བཟོ། ནམ་གཅིག་གི་ཚེས་འབྱུང་བ་བཞི་གི་རྐྱེན་འདི་འཁྲུགས་འོང་པའི་སྐབས་ལུ་ ་་་་་་་ཁྱིམ་འདི་ཚུ་ཡང་ རང་བཞིན་གྱིས་འཚིག་གཏང་འོང་ཟེར་མནོ་བསམ་གཏང་དགོ་ཟེར་ཞུ་ནི་ཨིན།
    When we built house, it should be built by carpenters and the painters will paint the house beautifully. But one day, when the natural causes happen, the house is bound to fall, This is how we should be contemplating.
  • བསོད་ནམས་རྡོ་རྗེ། Sonam Dorji
    གཉིན་པ་རླུང་གི་འཇིགས་པ་འདྲཝ་ཨིན་པ་ཅིན་ ་་་་་རང་བཞིན་གྱིས་མེད་པ་ཐོར་གཏང་འོང་ཟེར་ མནོ་བསམ་གཏང་དགོ་ཟེར་ཞུ་ནི་ཨིན། ཆུ་གི་འཇིགས་པ་འོང་པ་ཅིན་ རང་བཞིན་གྱིས་གེ་ར་ཤིག་གཏང་འོང་ཟེར་ མནོ་བསམ་གཏང་དགོ་ཟེར་ཞུ་ནི་ཨིན་ལགས།
    Secondly, If there is a storm, ,It will be naturally destroyed. Like wise, If there is flood, it will be ruined by the water. This is how we shoudl think.
  • བསོད་ནམས་རྡོ་རྗེ། Sonam Dorji
    ས་ཡོམ་གྱི་འཇིགས་པ་འོང་པ་ཅིན་ ཁྱིམ་ཚུ་རྩ་བ་ལས་མེད་པ་ཤིག་གཏང་འོང་ཟེར་ མནོ་བསམ་གཏང་དགོ་ཟེར་ཞུ་ནི་ཨིན། གཉིས་པ་ ་་་་་མི་རྟག་པ་ག་དེ་སྦེ་སྒོམ་ནི་སྨོ་ཟེར་བ་ཅིན།
    If there is an erthquake, It will be destroyed from the base. That's it.
  • བསོད་ནམས་རྡོ་རྗེ། Sonam Dorji
    ་་་་མི་རྟག་པ་སྒོམ་ཚུལ་འདི་ཡང་ དཔེ་རང་ལུ་བལྟ་སྟེ་མི་རྟག་པ་སྒོམ་ནི་དང་ ་་་་་གཞན་ལུ་བལྟ་སྟེ་མི་རྟག་པ་སྒོམ་ནི་གཉིས་ཨིན་ཟེར་ཞུ་ནི་ཨིན། རང་ལུ་བལྟ་སྟེ་མི་རྟག་པ་ག་དེ་སྦེ་སྒོམ་ནི་སྨོ་ཟེར་བ་ཅིན་ ང་བཟུམ་གྱི་འཇིག་རྟེན་པ་ ་་་་་ནམ་ཅིག་གི་ཚེ་ངེས་པར་དུ་ཤི་དགོ་ཟེར་མནོ་བསམ་གཏང་དགོ། ནམ་ཅིག་གི་ཚེ་ཤི་དགོ་ཟེར་མནོ་བསམ་གཏང་དགོ་ཟེར་ཞུ་ནི་ཨིན་ལགས།
    Contemplate impermanance by looking at yourself. by looking at others. Thinking that one day, I will die is how you comtemplate impermanace by looking at oneself.
  • བསོད་ནམས་རྡོ་རྗེ། Sonam Dorji
    དེ་་་་ད་ལྟོ་རང་ལུ་བཀའ་དྲིན་ཆེ་བའི་ཕ་མ་ སློབ་དཔོན་ ་་གཉེན་ཉེཝ་དེ་ཚུ་ ་་་་་དེ་ཚུ་ཡང་ཨ་རྟག་རང་དང་ཆ་སྡོད་ནི་མེད་ ཁ་འབྱེལ་བའི་མནོ་བསམ་གཏང་སྟེ་སྒོམ་དགོ་ཟེར་ཞུ་ནི་ཨིན་ལགས།
    We cannot stay with our beloved parents, our teachers, relatives and siblings, always, together. Someone, we are bound to go seperate ways from them, and this is how we contemplate impermanance by looking at oneself.
  • བསོད་ནམས་རྡོ་རྗེ། Sonam Dorji
    དེ་ཡང་སྐྱེ་བུ་དམ་པ་ཚུ་གིས་ ག་དེ་སྦེ་གསུངས་བཞག་ནུག་ཟེར་བ་ཅིན་ ་་་་་ཟེར་གསུང་ནུག་ཟེར་ཞུ་ནི་ཨིན་ལགས།
    This is how the enlightened ones has said to comtemplate.
  • བསོད་ནམས་རྡོ་རྗེ། Sonam Dorji
    གཉིས་པ་དཔེ་གཞན་ལུ་བལྟ་སྟེ་གིས་ མི་རྟག་པ་ག་དེ་སྦེ་སྒོམ་དགོཔ་སྨོ་ཟེར་བ་ཅིན་ སྤྱིར་གཏང་འཇིག་རྟེན་པའི་དཔེ་གཏམ་ལུ་ཡང་བཤད་ནི་འདུག་ མི་རང་བཟུམ་ཕལ་པ་གིས་་་་་་དཔེ་བཟུམ་ཅིག་ཞུ་བ་ཅིན་ ་་་འབྱུང་བ་བཞི་གི་ ་་་་་་ཟེར་ཞུ་ནི་ཨིན་ལགས།
    And contemplation of impermanance by looking at others is
  • བསོད་ནམས་རྡོ་རྗེ། Sonam Dorji
    དེ་འབད་ནི་དེ་གིས་ རོགས་སྐྱེ་བུ་དམ་པ་ དུག་རྩུབ་ འདོད་ཆགས་ ཞེ་ལྡང་ ཏི་མུག་མེད་པར་ཚུ་ཡང་ཤི་བ་ཅིན་ རང་བཟུམ་སྐྱེ་བ་སྨན་པ་ འདོད་ཆགས་ ཞེ་ལྡང་ ཏི་མུག་ཡོད་མི་ཚུ་དེ་ ག་ཅི་སྦེ་ མི་ཤི་ནི་ཟེར་མནོ་བསམ་གཏང་དགོ་ཟེར་ ཞུ་ནི་ཨིན་ལགས། The ones with bodhichitta heart, who doesn't have the anger, greed or jealousy, they are also prone to death, then us, an ordinary being, poisoned by anger, greed and jealousy, is bound to die, is how one should comtemplate impermance by looking at others.
  • བསོད་ནམས་རྡོ་རྗེ། Sonam Dorji
    དེ་ཡང་སྐྱེ་བུ་དམ་པ་ ་་་་ག་དེ་སྦེ་གསུངས་བཞག་ནུག་ཟེར་བ་ཅིན་ ་་་་་།ཟེར་གསུང་བཞག་ནུག་ཟེར་ཞུ་ནི་ཨིན་ལགས།
    That's how it's being told.
  • བསོད་ནམས་རྡོ་རྗེ། Sonam Dorji
    ད་གསུམ་པ་ མི་རྟག་པ་སྒོམ་པ་ཅིན་ ཕན་ཡོན་ག་དེ་སྦེ་ཡོད་གོ་ཟེར་བ་ཅིན་ མདོར་བསྡུས་ཅིག་ཞུ་བ་ཅིན་ མི་རྟག་པ་འདི་སྒོམ་པ་ཅིན་ རང་གི་སྡུག་བསྔལ་མངོན་པོའི་རྒྱུ་ འདོད་ཆགས་ ཞེ་ལྡང་ ཏི་མུག་ཚུ་ རང་བཞིན་གྱིས་མར་མེད་པར་འགྱོ་དོ་ ་་་་་་དུས་ཨ་རྟག་ར་ ་་་མནོ་བསམ་གཏང་ཟེར་ཞུ་ནི་ཨིན་ལགས།
    If I brief on the advantages of comtemplating impermanance, the basis of our sufferings caused by anger, jealousy and greed, these poisons of mind will reduce.
  • བསོད་ནམས་རྡོ་རྗེ། Sonam Dorji
    མི་རྟག་པ་མ་སྒོམ་དགོ་པ་ཅིན་ རང་གི་བརྒྱུད་ལ་སྡུག་བསྔལ་ འདོད་ཆགས་ཞེ་ལྡང་ ཏི་མུག་ཚུ་རང་བཞིན་གྱི་ཡར་ཕེལ་ཏེ་ ་་་དུས་ཨ་རྟག་རང་་་་ཟེར་ཞུ་ནི་ཨིན།
    And if you don't contemplate, these poisons would rather increase.
  • བསོད་ནམས་རྡོ་རྗེ། Sonam Dorji
    དཔེ་བཟུམ་ཅིག་ཞུ་བ་ཅིན་ ཨའི་གཅིག་ལུ་ བུམོ་ཕུད་རྡོ་གཅིག་འགལ་མེད། ཨའི་གིས་བུམོ་ལུ་གནམ་མེད་ས་མེད་ཕང་ཕང་སྦེ་ འབད་འོང་ཟེར་ཞུ་ཨིན་ལགས།
    For instance, A single mother has a daughter. The mother really cares for the daughter.
  • བསོད་ནམས་རྡོ་རྗེ། Sonam Dorji
    ་་་་་་་ག་ཅི་སྦེ་ཟེར་བ་ཅིན་མི་རྟག་པ་མ་སྒོམ་ནི་དེ་གིས་ཟེར་ཞུ་ནི་ཨིན་ལགས།
    That's 'cause she contemplates impermanance.
  • བསོད་ནམས་རྡོ་རྗེ། Sonam Dorji
    དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་། ཁ་རྣམས་ཡོངས་ལ་བདེ་སྐྱིད་འབྱུང་བ་དང་། བདག་གཞན་མ་ལུས་རྫོགས་སངས་་་ནས། །མྱུར་དུ་སངས་རྒྱས་ས་ལ་འགོད་པར་ཤོག།
    Let the life of the glorious Lama be consistent. Let all the sentient beings be graced with peace and comfort. Let none including me and others be left for the enlightenment. At the end, let everyone attain the buddhahood.