Skip to main content Skip to search
03 Feb 2016
6 min 55 sec
Video Overview
Creators: 
Norzin Lhamo

སྒང་སྟེང་བཤད་གྲྭའི་མཁན་པོ་ སེང་གེ་རྡོ་རྗེ་གིས་བཤད་དོ་བཟུམ་སྦེ་ ནང་པ་སངས་རྒྱས་པའི་ལུགས་ལས་ ང་བཅས་ར་ རང་རང་སོ་སོ་ ག་ཨིན་ཏེ་འབད་རུང་ སངས་རྒྱས་དགོ་པ་ཅིན་ བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིསཔོ་དེ་གསག་དགོཔ་ཨིན་པས། ཚོགས་གཉིསཔོ་དེ་ ག་དེ་སྦེ་གསག་དགོཔ་སྨོ་ཟེར་བ་ཅིན་ ལུས་དང་ངག་གི་སྒོ་ལས་ཕྱག་མཆོད་བསྐོར་བ་ལ་སོགས་པ་རྐྱབ་སྟེ་ བསོད་ནམས་ཀྱི་ཚོགས་གསག་དགོ་ནི་དང་ བླམ་སློབ་དཔོན་མཁན་པོ་ཚུ་ལས་གདམས་ངག་ཚུ་ཞུ་སྟེ་ སྒོམ་ཉམས་ལེན་འབད་དེ་ཡེ་ཤེས་ཀྱི་ཚོགས་གསག་དགོ་ནི་ཨིནམ་ལས་ ང་བཅས་ར་ ལས་དང་པོ་པ་ཚུ་གི་དབང་དུ་བཏང་པ་ཅིན་ ཧེ་མ་ར་ ལུས་ཀྱི་སྒོ་ལས་ཕྱག་མཆོད་ཕུལ་ཏེ་ བསོད་ནམས་ཀྱི་ཚོགས་དེ་གསག་དགོ་ནི་ཨིན་པས། མཆོདཔ་གི་རིགས་ལེ་ཤ་ཡོད་པའི་གྲས་ལས་ ང་བཅས་ར་ དུས་རྒྱུན་དུ་མཆོདཔ་ཕུལ་དོ་ཡོད་མི་ ཏིང་བདུན་ཚར་གཅིགཔོ་དེ་ རབ་འབྱུང་པ་ཅིན་ གསེར་དངུལ་ལ་སོགས་པ་རིན་པོ་ཆེའི་རིགས་ལས་གྲུབ་གྲུབ་དང་ མེན་ཏེ་འབད་རུང་ རང་གི་ལྕོགས་གྲུབ་དང་བསྟུན་ཏེ་ ག་ཅི་འབད་རུང་ཅིག་ལུ་ ཆུ་ཧིང་སང་ས་ཅིག་ཕུལ་རུང་ བསོད་ནམས་ཀྱི་ཚོགས་གསག་ནི་གི་རྒྱུ་ཨིནམ་བཞིན་དུ་ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གིས་ བོད་ལུ་ཡོད་པའི་ཆུ་འདི་ རྒྱ་གར་ནང་བཟུམ་སྦེ་ཁམ་ལོག་སི་སི་གི་ཆུ་མེནམ་ལས་ དྲི་བཟང་ག་བུར་ལ་སོགས་པའི་སྨན་ཚུ་མ་བཏབ་རུང་ ཆུ་རྐྱངམ་ཅིག་ཕུལ་རུང་བཏུབ་པས་ ཟེར་གསུངས་ཏེ་ཡོདཔ་ཨིན་མས། དེ་འབདཝ་ལས་ ང་བཅས་ར་ འབྲུག་རྒྱལ་ཁབ་ལུ་ཡང་ ཆུ་འདི་ཚུ་ ན་ལས་ར་འཐོན་ཐོནམ་འབད་ནི་དེ་གིས་ ག་ནི་བ་གཙང་ཏོག་ཏོ་ ཧིང་སང་ས་སྦེ་ཡོདཔ་ལས་ ཆུའི་མཆོད་པ་ཅིག་ཕུལ་རུང་ ཕན་ཡོན་སྦོམ་སྦེ་ཐོབ་ནི་གི་གོ་སྐབས་འདུག།

Khenpo Singay Dorji from Gangteng Shedra explains that one needs to accumulate merit and wisdom in order to attain enlightenment. According to the Buddhist viewpoint, merit is acquired through body and speech in practices such as prostration, offering, and circumambulation. Wisdom is acquired through meditation and practices, as well as by receiving teachings and instruction from spiritual teachers. For beginners, first one needs to accumulate merit by doing prostration and making offerings. As explained by the khenpo, the offering of water in seven bowls is a beginner’s practice for accumulating merit.

 

Transcript search
No results found for this search
0 of 0
  • མཁན་པོ་སེང་གེ། Khenpo Singay
    ད་ང་བཅས་ར་མི་ག་ར་འབད་རུང་ཡང་ བསོད་ནམས་ཀྱི་ཚོགས་འདི་བསགས་དགོ་པས། ཏེ་བསོད་ནམས་ཀྱི་ཚོགས་འདི་བསགས་འོངམ་ད་ལུ་ ང་བཅས་ར་གི་ཁྱིམ་ནང་ལུ་ དེ་ལསན་ ཏེ་ད་མཆོདཔ་ཕུལ་ཐངས་འདི་ཚུ་ དེ་ལས་གཅིག་ མནོ་བསམ་གཏངམ་འདྲཝ་ཅིག་འབད་བ་ཅིན་ མཆོདཔ་གསེས་མི་འདི་ག་དེ་སྦེ་ཕུལ་དགོཔ་སྨོ།
    Presently; for whosoever we are accumulation of merits is mandatory.Therefore to accumulate merits it is responsible from your home itself of how you do the water for offering(choep)and your intention of doing it.
  • མཁན་པོ་སེང་གེ། Khenpo Singay
    ད་འ་ནི་འདི་ ག་དེ་སྦེ་སྨོ་གསེས་བ་ཅིན་ དེ་ལས་མཆོདཔ་འདི་ ད་དང་པོ་རང་མཆོདཔ་ཕུལ་བའི་གནས་སྐབས་ན་ཨིན་དེ་འབད་རུང་ཡང་ ད་ཏིང་བདུན་ཚར་གཅིག ད་ཏིང་བདུན་ཚར་གཅིགཔོ་འདི་ཡང་ རབ་བྱུང་པ་ཅིན་ ཏེ་གསེར་དང་དངུལ་གྱི་ཏིང་དགོ་པས།
    So when we are at the moment of doing the water for offering,the seven bowl made of silver or other metal should be made out of gold and silver if possible.
  • མཁན་པོ་སེང་གེ། Khenpo Singay
    འདི་མེན་དེ་འབད་རུང་ཡང་ཟངས། འདི་མེན་དེ་འབད་རུང་ཡང་ ཏེ་ད་རྒྱུ་ག་ཅི་ཡོད་མི་ཅིག་ རང་གི་ནང་ལུ་ལྕོགས་གྲུབ་ག་ཅི་ཡོད་མི་ཅིག འ་ནི་གིས་འབད་སྦེ་ཞིནམ་ལས་ ད་འདི་ཚུ་ཡང་མཆོདཔ་ཕུལ་བའི་སྐབས་སུ་ཨིན་དེ་འབད་དེ་འབད་རུང་ཡང་ ད་ང་བཅས་ར་གི་མཆོད་བཤམ་འདི་ཚུ་ལེགས་ཤོམ་སྦེ་འཕྱགས།
    or if not it can be also made out off copper.If not it can be made out off anything as far our wealth and abilty.During the time of water for offering(choep) the altar should be kept throughly clean.
  • མཁན་པོ་སེང་གེ། Khenpo Singay
    མཆོད་བཤམ་འདི་ཚུ་ལེགས་ཤོམ་སྦེ་འཕྱགས་ཚར་བའི་མཐའ་མ་ལུ་ ཏིང་འདི་ཚུ་ཡང་ལེགས་ཤོམ་སྦེ་འཕྱགས་སྦེ་ཞིནམ་ལས་ དེ་ལས་ དེ་ཡང་བདེ་ཏོག་ཏོ་སྦེ་ གྱལ་འཕྲང་ཏོག་ཏོ་སྦེ་ དེ་ལས་བར་ན་ལུ་ ཏེ་ནས་རྡོག་གང་གང་བཞག་སྦེ།
    After keeping the altar clean, we should also keep the 7 bowl clean,straight and well maintained.A gap of 1 barley grain should be kept among the bowl.
  • མཁན་པོ་སེང་གེ། Khenpo Singay
    ཏེ་ས་སྟོང་འདི་སྦོམ་དྲག་ནི་མི་འོང་། དེ་ལས་མར་བསྡམས་དྲག་ནི་མི་འོང་། ཏེ་བར་ན་ས་སྟོང་འདི་ ཏིང་གཉིས་ཀྱི་བར་ན་ལུ་ས་སྟོང་ག་དེ་རེ་བཞག་ནི་སྨོ་གསེས་བ་ཅིན་ ནས་རྡོག་གང་གང་བཞག་ནི་ཨིན།
    The gap shouldnot be more,it shouldnot be congested and the gap between two bowl should be of a single barley grain.
  • མཁན་པོ་སེང་གེ། Khenpo Singay
    ད་འ་ནི་གང་གང་ ནས་རྡོག་གང་གང་བཞག་སྦེ་ཞིནམ་ལས་ མཆོདཔ་འདི་ ད་དེ་སྦེ་ཕུལ་དགོ། ཏེ་མཆོདཔ་ཕུལཝ་ད་ལུ་ཡང་ ཏེ་མཆོདཔ་ཕུལ་བའི་གི་ཆུ་འདི་ཚུ་ཡང་ དེ་ལསན་ཏེ་ རབ་བྱུང་པ་ཅིན་ དྲི་བཟང་ག་བུར་ལ་སོགས་པ་བཏབ་སྟེ་གིས་སྦེ་ སྨན་འདི་ཚུ་བཏབ་སྟེ་གིས་སྦེ་ དེ་སྦེ་ཡང་དགོཔ་མས། དེ་སྦེ་མེན་དེ་འབད་རུང་ཡང་ ང་བཅས་ར་གི་ཆུ་གཙང་ཏོག་ཏོ་ཅིག།
    keeping the distance of single barley grain,water for offering should be done.while doing the water for offering its good if one could add sweet smell camphor and other medicine.If not possible we should use the pure water.
  • མཁན་པོ་སེང་གེ། Khenpo Singay
    ཏེ་ཆུ་གཙང་ཏོག་ཏོ་འདི་ཡང་ ཕུལཝ་ད་ལུ་ཡང་ དེ་ལས་མཆོད་པའི་གི་ཏིང་དེ་ཡང་ འབྱུར་ཡང་མ་འབྱུརཝ་ཅིག་ དེ་ལསན་མར་མ་གང་པ་ ཕྱེད་ཀ་ཡང་བཞག་ནི་མེདཔ་ཅིག་སྦེ་ དེ་ལས་ཡར་མ་གངམ་ཅིག་སྦེ་ དེ་སྦེ་ཕུལ་དགོ།
    while pure water is used for water for offering it shouldnot be fully filled,it shouldnot be kept lesser,it shouldnot be half filled rather It should be filled as per the required amount.
  • མཁན་པོ་སེང་གེ། Khenpo Sing
    དེ་ལསན་ཏེ་མཆོད་པའི་གི་ཆུ་འདི་གནམ་མེད་ས་མེད་གི་(ཀྱི་) ཏེ་ད་ང་བཅས་ར་གི་བསོད་ནམས་ཀྱི་ཚོགས་གཞན་སྒྲུབ་མ་ཚུགས་ཏེ་འབད་རུང་ཡང་ རང་གི་ཁྱིམ་ནང་མཆོདཔ་ཅིག་ ལེགས་ཤོམ་སྦེ་ཕུལ་ད་དེ་འབད་རུང་ཡང་ དེ་གི་བསོད་ནམས་ཀྱི་ཚོགས་འདི་རྫོགས་ཚུགས།
    Though we cant accumulate merits through other means,we can accumulate merits by doing a single water for offering properly and perfectly at home.
  • མཁན་པོ་སེང་གེ། Khenpo Singay
    དཔེ་བཞག་པ་ཅིན་ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གིས་ བོད་ལུ་འབྱོན་པའི་སྐབས་སུ་ལུ་ ཏེ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གིས་ ག་དེ་སྦེ་གསུངས་ནུག་གོ? གསེས་བ་ཅིན་ བོད་ཀྱི་མི་འདི་ཚུ་ བསོད་ནམས་ཀྱི་ཚོགས་བསགས་ནི་འདི་ ཆུ་རྐྱངམ་ཅིག་གིས་བཏུབ་པས་གསེས།
    Citing an example,Lord master Paldhen Atisha while visting Tibet addressed, "People of Tibet can accumulate merits just through water,
  • མཁན་པོ་སེང་གེ། Khenpo Singay
    ཏེ་རྒྱུ་མཚན་ག་ཅི་སྨོ་གསེས་བ་ཅིན་ རྒྱ་གར་ནང་ལུ་ཆུ་ལེགས་ཤོམ་མེད། ཆུ་ག་ར་ཚྭ་ཁོག་ཁོ་ཙང་ཙ། མར་རྒྱ་མཚོ་གི་ཆུ་འབད་ནི་དེ་གིས་ ག་ར་ཚྭ་ཁོག་ཁོ་ཙང་ཙ་ཨིན། བོད་ཀྱི་ཆུ་འདི་གནམ་མེད་ས་མེད་ཀྱི་ལེགས་ཤོམ་ཙང་ཙ་འདུག དེ་འབདཝ་ལས་རྟེན་ཏེ་གིས་སྦེ་ ཏེ་བསོད་ནམས་ཀྱི་ཚོགས་བསགས་ནི་གི་དོན་ལུ་ ཆུ་གཅིག་གིས་རང་བཏུབ་པས་གསེས་ དེ་སྦེ་གསུངས་ནུག།
    because water in India are not pure as it is salty being originated from sea water.Water in Tibet are all very pure, therefore, accumulation of merits is possible through water itself.
  • མཁན་པོ་སེང་གེ། Khenpo Singay
    ད་འ་ནི་འབདཝ་ད་ལུ་ ང་བཅས་རགི་ཆུ་འདི་ ཧིང་སངས་ས་སྦེ་དེ་སྦེ་ཕུལཝ་འདྲཝ་ཅིག་འབད་བ་ཅིན་ བཏུབ་པས། ད་འ་ནི་ང་བཅས་སྤྱིར་བཏང་གི་ འཇིག་རྟེན་མི་གནག་པ་འདི་ཚུ་གིས་ ད་དེ་སྦེ་ཕུལ་ཐངས་འདི་ཚུ་ གཙོ་བོ་འ་ནི་ཨིན་པས།
    Thats why using the clean water for the water for offering will be good for ordinary laymen.
  • མཁན་པོ་སེང་གེ། Khenpo Singay
    ཏེ་ང་བཅས་ར་གི་ ད་ང་བཅས་ ད་བླམ་ཆོསཔ་འདི་ཚུ་གིས་ ཏེ་ད་ཆོ་ག་འདི་ཚུ་གཏང་ ད་འདི་ཚུ་གི་གནས་སྐབས་ན་འབད་བ་ཅིན་ ཏེ་མཆོད་ཡོན། ཞབས་བསིལ། མེ་ཏོག དུག་སྤོས། མར་མེ། དྲི་ཆབ། ཞལ་ཟས་གསེསཝ་ད་ དེ་སྦེ་ཕུལ་ནི་ཡང་ཡོད།
    But for a lama and monk while performing ritual use drinking water, water for cooling the feet, flowers, incense, butter lamp, scented water and sacrificial cake for offerings.
  • མཁན་པོ་སེང་གེ། Khenpo Singay
    ད་འ་ནེ་སྦེ་འབདཝ་ད་ལུ་ འདི་གི་གནས་སྐབས་ན་ལུ་ཡང་ ཧེ་མ་རང་མཆོདཔ་བདུན་ཚར་གཅིག་གི་ནང་ལུ་ ཧེ་མ་རང་ཆུ་གཉིས་བཀང་དགོ། དེ་ལསན་ཏེ་ གསུམ་པ་འདི་ཁ་ལུ་ མེ་ཏོག་་་་་ མེ་ཏོག་་་་་་ མེ་ཏོག་བཙུགས་དགོ། བཞི་པ་འདི་ཁ་ལུ་ སྤོས་བཙུགས་དགོ། ལྔ་པ་འདི་ཁ་ལུ་ དེ་ལསན་ དཀར་མེ། དྲུག་པ་འདི་ཁ་ལུ་ དེ་ལསན་ད་རུང་ཆུ་ཨིན། བདུན་པ་འདི་ཁ་ལུ་ཞལ་ཟས་གཅིག་བཙུགས་སྦེ་ཞིནམ་ལས་ ད་འ་ནེ་སྦེ་འབདཝ་ད་ལུ་ འདི་ལུ་མཆོད་ཡོན། ཞབས་བསིལ། མེ་ཏོག དུག་སྤོས། མར་མེ། དྲི་ཆབ་གསེས། ཞལ་ཟས་གསེས།
    So during that period of offering, in the first 2 bowl we should fill the water, third bowl should be filled with flowers, fourth one should be filled with incense, fifth one should be filled with butter lamp, sixth one shold be filled again with water and seventh one should be filled with sacrificial cakes.So its termed as drinking water, water for cooling the feet, flowers, incense, butter lamp, scented water and sacrificial cakes.
  • མཁན་པོ་སེང་གེ། Khenpo Singay
    ཏེ་དང་པོ་མཆོད་ཡོན་གསེས་མི་འདི་ དང་པོ་ཆུ་བཀངམ་ད་ལུ་ ཆུ་དང་པོ་འདི་ག་ཅི་ལུ་ ག་ཅི་ལུ་་་་ ག་ཅི་གོཝ་སྨོ་གསེས་བ་ཅིན་ ཆུ་དང་པོ་འདི་་་་ ཆུ་དང་པོ་འདི་ ང་བཅས་ར་གི་ལྷ་འདི་ཚུ་གི་བཞེས་ལུ་ཡང་ཕུལ་ནི་གི་ཨིན། མཆོད་ཡོན་གསེས་མི་འདི།
    Firstly the drinking water while filling is termed as drinking water because this water are offered to god if they take.
  • མཁན་པོ་སེང་གེ། Khenpo Singay
    ཏེ་ཆུ་གཉིས་པ་འདི་ ལྷ་འདི་ཚུ་གི་ ང་བཅས་ར་གིས་འབད་བ་ཅིན་ ཕྱག་དང་ཞབས་ལ་སོགས་པ་འཁྱུ་ནི་གི་དོན་ལས་ཨིན། དེ་ལས་གསུམ་པ་འདི་ མེ་ཏོག་ཨིན། མེ་ཏོག་འདི་ཡང་ དེ་ལས་ང་བཅས་ར་གི་་་་ མེ་ཏོག་འདི་ཡང་ང་བཅས་ར་གི་ ད་ལྡུམ་རའི་ནང་ལས་ག་ཅི་སྐྱེས་མི་ དེ་ལསན་ ད་ད་རིས་ནངས་པ་ ངོ་མ་འདི་ཙང་་་་་ ཙམ་པ་ཀའི་མེ་ཏོག་འདི་བཙུགསཔ་མས།
    Second water as per the god for us are used for washing our hand and foot. The third is flowers,any available flower from garden can be offered but this days as magnolia michelia champaka is mostly planted can be use for offering.
  • མཁན་པོ་སེང་གེ། Khenpo Singay
    ཏེ་འདི་མེན་དེ་འབད་རུང་ཡང་ རང་གི་གནམ་བྱཱར་་་་ དགུན་བཟུམ་ཅིག་་་་་ གནམ་བྱཱར་བཟུམ་ཅིག་འབད་བ་ཅིན་ རང་གི་ཨ་ནི་ནང་ལུ་ མེ་ཏོག་ག་ཅི་ཡོད་མི་ ལེགས་ཤོམ་ཅིག་ཕུལ་དགོཔ་ཨིན་པས། དེ་ལས་སྤོས་བཟུམ་ཅིག་འབད་དེ་འབད་རུང་ཡང་ སྤོས་ལེགས་ཤོམ་འདི།
    If not also, during summer we have to select the best flower and incense stick for offerings.
  • མཁན་པོ་སེང་གེ། Khenpo Singay
    ཏེ་འདི་མེན་པ་ཅིན་ ང་བཅས་ར་གི་མི་གིས་ ཡར་ཕུལ་ནི་འདི་གོང་ཆུང་ཀུ་ཅིག་ རང་བཟའ་ནི་འདི་ གོང་སྦོམ་ཅིག་མནོ་བསམ་བཏང་སྡོདཔ་ཨིན། འདི་མེན་པ་འབད་ཞིནམ་ལས་ ཏེ་ཡར་ཕུལ་ནི་འདི་ཡང་ གནམ་མེད་ས་མེད་ལེགས་ཤོམ་ཅིག སྤོས་འབད་རུང་ཡང་གོང་སྦོམ་ཅིག
    But people this days think of using cheap things for offerings and expensive things for eating.It will be better if we offer expensive things, also expensive intense stick for offerings.
  • མཁན་པོ་སེང་གེ། Khenpo Singay
    དེ་ལསན་ ཏེ་ལེགས་ཤོམ་སྦེ་ཕུལ་ཚུགས་པ་ཅིན་ལེགས་ཤོམ་ཡོད། དེ་ལསན་ དེ་ལསན་ཏེ་མར་མེ་ཨིན་པས། ཏེ་མར་མེ་གི་གནས་སྐབས་ནང་ལུ་ཡང་ དཀར་མེ་འདི་ཚུ་འབད་དེ་འབད་རུང་ཡང་ དེ་ཧིང་སངས་ས་ ལེགས་ཤོམ་ཅིག དེ་ལས་དྲི་ཆབ་གསེས་མི་འདི་ སྐུ་ལུ་བྱུགས་ནི་ཨིན་པས། སྐུ་་་་་སྐུ་ལུ། ད་སྐུ་ལུ་བྱུགས་མི་འདི་ལུ་ དྲི་ཆབ་གསེས་སླབ་མས། ཞལ་ཟས་གསེས་མི་འདི་ ཡར་ཞལ་ལུ་བཞེས་མི་འདི་ལུ་ ཞལ་ཟས་གསེས་སླབ་མས། ད་འ་ནི་འདི་ཚུ་མས།
    It will benefit you if you can do the best.Then its butter lamp,it should be offered clean and properly, its scented water is applied to the body, and sacrificial cakes are offered to the face and mouth.
  • མཁན་པོ་སེང་གེ། Khenpo Singay
    ད་འདི་ནི་ཕྱི་མཆོད་་་་ ཕྱི་མཆོད་བདུན་གསེས་ ཕྱིའི་མཆོད་པ། དེ་ལསན་ཏེ་ འདི་མ་ཚད་པའི་གསང་བ་སྔགས་ཀྱི་གནས་སྐབས་ན་འབད་བ་ཅིན་ ཕྱིའི་མཆོད་པ། ནང་གི་མཆོད་པ། གསང་བའི་མཆོད་པ། དེ་ཁོ་ན་ཉིད་ཀྱི་མཆོད་པ་ལ་སོགས་པ་ལེ་ཤ་ཡོད། ཏེ་ཨིན་དེ་འབད་རུང་ཡང་ ད་ལྟོ་སྐབས་སུ་འབབ་པ་ ད་ཕྱིའི་མཆོད་པ་འ་ནི་འདི་ ཏེ་འ་ནེ་སྦེ་ཕུལ་དགོ་གསེས།
    All this are external offerings, 7 external offerings.And in secret mantra there are lots of offerings like external offerings, internal offerings, secret offerings and only offerings but for now we should include it in external offerings.
  • མཁན་པོ་སེང་གེ། Khenpo Singay
    འདི་མ་ཚད་པའི་གི་ད་ ཏེ་རང་གི་མཆོད་པའི་ཏིང་བདུན་ཚར་གཅིག་ ཡར་བཀང་སྦེ་ཞིནམ་ལས་ ད་གཙོ་བོ་ར་ ཏེ་དངོས་སུ་འབྱོར་པའི་མཆོད་པ། ཡིད་ཀྱིས་སྤྲུལ་པའི་མཆོད་པ། ད་འ་ནི་ཚུ་ཡང་ཕུལཝ་ཨིན་གསུངས་བཞག་ནུག ཏེ་ག་དེ་སྦེ་ཕུལ་ནི་སྨོ་གསེས་བ་ཅིན་ དངོས་སུ་འབྱོར་པའི་མཆོད་པ་གསེས་མི་འདི་ རང་ལུ་ཡོད་རེ་ཡོད་ཚད་ཕུལ་མི་འདི་ལུ་ དངོས་སུ་འབྱོར་པའི་མཆོད་པ་ཨིན།
    Not only the 7 bowl offerings are classified into those types but also classified into explicitly fortune offerings and mind emanate offerings.Explicitly fortune offerings means offerings whatever we owe.
  • མཁན་པོ་སེང་གེ། Khenpo Singay
    ཏེ་རང་ལུ་མེད་དེ་འབད་རུང་ཡང་ ཏེ་ག་ར་ རང་གིས་མནོ་བསམ་བཏང་སྟེ་གིས་འབད་ཕུལ་མི་འདི་ལུ་ ཡིད་ཀྱིས་སྤྲུལ་པའི་མཆོད་པ་གསེས་སླབ་ཨིན། ད་འ་ནི་ཚུ་ང་བཅས་ར་གིས་ མཆོད་པ་འདི་ཚུ་ཕུལ་ཚུགསཔ་འདྲཝ་ཅིག་འབད་བ་ཅིན་ ང་བཅས་ཀྱི་བསོད་ནམས་ཀྱི་ཚོགས་འདི་བསགས་འོང་།
    Even if we dont have, doing offerings through emanate mind is called mind emanate offereings.By doing this we can accumulate merits.
  • མཁན་པོ་སེང་གེ། Khenpo Singay
    ཏེ་ད་ ང་བཅས་ར་སངས་རྒྱས་པའི་གི་ཐབས་འདི་ བསོདས་ནམས་ཀྱི་ཚོགས་དང་ ཡེ་ཤེས་ཀྱི་ཚོགས་གཉིས་བསགས་དགོ། བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་མ་ཚུགསཔ་འདྲཝ་ཅིག་འབད་བ་ཅིན་ ཏེ་སངས་འདི་མ་པ་ལས་རང་རྒྱས་མི་ཚུགས།
    To attain enlightenment its important to accumulate merits and wisdom. If one cannot accumulate merits and wisdom then to attain enlightenment is not possible.
  • མཁན་པོ་སེང་གེ། Khenpo Singay
    བསོད་ནམས་ཀྱི་ཚོགས་རྐྱངམ་ཅིག་གིས་ཡང་ སངས་རྒྱས་མི་ཚུགས། ཡེ་ཤེས་ཀྱི་ཚོགས་རྐྱངམ་ཅིག་གིས་ཡང་ སངས་རྒྱས་མི་ཚུགས། སངས་རྒྱས་དགོ་པ་ཅིན་ བསོད་ནམས་ཀྱི་ཚོགས་དང་ ཡེ་ཤེས་ཀྱི་ཚོགས་གཉིས་ཆ་ར་ བསགས་དགོ་གསེས།
    Accumulating merits singly cannot attain enlightenment and accumulating wisdom singly cannot attain enlightenment both have to be accumulated jointly.
  • མཁན་པོ་སེང་གེ། Khenpo Singay
    ད་བསོད་ནམས་ཀྱི་ཚོགས་འདི་ ད་གཙོ་བོ་འ་ནི་ཚུ་ཨིན། ད་ང་བཅས་ར་གིས་ མཆོདཔ་ཕུལ་ནི་ མཎྜལ་ཕུལ་ནི། ཏེ་འ་ནི་ཚུ་ འ་ནེ་སྦེ་རོགས་ལུ་སྦྱིན་པ་གཏང་ནི་ དེ་ལསན་ད་འ་ནི་ཚུ་ག་ར་ བསོད་ནམས་ཀྱི་ཚོགས་ཨིན།
    Merits can be accumulated by doing water for offerings, mandala offerings and also by bestowing.
  • མཁན་པོ་སེང་གེ། Khenpo Singay
    དེ་ལས་ཡེ་ཤེས་ཀྱི་ཚོགས་གསེས་མི་འདི་ རང་གི་སེམས་འདི་ གནས་རྟོགས་ རང་གི་སེམས་འདི་ རྩེ་གཅིག་ཏུ་ དེ་ལས་སྒོམ་རྐྱབ་ནི་འདི་ལུ་ རང་ཉིད་ཀྱི་སེམས་བདག་འཛིན་འབད་དེ་གིས་འབད་ སྒོམ་རྐྱབ་མི་འདི་ཚུ་ལུ་ ཡེ་ཤེས་ཀྱི་ཚོགས་གསེས་སླབ་ཨིན།
    Wisdom can be accumulated through keeping our mind on single point by meditating and controlling our mind.
  • མཁན་པོ་སེང་གེ། Khenpo Singay
    ཏེ་ད་གཙོ་བོ་ར་ ང་བཅས་ར་ག་ར་ཨིན་དེ་འབད་རུང་ཡང་ བསོད་ནམས་ཀྱི་ཚོགས་དང་ ཡེ་ཤེས་ཀྱི་ཚོགས་འདི་ཚུ་ བསགསཔ་འདྲཝ་ཅིག་འབད་བ་ཅིན་ སངས་རྒྱས་ཐོབ་པའི་གི་ཐབས་ངོ་མ་འདི་ འ་ནི་ཨིན་གསེས་ཞུ་ནི་སྦེ་ཨིན། ད་འ་ནེམ་ཅིག་ར་ཨིན་པས་ང་གིས།
    Mainly if we accumulate merits and wisdom, attaining of englitenment is sure and its the only way to attain enlightenment.Thats all from me.
  • མཁན་པོ་སེང་གེ། Khenpo Singay
    འ་ནེམ་ཅིག་ བཞག་ད་ ད་ལྟོ་སྨོ?
    keep it till this for now