03 Feb 2016
2 min 35 sec
- མཁན་པོ་སེང་གེ། Khenpo Singayདང་པོ་ར་ ང་བཅས་ར་ དགེ་སློང་འདི་ཚུ་གིས་མ་མཁྱེནམ་ག་ཅི་ཡང་མེད། ཏེ་མགྱོནམ་ ང་བཅས་ར་ཕྱི་ཁ་ལས་བྱོན་མི་འདི་ཚུ་ལུ་ དབྱར་གནས་གསེས་མི་འདི་ ག་དེ་སྦེ་ཨིན་ན? གསེས་ཞུ་བ་ཅིན།Firstly, its known to all the monks but for outsider if I tell what summer retreat means.
- མཁན་པོ་སེང་གེ། Khenpo Singayདབྱར་གནས་གསེས་མི་འདི་ སྟོན་པ་བཅོམ་ལྡན་འདས་ཞལ་བཞུགས་པའི་གི་གནས་སྐབས་ན་ལུ་ དབྱར་གནས་འདི་མ་ཚོགས་པས། སྟོན་པ་བཅོམ་ལྡན་འདས་བཞུགས་པའི་སྐབས་སུ་ ཧེ་མ་དབྱར་གནས་མ་བཙུགས་པས།Summer retreat when Lord buddha lived were not conducted and when Lord Buddha lived summer retreat were not assembled.
- མཁན་པོ་སེང་གེ། Khenpo Singayདེ་ལས་ཕྱིས་སུ་ ཏེ་མུ་སྟེགས་པའི་གི་ཆོས་འབད་མི་འདི་ཚུ་ཡང་ ཧེ་མ་དབྱར་གནས་ཚོགས་བཞུགས་ནུགNon-buddhist scholar earlier assembled Summer retreat
- མཁན་པོ་སེང་གེ། Khenpo Singayདེ་འབདཝ་ལས་བརྟེན་ཏེ་གིས་སྦེ་ གནམ་བྱཱར་དུས་ཚོད་འ་ནེམ་ཅིག་ཁ་ལུ་ ང་བཅས་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་ འཕགས་པའི་དགེ་འདུན་དེ་ཚུ་ བསོད་སྙོམས་ལུ་འབྱོནམ་ད་ལུ་ མུ་སྟེགས་པ་དེ་ཚུ་གིས་ཁ་གཏངམ་འོང་ནི་མས།Thats why during summer time when followers of Lord buddha, superior spiritual community went asking for edible things and money, non-buddhist scholar blamed them.
- མཁན་པོ་སེང་གེ། Khenpo Singayག་དེ་སྦེ་ཁ་གཏང་ནུག་གོ? གསེས་བ་ཅིན་ སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འཇུག་འདི་ཚུ་ གནམ་བྱཱར་ རྩ་འདི་ཚུ་སྦོམ་འགྱོཝ་ད་ལུ་ ཙང་ཙ་རྩ་ལས་སྡོད་ནི་མིན་འདུགThey blamed them by saying, Lord buddha's follower during summer time while grass are growing instead of staying quietly
- མཁན་པོ་སེང་གེ། Khenpo Singayའ་ནེ་སྦེ་སྡོད་ནི་མེདཔ་ད་ལུ་ གནམ་བྱཱར་འབུབ་འདི་ཚུ་ཡར་ལོང་པའི་གི་དུས་ཚོད་ལུ་ འབུབ་འདི་ཚུ་འདྲ་མི་འདྲ་ཡར་ལོང་པའི་གི་དུས་སུ་ལུ་ རྐངམ་གི་འོག་ལུ་འབུབ་ལེ་ཤ་ཅིག་བསད་འགྱོཝ་མས།During summer time when different types of insects are awake, they are killing lots of insects staying beneath their leg.
- བསོད་ནམས་རྡོ་རྗེ། Sonam Dorjiའ་ནེ་སྦེ་འབདཝ་ད་ལུ་ སངས་རྒྱས་བཅོམ་ལྡན་འདས་ཀྱི་ རྗེས་འཇུག་དགེ་སློང་འདི་ཚུ་ལུ་ སྒྲིགས་ག་ཅི་ཡང་མིན་འདུག་གསེས་ ཁ་གཏངམ་ལས་བརྟེན་ཏེ་གིས་སྦེ་ སྟོན་པ་བཅོམ་ལྡན་འདས་ཀྱིས་ འ་ན་ལས་བཟུང་སྟེ་གིས་སྦེ་ དབྱར་གནས་གསེས་མི་འདི་ཚོགས་གནང་ནུགThey blamed lord buddha's follower telling them, they are undisciplined.So from that moment summer retreat were assembled.
- མཁན་པོ་སེང་གེ། Khenpo Singayདེ་ལས་ ཨ་རྟག་འབད་བ་ཅིན་ དབྱར་གནས་མེན་པའི་གི་དུས་ཚོད་ལུ་ དགེ་འདུན་འདི་ཚུ་ལུ་ དགེ་འདུན་འདི་ཚུ་ལུ་ བསོད་སྙོམས་འདི་ཕར་ ཕྱི་ཁ་ལས་ཕར་འབྱོན་དོ་ཡོདཔ་མས།And during all time when summer retreat were not assembled, they went outside for edible things and money.
- མཁན་པོ་སེང་གེ། Khenpo Singayདབྱར་གནས་ཀྱི་རིང་འདི་ མཚམས་རྡོ་ཅིག་ཡང་བཀལ་སྦེ་ཞིནམ་ལས་ ནང་ན་བཞུགས་པའི་གི་སྐབས་སུ་ལུ་ སྦྱིན་བདག་དད་པ་ཅན་འདི་ཚུ་གིས་ དབྱར་གནས་ཀྱི་སྐབས་སུ་ལུ་ ད་ཉི་མ་གི་དགུང་ཚིགས་ གསོལ་ཇ་འདི་ཚུ་ ག་ར་ནང་ན་ཕུལ་བ་འབྱོན་དོ་ཡོདཔ་མས།During the juncture of summer retreat of staying inside, the devoted patrons go inside to offer lunch and tea.
- མཁན་པོ་སེང་གེ། Khenpo Singayའདི་དང་ཆ་འདྲཝ་སྦེ་ ད་རེས་ང་བཅས་དབྱར་གནས་ཀྱི་སྐབས་སུ་ལུ་ཡང་ དགེ་འདུན་འདི་ཚུ་ལུ་ དབྱར་གནས་བཞུགས་པའི་སྐབས་སུ་ལུ་ སྦྱིན་བདག་དེ་ཚུ་ནཱ་བྱོན་ གསོལ་ཇ་དྲངས། གསོལཝ་དྲངས་མི་གི་ ༼རྒྱུན་མ་ཆད་པར་༽བྱུང་མི་འདི་ སངས་རྒྱས་ཞལ་བཞུགས་པའི་སྐབས་སུ་ལུ་ཡང་ གསོལཝ་དྲང་། གསོལ་ཇ་དྲང་མི་བཟུམ་ཨིན་པས་གསེས་ཞུ་ནི་ཨིན།Similarly today while we are doing the summer retreat, patrons coming here and offering us lunch and tea are same like that of offering tea and lunch during Buddha's time.