Skip to main content Skip to search
04 Feb 2016
5 min 1 sec
Video Overview
Creators: 
Norzin Lhamo

Khenpo Singay Dorji from Gangteng Shedra, a monastic college, teaches on how to dedicate the merits of good deeds, and on the benefits of doing so. In particular, he speaks about the merits accumulated while taking part summer retreats, and how these merits should be dedicated. The khenpo explains that merits should never be dedicated to just oneself, which would be naturally selfish. Instead, merits should be dedicated to the general wellbeing of all sentient beings, the country and its people. Such way of dedicating the merits is ultimately a cause for peace and happiness for oneself as well. This teaching was given in the final day of a summer retreat in Gangteng Monastery.

Transcript search
No results found for this search
0 of 0
  • མཁན་པོ་སེང་གེ། Khenpo Singay
    འ་ནི་ཚུ་ད་ལྟོ་ང་བཅས་ཆོས་བཤད་འ་ནི་གི་དགེ་བ་འདི་གིས་ཡང་ ད་གཙོ་བོ་ར་ང་བཅས་ ང་བཅས་ལུ་དམ་པ་གསུམ་གསེས་མི་འདི་གིས་རྩིས་འཛིན་དགོ། སྦྱོར་བ་སེམས་བསྐྱེད་དམ་པ། དངོས་གཞི་དམིགས་མེད་དམ་པ། རྗེས་བསྔོ་བའི་དམ་པ་གསེས་མི།
    When we teach the teachings of buddhism, we should calculate the virture in three best ways such as sublime aspiration as preparation resolve, Excellence without fixation as final sesolve and excellence of dedication as final resolve.
  • མཁན་པོ་སེང་གེ། Khenpo Singay
    སྦྱོར་བ་སེམས་བསྐྱེད་དམ་པ་གསེས་མི་འདི་ང་བཅས་ ད་ཅི་ འཁར་རྔ་བརྡུངམ་ད་ར་ དབའེ་ད་རིས་འ་ན་ཆོས་བཤད་ཅིག་ཡོད་ལོ་སྨོ་རེད་གསེས་ མནོ་བསམ་ལེགས་ཤོམ་ཅིག་བཏང་འོང་མི་འདི་ལུ་ སྦྱོར་བ་སེམས་བསྐྱེད་དམ་པ་ཨིན།
    The sublime aspiration as preparation resolve means, For example when we hear a sound of drum from temple we should create a sense of devotion as there will be teachings of buddhism.
  • མཁན་པོ་སེང་གེ། Khenpo Singay
    དངོས་གཞི་དམིགས་མེད་ཀྱི་དམ་པ་གསེས་མི་འདི་ ནཱ་འཛུལ་ཚར་སྦེ་ ཏེ་ང་བཅས་ཆོས་བཤད་དེ་ཚུ་འགོ་བཙུགས་འབདཝ་ད་ མཇུག་མ་བསྡུ་ཚུན་ཚོད་ཀྱི་བར་ན་ལུ་ མནོ་བསམ་གཞན་ཁར་མ་གཏང་པ་སྦེ་ཞིན་ན་ འ་ནི་ལུ་རྩེ་གཅིག་ཏུ་མནོ་བསམ་གཏང་སྡོད་མི་དེ་ལུ་ དངོས་གཞི་དམིགས་མེད་ཀྱི་དམ་པ་ཨིན།
    Excellence, without fixation as final resolve means, when we start to recieve the teachings we should not lose our concerntration.
  • མཁན་པོ་སེང་གེ། Khenpo Singay
    རྗེས་བསྔོ་བའི་དམ་པ་གསེས་མི་འདི་ ད་ལྟོ་འ་ནི་མཇུག་བསྡུ་སྦེ་ཞིནམ་ལས་ ད་ལྟོ་ད་རིས་ང་གིས་ཆོས་བཤད་འ་ནེམ་ཅིག་ ཉན་ནི་ཐོབ་མི་དེ་གི་དགེ་བ་དེ་གིས་ སེམས་ཅན་ཐམས་ཅད་ག་ར་དགའ་ཏོག་ཏོ་ སྐྱིད་ཏོང་ཏོ་འོང་བཅུག་གསེས་མི་ཅིག
    Excellence of dedication as final resolve means after we recieve the teachings we should pray for all the sentient beings.
  • མཁན་པོ་སེང་གེ། Khenpo Singay
    འདི་ནང་ལས་ལྷག་པར་དུ་ཡང་ སྤྱིར་བཏང་གིས་ ང་བཅས་ར་གི་འཛམ་བུ་གླིང་ ལྷག་པར་དུ་ཡང་ ང་བཅས་ར་གི་འབྲུག་རྒྱལ་ཁབ་འདི་ དགའ་སྐྱིད་ཕུན་སུམ་ཚོགས་སྦེ་ དགའ་ཏོག་ཏོ་སྐྱིད་ཏོང་ཏོ་འོང་བཅུག་གསེས་ ད་རིས་ནཱ་འབྱོན་མི་ག་ར་གིས་ ཐུགས་སྨོན་འ་ནེ་སྦེ་གནང་གནང་གསེས་ཞུ་ནི་སྦེ་ཨིན།
    Gererally we should pray for well being of all the people in the world. Moreover we should pray for happiness of all the people in bhutan.
  • མཁན་པོ་སེང་གེ། Khenpo Singay
    ད་གཙོ་བོ་ར་ ང་བཅས་ར་གི་རྒྱལ་ཁབ་འདི་ དགའ་ཏོག་ཏོ་སྐྱིད་ཏོང་ཏོ་ཡོད་པ་ཅིན་ ང་བཅས་ར་ག་ར་དགའ་ཏོག་ཏོ་སྐྱིད་ཏོང་ཏོ་ཨིན། རྒྱལ་ཁབ་འདི་ དགའ་ཏོག་ཏོ་མེདཔ་འདྲཝ་ཅིག་འབད་བ་ཅིན་ ང་བཅས་ར་དགའ་ཏོག་ཏོ་སྦེ་སྡོད་ནི་དེ་ལཱ་ཁག་གཏང་འོང་།
    Mainly if our country is filled with happiness then people will be happy but if our country if filled with sorrows and sadness then it will be difficult for people to be happy.
  • མཁན་པོ་སེང་གེ། Khenpo Singay
    འ་ནི་འབདཝ་ད་ལུ་ ད་རིས་ནཱ་འབྱོད་མི་གི་རིགས་ག་ར་གི་ཁ་ཐུག་ལས་ ཡ་ང་གིས་ནཱ་ད་རིས་གསོལ་ཇ་ཅིག་དྲངས། ད་རིས་གསོལཝ་ཅིག་དྲངས། འ་ནི་་་ འ་ནི་གི་དགེ་བ་འདི་གིས་འབད་ སེམས་ཅན་ཐམས་ཅད་ག་ར་དགའ་ཏོག་ཏོ་འོང་བཅུག སྐྱིད་ཏོང་ཏོ་འོང་བཅུག འདི་གི་ནང་ལས་ ང་བཅས་འབྲུག་རྒྱལ་ཁབ་ཀྱི་རྒྱལ་བློན་འབངས་གསུམ་ག་ར་ དགའ་ཏོག་ཏོ་སྐྱིད་ཏོག་ཏོ་འོང་བཅུག་གསེས་མི་གི་ ཐུགས་སྨོན་གནང་གནང་ནི་ཨིན་གསེས་ཞུ་ནི་སྦེ་ཨིན།
    For this, today i will offer tea and food for all the people gathered here for well being and happiness of the king, ministers and people.
  • མཁན་པོ་སེང་གེ། Khenpo Singay
    ད་གཙོ་བོ་ར་ རང་རྐྱངམ་ཅིག་གི་དོན་ལུ་ཐུགས་བཞེད་གནང་ནི་མི་འོང། ཏེ་ན་བུ་ ལཱ་ཁག་སྦེ་ཐག་རིང་ས་ལས་བྱོན་ ཏེ་དགེ་བ་བསྒྲུབ་པ་འབྱོནམ་ད་ལུ་ རང་རྐྱངམ་ཅིག ང་ན་མ་བཅུག ང་ཚ་མ་བཅུག གསེས་བ་ཅིན་ དགེ་བ་འདི་ཆུང་ཀུ་ཅིག་བ་མི་ཐོབ།
    We should not pray for our own purpose. You came from very far away places for accumulation of merits and for that if you pray for your own bebefit then you cant even get little merits.
  • མཁན་པོ་སེང་གེ། Khenpo Singay
    ཏེ་དགེ་བ་འདི་ གཙོ་བོ་ར་སེམས་འདི་ རྒྱ་ཆེ་དྲག་ཅིག་འབད་དེ་ འ་ནེ་སྦེ་ག་ར་ ད་རིས་ང་བཅས་གིས་(ཀྱིས་)ཕུལ་མི་འ་ནེམ་ཅིགཔ་དེ་གིས་ ང་བཅས་ཀྱིས་ རང་གི་ཕུལ་ནི་དེ་ལུ་ ཆེ་ཆུང་ག་ཅི་ཡང་མེད། ཏི་རུ་ལྔ་ཕུལ་ནི་འབད་རུང་ཡང་ ཕུལ་ནི་རང་ཨིན།
    When we offer anything to god, we should not think that i cant effort more. For the accumulation of merits it depends on how we pray while offering. We should pray for all the sentent being.
  • མཁན་པོ་སེང་གེ། Khenpo Singay
    ཏི་རུ་འབུམ་སྦེ་ཕུལ་ནི་འབད་རུང་ཡང་ ཕུལ་ནི་རང་ཨིན། དེ་འབདཝ་ད་ལུ་ ཏི་རུ་འབུམ་སྦེ་ཕུལ་རུང་ཕུལ། ལྔ་ཕུལ་རུང་ཕུལ། གཙོ་བོ་ར་ སེམ་འདི་རག་ལས་གསེ་ཞུ་ནི་སྦེ་ཨིན།
    Even if you offer lakhs or ngultrem five, you should have pure heart and pray for all.
  • མཁན་པོ་སེང་གེ། Khenpo Singay
    མནོ་བསམ་ལེགས་ཤོམ་སྦེ་ རྒྱ་ཆེ་དྲག་ཅིག་གཏང་པ་ཅིན་ ན་བུ་ནཱ་འབྱོནམ་སྦེ་ དགེ་བ་སྒྲུབ་མི་འདི་གིས་ གནམ་མེད་ས་མེད་གི་ སེམས་ཅན་ཐམས་ཅད་ལུ་ཕན་ཐོགས་འོང་། སེམས་ཅན་ཐམས་ཅད་ལུ་ ཕན་ཐོགསཔ་མ་ཚད་པའི་གིས་ དེ་ལསན་ད་ ང་བཅས་ར་ རྒྱལ་ཁབ་འདི་ཡང་ དགའ་ཏོག་ཏོ་སྐྱིད་ཏོང་ཏོ་འོང་གསེས་ཞུ་ནི།
    If you pray well, it will firstly benefit you then to all the sentient being and moreover our country will be filled with bliss and happiness.
  • མཁན་པོ་སེང་གེ། Khenpo Singay
    འདི་ནང་ལས་གཙོ་བོ་ར་ ང་བཅས་ར་སེམ་ཅན་འདི་སྲོག་གཅོད་དཔ་འདྲཝ་ཅིག་འབད་བ་ཅིན་ ཉེས་པ་ག་ཅི་ཡོདཔ་ཨིན་ན་ ང་གིས་ད་ཅི་ལས་ཞུ་ཡི། ད་ང་བཅས་ར་ འ་ནི་ཚུ་མ་པ་ལས་ར་མི་བཏུབ།
    On top of that if we slaughter animal its against the religion so we should not do such thing.
  • མཁན་པོ་སེང་གེ། Khenpo Singay
    ཏེ་ད་ སྤང་ཚུགས་པ་ཅིན་ ཤ་འདི་ཚུ་སྤང་ཚུགས་པ་ཅིན་ ལེགས་ཤོམ་ཨིན། སྤང་མ་ཚུགས་ཏེ་འབད་རུང་ཡང་ ཏེ་ད་ཤ་བཟའ་ནི་དེ་ ཨ་ཙི་ཉུང་སུ་ཉུང་སུ་གཏང་པ་ཅིན་ ནམ་ཅིག་གི་ཚེ་ན་ ཤ་འདི་ཚུ་བཅད་ཚུགས་འོང་། ཏེ་ང་བཅས་ཤ་བཟའ་ནི་དེ་བཅད་ད་པ་ཅིན་ ང་བཅས་སེམས་ཅན་ཚེ་ཐར་ཡང་གཏང་མི་དགོ་པས།
    If you can, you should avoid eating meat and even if you can't, you should reduce eating meat so that animal will be saved from slaughtering.
  • མཁན་པོ་སེང་གེ། Khenpo Singay
    ད་རིས་ནངས་པ་ ཅིག་ལས་འབད་བ་ཅིན་ འཁོར་བ་འདི་འཁོར་བ་རང་ཨིན་པས། ཕྱོགས་གཅིག་ལསནི་ སེམས་ཅན་འདི་བསད་ཅི་རང་གཏང་དཔ་མས། ཕྱོགས་གཅིག་ལསནི་ཚེ་ཐར་གཏང་མས། སེམས་ཅན་འདི་ཚུ་ཡང་ ནང་དོག་ཁག་ཁ་ཅིག་ཨིན་མས།
    Now a days if we look from one point of view this world is a real samsara. Many people salughter animal while some save them from killing.
  • མཁན་པོ་སེང་གེ། Khenpo Singay
    ལ་ལུ་གིས་ཚུར་ལྟ་ཉོ་འདི་(སྟེ་)ཚེ་ཐར་རང་གཏང་། ལ་ལུ་གིས་ཕར་བསད་ཅི་རང་བཏང་འབདཝ་ད་ལུ་ གནམ་མེད་ས་མེད་ཀྱི་ལས་གསེས་མི་འདི་ བསམ་གྱིས་མི་ཁྱབ་པ་ཨིན་མས། འ་ནེ་སྦེ་འབདཝ་ད་ལུ་ ཏེ་ད་ག་ར་གི་ཁ་ཐུག་ལས་ ད་གཙོ་བོ་ར་ ད་ལྟོ་གི་དགེ་བ་འདི་གིས་ སེམས་ཅན་ཐམས་ཅད་ག་ར་ དགའ་ཏོག་ཏོ་སྐྱིད་ཏོང་ཏོ་འོང་བཅུག
    Some people buy animal to save them from salying, while some kill without any hesitations. For this, today we will pray for well being of all those animals.
  • མཁན་པོ་སེང་གེ། Khenpo Singay
    འདི་གི་ནང་ལས་ ང་བཅས་ར་གི་འབྲུག་རྒྱལ་ཁབ་འདི་ དགའ་ཏོག་ཏོ་སྐྱིད་ཏོང་ཏོ་འོང་བཅུག་གསེས་བའི་གི་ཐུགས་སྨོན་འདི་ ག་ར་གི་ཁ་ཐུག་ལས་གནང་གནང་གསེས་ཞུ་ནི་སྦེ་ཨིན།
    Moreover we will pray to bless our country with bliss and cheerfulness.
  • སྒང་སྟེང་གི་དགེ་སློང་ཚུ། Monks from Gangtey
    བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་རྣམས་འགྲོལ་བར་ཤོག །
    Blessed by the Avalokiteshvara with merits and virtue. All those who attain nirvana and enemies were once our parents. In the ripples of the tides of birth, aging, sickness and death. Let sentient beings be liberate from the samsara of ocean.
  • སྒང་སྟེང་གི་དགེ་སློང་ཚུ། Monks from Gangtey
    འཛམ་བུ་གླིང་དུ་བསྟན་པའི་སྲོག་ཤིང་བཙུགས། །ཁ་བ་ཅན་དུ་ཆོས་ཀྱི་སྒྲོན་མེ་སྤར། །ངུར་སྨྲིག་འཛིན་པ་ཤཱཀྱའི་སྲས་གཅིག་པུ། །མཁན་ཆེན་ཞི་བའི་འཚོ་ལ་མཆོད་པ་འབུལ། །
    Instituted a religion to fix the world. Like burning a fire of religion on the mount semaru. It is hold by son of buddha sakya muney who wears a red scarf. Lets make an offering to the chief abbot.
  • མཁན་པོ་སེང་གེ། Khenpo Singay
    དུས་གསུམ་རྒྱལ་བ་ཀུན་གྱི་རིགས་གཅིག་མ། །འཕྲིན་ལས་རྣམ་བཞི་འཁོར་ལོ་སྒྱུར་བ་པོ། །སྣང་སྲིད་དབང་དུ་འདུས་པའི་མཐུ་སྟོབས་ཅན། །པདྨ་འབྱུང་གནས་ཞལ་དུ་མཆོད་པ་འབུལ། །
    The one kind of buddha of all three times. Who do a four religious work like wheel. The one who have a power to control all phenomenal existence. Lets make an offering to the guru pema jungney.
  • མཁན་པོ་སེང་གེ། Khenpo Singay
    བྱང་ཆུབ་སེམས་དཔའ་ཆོས་ཀྱི་ཚུལ་འཛིན་ཅིང་། །གངས་ཅན་ཁྲོད་འདིར་གདུལ་བྱ་མ་ལུས་པ། །སྣ་ཚོགས་ཐབས་ཀྱིས་འདུལ་བ་མཛད་པ་པོ། །ཁྲི་སྲོང་ལྡེའུ་བཙན་ཞལ་དུ་མཆོད་པ་འབུལ། །
    Although it is being manifested by lord of great compassion. For all the disciplined disciple like gathering of huge mountain. Who train monastic discipline through various method. Lets make an offering to lord Thrusong deutsen.
  • མཁན་པོ་སེང་གེ། Khenpo Singay
    གདན་ས་སྲུང་པ་གཉན་པོ་འཁོར་བཅས་ལ། །ཇ་ཆང་གཉན་པོའི་མཆོད་པ་འདི་འབུལ་ལོ། །བདག་བཅག་དཔོན་སློབ་བསམ་དོན་འགྲུབ་པ་ལ། །སངས་རྒྱས་བསྟན་པ་རྒྱས་པའི་འཕྲིན་ལས་མཛོད། །
    Sacred gurdains of the place of residence with disciples. Make a precious offering of tea and alcahol. It will fulfill the wishes of both master and disciple. Let teachings of buddha flourish.