Video Overview
འདི་ནི་རྒྱལ་པོའི་བུ་མོ་གསེར་མོ་མཚོ་དང་དངུལ་མོ་མཚོ་ལ་གཡོག་མོ་ཐལ་མོ་མཚོས་བསམ་གནག་པའི་སྐོར་གྱི་གཏམ་རྒྱུད་ཅིག་ཡིན།
གཏམ་རྒྱུད་འདིའི་ནང་དུ་རྒྱལ་པོའི་སྲས་མོ་གསེར་མོ་མཚོ་དང་དངུལ་མོ་མཚོ་གཉིས་གཡོག་མོ་ཐལ་མོ་མཚོ་དང་འགྲོགས་ནས་ཆུ་ལེན་དུ་སོང་བ་ན། གཡོག་མོས་བསམ་གནག་ནས་གསེར་དངུལ་གྱི་སྣོད་ཆུ་ནང་དུ་འཕངས་པས་གསེར་མོ་མཚོ་ཆུ་ལ་མཆོངས། དངུལ་མོ་མཚོ་གཡོག་མོ་དང་འགྲོགས་ནས་རྒྱལ་ཁབ་གཞན་ཞིག་ཏུ་སོང་། རྒྱལ་ཁབ་དེ་རུ་རྒྱལ་བུས་བཙུན་མོ་འདེམས་པར་མདའ་དངུལ་མོ་མཚོ་ལ་ཁེལ་ཡང་གཡོག་མི་ཐལ་མོ་མཚོ་མོའི་ཚབ་ཏུ་སོང་སྟེ་བཙུན་མོ་བྱས། དངུལ་མོ་མཚོ་ཕྱུགས་རྫི་བྱས་ནས་མཚོ་ནང་ནས་འོངས་པའི་གསེར་མོ་མཚོ་དང་འཕྲད། མཐར་གཡོག་མོ་ཐལ་མོ་མཚོ་ཡིས་གསེར་མོ་མཚོ་ལ་སྟ་རེས་གཞུས་པས་དངུལ་མོ་མཚོས་སྐྱེ་བ་གཞན་ཞིག་བླངས་ནས་གཡོག་མོ་ཕམ་པར་བྱས་ཤིང་རྒྱལ་བུ་དང་འགྲོགས།
这是关于国王的两个女儿赛毛措和俄毛措被佣人塔毛措加害的故事。
The story of the king's two daughters who are harmed by their servant Thamo Tso.
这是一个关于国王的女儿赛毛措和俄毛措同佣人塔毛措一起去打水时,佣人故意把赛毛措和俄毛措的水桶扔进了和河里.情急之下,赛毛措跟着跳进了河里淹死了。于是,俄毛措和佣人一起去了另一个国家。在那个国家,她们遇到王子选妃的日子,而且王子的箭刚好打中了俄毛措。但是佣人塔毛措替代俄毛措成为了王子,而俄毛措成了一个牧人。当俄毛措在放牧的时候遇见了来自大海的赛毛措。后来,佣人塔毛措用斧头砍了赛毛措。后来,俄毛措另外转世打败了佣人塔么措并和王子重聚了。
- དཀོན་མཆོག་སྐྱིད།གནའ་ཞིག་ལ།
- རྒྱལ་བོ་ཞིག་ལ་བུ་མོ་གཉིས་ཡོད།
- བུ་མོ་ཆེ་བའི་མིང་ལ་གསེར་མོ་མཚོ་ཟེར།
- བུ་མོ་ཆུང་བའི་མིང་ལ་དུང་མོ་མཚོ་ཟེར།
- གཡོག་མོ་ཞིག་ཡོད།
- གཡོག་མོ་དེའི་མིང་ལ་གཡོག་ཐལ་མོ་སྐྱིད་ཟེར།
- དེ་ནས་གཡོག་ཐལ་མོ་སྐྱིད་ཀྱིས།
- མོས་འདི་གཉིས་ལ་བསམ་པ་གནག་དགོས་འདོད་ནས།
- ཚེ་གང་བོར་བསམ་ངན་ཡིད་ལ་བཅིང་ནས་བསྡད།
- དེ་ནས་ཉིན་ཞིག་ལ་ངེད་ཚོ་མཚོ་ཁར་ཆུ་ལེན་པ་དང་།
- རྩེ་རུ་འགྲོ་ཟེར་བས་ཡ་ཡ་ཟེར།
- གསེར་མོ་མཚོ་ཁྱེད་ཀྱིས་གསེར་ཟོའུ་བཟུང་།
- དངུལ་མོ་མཚོ་ཁྱེད་ཀྱིས་དངུལ་ཟོའུ་བཟུང་།
- དེ་ནས་ཡ་ཡ་ཟེར་ནས།
- དངུལ་མོ་མཚོ་ཡིས་དངུལ་ཟོའུ་བཟུང་།
- གསེར་མོ་མཚོ་ཡིས་གསེར་ཟོའུ་བཟུང་།
- མོ་ཡིས་ཤིང་ཟོའུ་བཟུང་།
- ཁོ་ཚོ་མཚོ་ཁར་སོང་ནས་རྩེ་ནས་བསྡད།
- གསེར་ཟོའུ་དངུལ་ཟོའུ་ཤིང་ཟོའུ་ཚོ།
- ཆུ་ནང་དུ་འཕེན་ཟེར་ནས་གསུམ་པོ་ཆུའི་ནང་དུ་འཕངས།
- གསེར་ཟོའུ་དངུལ་ཟོའུ་ལྕི་བས་ཆུ་འོག་ཐུར་དུ་བུད་སོང་།
- ཤིང་ཟོའུ་ཆ་ཁར་གཡེང་ནས་བསྡད་ཡོད།
- མོ་ཡིས་བླངས་པ་ཡིན།
- མོའི་ཤིང་ཟོའུ་བླངས་པ་ཡིན།
- ཁྱོད་གཉིས་ཀྱིས་གསེར་ཟོའུ་དངུལ་ཟོའུ་ལོངས་ཟེར།
- ད་ལྟ་ལེན་རྒྱུ་མེད་པར་ཆུ་འོག་ཐུར་དུ་བུད་སོང་།
- མོ་ཨ་ཕ་ལ་སྐྲག་གི
- འགྲོ་མི་ཐུབ་ཟེར་ནས།
- བུ་མོ་གསེར་མོ་མཚོ་དང་དངུལ་མོ་མཚོ་གཉིས་ཀྱིས་དེ་ལྟར་བཤད།
- མོ་སོང་ནས་ཁྱོད་ཀྱི་ཨ་ཕ་ལ་འདྲི་ཟེར།
- ཕྱིར་སོང་ནས་ཨ་ཁུ་རྒྱལ་བོ།
- གསེར་མོ་མཚོ་དང་དངུལ་མོ་མཚོ་གཉིས་ཀྱིས།
- གསེར་ཟོའུ་དངུལ་ཟོའུ་གཉིས་ཆུ་ལ་སྐུར་བ་རེད།
- ཁོང་གཉིས་ཡོང་ན་ཨེ་ཆོག་ཟེར།
- ཨོ་ལོས་ཆོག
- གསེར་མོ་མཚོ་དང་དངུལ་མོ་མཚོ་དཀའ་བ་ལས།
- གསེར་ཟོའུ་དངུལ་ཟོའུ་སླ་མོ་རེད།
- ཨ་ཕ་ལོ་ལོ་གཉིས་ཡུལ་ལ་ཤོག་ཟེར།
- ཁྱེད་ཀྱིས་ཤིང་ཞིག་ཁྱེར་ནས་སོང་ཟེར།
- དེ་ནས་ཕྱིར་སོང་ནས།
- གསེར་མོ་མཚོ་དང་དངུལ་མོ་མཚོ་སླ་མོ་རེད།
- གསེར་ཟོའུ་དངུལ་ཟོའུ་དཀའ་ནི་རེད་ཟེར།
- ཁྱོད་གཉིས་སོང་ཟེར།
- དེ་ཆུ་ལ་བསྐུར་བཏང་ན།
- མོ་ལ་ཁྱོད་ཕྱིར་ཡུལ་ལ་ཤོག་ཟེར།
- ཡོང་ས་མེད་ན་གསེར་མོ་མཚོ་ཡིས།
- མོ་ཆུ་ནང་དུ་ལྡིང་རྒྱུ་ཟེར་ནས་ཆུ་ནང་དུ་ལྡིང་བ་ཡིན།
- དངུལ་མོ་མཚོ་ཆུའི་ནང་དུ་ལྡིང་མ་ཐུབ་པ་རེད།
- མོ་ཁྱོད་འགྲོ་རོགས་བྱེད་ཟེར་ནས།
- གཡོག་ཐལ་མོ་སྐྱིད་དེ་ཁྲིད་ནས།
- གཉིས་ཀ་ལྡོམ་ནས་སོང་དུས།
- རྒྱལ་བོ་ཞིག་གི་བཙུན་མོ་འདེམ་ས་ཞིག་ལ་ཐོན།
- དེ་ནས་རྒྱལ་བོ་དེས་བཙུན་མོ་འདེམ་པ་དང་།
- མདའ་འཕངས་ནས་བཙུན་མོ་བདམ་པ་རེད།
- མདའ་དང་པོ་འཕངས་ནས་དངུལ་མོ་མཚོ་ཡི་ཅོ་དོ་ཐོག་ལ་ཟུག་སོང་།
- གཡོག་ཐལ་མོ་སྐྱིད་ཀྱིས་བླངས་ནས་མོའི་ཅོ་དོ་ཐོག་ལ་བཞག
- ཡང་མདའ་གཉིས་པ་འཕངས་ནས།
- དངུལ་མོ་མཚོ་ཡི་ཅོ་དོ་ཐོག་ལ་ཟུག་སོང་།
- གཡོག་ཐལ་མོ་སྐྱིད་ཀྱིས་བླངས་ནས་མོའི་ཅོ་དོ་ཐོག་ལ་བཞག
- དེ་ནས་གསུམ་པ་འཕངས་ནས།
- ཡང་དངུལ་མོ་མཚོ་ཡི་ཅོ་དོ་ཐོག་ལ་ཟུག་སོང་།
- གཡོག་ཐལ་མོ་སྐྱིད་ཀྱིས་བླངས་ནས་མོའི་ཅོ་དོ་ཐོག་ལ་བཞག
- མདའ་གསུམ་པོ་མོའི་ཅོ་དོ་ཐོག་ལ་ཟུག་སོང་།
- རྒྱལ་བོའི་བཙུན་མོ་བྱས།
- དངུལ་མོ་མཚོར་ཁྱོད་མོའི་གཡོག་མོ་བྱོས་ཟེར།
- ཡ་ཡ་ཟེར་ནས།
- དངུལ་མོ་མཚོ་དེ་གཡོག་མོ་བྱས་ནས་བསྡད།
- དེ་ཚང་གི་ཟོག་རྫི་བྱས་ནས།
- ལུག་དེད་ནས་མཚོ་ཁ་ཐུར་དུ་སོང་།
- མོ་ཡིས་དེ་ལྟར་བྱས།
- དེ་ནས་མཚོ་ཁ་ནས་གླུ་བླངས་ནས།
- གཡོག་ཐལ་མོ་སྐྱིད་འདི་དཔོན་མོ་རེད།
- ང་དངུལ་མོ་མཚོ་འདི་གཡོག་མོ་རེད།
- ཁྱོད་གསེར་མོ་མཚོ་ཡི་མཚོ་རི་ཉུལ་ནས།
- ང་ལ་ཐུག་ཏུ་ཤོག་ཟེར་ནས་གླུ་བླངས་ནས་བསྡད།
- དེ་ནས་གསེར་མོ་མཚོ་ཐུག་ཏུ་ཡོང་།
- ཉི་མ་བརྒྱ་བོ་ལ་གཉིས་ཀས་མཚོ་ཁ་ནས་ཁ་བརྡ་བྱས་ནས་བསྡད།
- དེ་ནས་གཡོག་ཐལ་མོ་སྐྱིད་ཀྱིས་ཤེས་སོང་།
- ཉིན་ཞིག་ལ་མོས་སྟ་རེ་ཞིག་བཟུང་ནས།
- མཚོ་ཁ་ཐུར་དུ་སོང་ནས།
- གཡོག་ཐལ་མོ་སྐྱིད་འདི་དཔོན་མོ་རེད།
- ང་དངུལ་མོ་མཚོ་འདི་གཡོག་མོ་རེད།
- ཁྱོད་གསེར་མོ་མཚོ་ཡི་མཚོ་རི་ཉུལ་ནས།
- ང་ལ་ཐུག་ཏུ་ཤོག་ཟེར་ནས་གླུ་བླངས་ནས་བསྡད།
- མོ་མཚོ་ཁ་ལ་བུད།
- མཚོ་ཁ་བུད་དུས་མགོ་ལ་སྟ་རེ་ཡིས་བརྒྱབ་ནས།
- མཚོ་ཡི་ཕྱེད་ཀ་ཁྲག་གིས་དམར་པོར་བཏང་ནས་ཕྱིར་མེད་སོང་།
- མོ་ཕྱིར་ཡོང་།
- དེའི་ཕྱི་ཉིན་དངུལ་མོ་མཚོ་ཡིས་ལུག་དེད་ནས་མཚོ་ཁར་སོང་ནས།
- གཡོག་ཐལ་མོ་སྐྱིད་འདི་དཔོན་མོ་རེད།
- ང་དངུལ་མོ་མཚོ་འདི་གཡོག་མོ་རེད།
- ཁྱོད་གསེར་མོ་མཚོ་ཡི་མཚོ་རི་ཉུལ་ནས།
- ང་ལ་ཐུག་ཏུ་ཤོག་ཟེར་ནས་གླུ་བླངས་ནས་བསྡད་མོད།
- ཡོང་རྒྱུ་མེད་པ་རེད།
- མོས་དེ་ལྟར་ཡང་ནས་ཡང་དུ་གླུ་དབྱངས་ནས།
- ངུས་ནས་དེ་ལྟར་བྱས།
- བར་ཞིག་ལ་གསེར་མོ་མཚོ་ཡིས།
- རས་དཀར་པོ་ཞིག་གིས་མགོ་དཀྲིས་ནས་མཚོ་ཁར་བུད།
- ཁ་སང་གཡོག་ཐལ་མོ་སྐྱིད་ཡོང་ནས།
- མགོ་ཐུར་དུ་སྟ་རེས་བརྒྱབ་ནས་མོ་བསད་པ་རེད།
- སང་ཉིན་ནས་བཟུང་ཁྱོད་ཀྱིས་མོར་བོས་རུང་།
- ཡོང་རྒྱུ་ཡོད་ནི་མ་རེད།
- མོ་ཡོང་རྒྱུ་མེད།
- ཁྱོད་ཀྱིས་བལྟས་ནས་བསྡད་ན།
- མཚོ་ཁ་འདི་ནས་མེ་ཏོག་སེར་ཆེན་ཞིག་ཏུ་མོ་སྐྱེས།
- དེ་ཡིས་སྐྱེས་ན་ཁྱོད་ཀྱིས་བལྟས་ན།
- མ་མོ་གྱོད་གྱོད་ཞིག་གི་ཟོས་འཇོག
- མ་མོ་གྱོད་གྱོད་དེ་ཡིས་ཟོས་བཏང་ན།
- མ་མོ་གྱོད་གྱོད་དེ་ལ་ཁྱོད་ཀྱིས་བལྟས་ནས་སྡོད་དང་།
- ཉིན་ཞིག་ལ་མ་མོ་གྱོད་གྱོད་དེས་སྐྱེ་ངེས།
- སྐྱེ་ན་དེའི་ལུ་གུ་ང་ཡིན་ཟེར།
- ཡ་ཟེར།
- ད་རུང་དེའི་ཚད་ནི་མ་རེད།
- དེ་ལྟར་བཤད།
- དེ་ནས་ཡང་གཡོག་ཐལ་མོ་སྐྱིད་ཀྱིས་ཤེས་སོང་ན།
- ལུ་གུ་བཤའ་དགོས་ཟེར་ནས་བཤས་འཇོག
- བཤས་བཏང་ན་ཉག་མ་ཁྱོད་ལ་སྟེར་ར།
- བྱིན་བཏང་ན་ཁྱོད་ཀྱིས་ཟ་མི་ཉན་ཏེ་ངའི་ཤ་རེད།
- ཁྱོད་ཀྱིས་དེ་བཟུང་ནས་སྡོད།
- ཁྱོད་ཀྱིས་དེ་ཟོས་ཚར་ཁུལ་བྱས་ནས་བཟུང་ནས།
- ཕུ་ཐུང་ནང་དུ་བཅུག་ནས་སྡོད།
- དེ་ནས་ཁོ་ཚོས་ཤ་ཟོས་ནས་རུས་པ་མར་ལ་འཕངས་ན།
- ཁྱོད་ཀྱིས་རུས་པ་དེ་ཐམས་ཅད།
- ཁྱོད་ཀྱི་ཁ་ནང་དུ་ཤོར་རུ་མ་འཇུག་ཟེར།
- ཁྱོད་ཀྱིས་ཁྱེར་ནས་སོང་ཏེ།
- ས་མགོ་གཙང་ས་ཞིག་ནས།
- རྒྱལ་བོ་ཚང་གི་འདབས་ནས་ཁྱོད་ཀྱིས་སྨོན་ལམ་ཞིག་བཏབ་ནས།
- དེར་གཏོར་ནས་ཉག་མ་དེར་བཞག
- ཁྱོད་བུད་ལ་ཤོག་ཟེར།
- དེ་ལྟར་བྱས་ན་ནངས་མོར་སྒ་ར་ཆེན་པོ་ཞིག་གིས་གྱུར་ཡོད།
- དེ་ནས་ངེད་གཉིས་ངོ་ཐུག་ཟེར།
- དེའི་བར་དུ་ལུ་གུ་བཤས་ནས།
- ཕྱིའི་ནངས་མོ་ནས་བོས་ན་ཡོང་རྒྱུ་ཡོད་ནི་མ་རེད་ཟེར།
- ཡ་ཡ་ཟེར།
- ཕྱིའི་ནངས་མོར་མོས་ལུག་དེད་ནས་མཚོ་ཁ་ཐུར་དུ་སོང་དུས།
- མེ་ཏོག་སེར་ཆེན་ཞིག་སྐྱེས་ཡོད།
- མ་མོ་གྱོད་གྱོད་ཞིག་གིས་ཟོས་པ་རེད།
- དེ་ནས་མ་མོ་གྱོད་གྱོད་ལ་མོ་ཡིས་བལྟས་ནས་བསྡད།
- མ་མོ་གྱོད་གྱོད་དེའི་ཉིན་ཞིག་ལ་སྐྱེ་བ་ཡིན།
- རྗེས་ན་ལུ་གུ་ཞིག་ཡོད།
- ལུ་གུ་དེ་མོ་ཡིས་རྗེས་དེད་ནས།
- སྔོན་ལ་སོང་རྗེས་ལ་སོང་།
- སྔོན་ལ་སོང་རྗེས་ལ་སོང་།
- དེ་ལྟར་མོ་ཏག་ཏག་གི་རྗེས་དེད་ནས་སོང་།
- དེ་ནས་རིལ་མ་བཏང་བ་ཐམས་ཅད་གསེར་རེད།
- དེ་ནས་མོ་ཡིས་རིལ་མ་དེ་བཏུས་ནས་བསྡད་ནས།
- གཡོག་ཐལ་མོ་སྐྱིད་ཀྱིས་ཤེས་སོང་།
- ཉིན་ཞིག་ལུ་གུ་དེ་ངེས་པར་དུ་བཤའ་དགོས་ཟེར་ནས་བཤས་པ་ཡིན།
- བཤས་ནས་མོ་ལ་ཉག་མ་བྱིན།
- དེ་ནས་ཉག་མ་མོ་ཡིས་ཟ་ཁུལ་བྱས་ནས་ཕུ་ཐུང་ནང་དུ་བསྡུས།
- དེ་ནས་མོ་ཡིས་ཤ་ཟོས་ནས་རུས་པ་མར་ལ་འཕངས།
- མོ་ཡིས་རུས་པ་དེ་ཁྱེར་ནས་སོང་སྟེ།
- རྒྱལ་བོ་ཚང་གི་འདབས་ནས་ས་མགོ་གཙང་ས་ཞིག་ལ་བླུགས་ནས།
- སྨོན་ལམ་ཞིག་བཏབ་ཏེ་ཕྱག་གསུམ་འཚལ་ཏེ་བུད་ཡོང་།
- ནངས་མོར་ནམ་ལངས་དུས་སྒར་བ་ཆེན་པོ་ཞིག་གིས་སྤྲུལ་ནས་བསྡད་ཡོད།
- དེ་ནས་བན་དེ་ཕྲ་གུ་ཕྲུ་གུ་ཡོང་ནས།
- ཨ་ཅེ་དངུལ་མོ་མཚོ་ཁྱོད་ལ་ན་ཚ་མ་བྱུང་ངམ་ཟེར་ནས་རྐེ་ལ་འཇུས།
- སེན་མོ་སྒ་རུ་སྒུར་རུ་ཡོང་ནས།
- དངུལ་མོ་མཚོ་ཁྱོད་ལ་ན་ཚ་མ་བྱུང་ངམ་ཟེར་ནས་རྐེ་ལ་འཇུས།
- དེ་ནས་རྒྱལ་བོ་དེས་གན་ཅི་ཞིག་ཡིན་ཟེར།
- མི་ཤེས་ཏེ་ཁྱོད་སོང་ནས་དྲིས་ཟེར།
- དེ་ནས་སོང་དུས་གསེར་ཁྲི་ཞིག་གི་སྟེང་དུ།
- གསེར་གཞི་ཅན་གྱི་བླ་མ་བཞུགས་ཡོད།
- དེ་ནས་ཁྱོད་ཅི་ཞིག་ཡིན་ནམ།
- ཁྱོད་ཀྱིས་ཁོང་ཚང་གི་གཡོག་མོ་དེ་ལ།
- ཨ་ཅེ་ཁྱོད་ལ་ན་ཚ་འདྲ་མ་བྱུང་ངམ་ཟེར་ནས།
- ཁྱོད་ཀྱི་བན་དེ་ཕྲ་གུ་ཕྲུ་གུ་ཡོང་ན།
- ཡང་རྐེ་ལ་འཇུས་ནས་འཚམས་འདྲི་བྱེད།
- སེན་མོ་སྒ་རུ་སྒུ་རུ་ཡོང་ན།
- ཡང་ཁྱོད་ལ་ན་ཚ་མ་བྱུང་ངམ་ཟེར་ནས་རྐེ་ལ་འཇུས།
- ཁྱོད་ཅི་ཞིག་ཡིན།
- གན་གི་ཅི་ཞིག་ཡིན་ཟེར།
- དེ་ནས་བསྡད་ནས་ཁྱོད་ཀྱི་ཆུང་མ་དེ་འདྲེ་མོ་ཞིག་ཡིན་ནི་རེད།
- དེ་ནས་ཐོག་དང་པོར་ཁོང་གཉིས།
- དངུལ་མོ་མཚོ་དང་ངེད་གཉིས་རྒྱལ་བོ་ཞིག་གི་སྲས་མོ་ཡིན།
- ཁྱོད་ཀྱི་ཨ་ཡེ་གཡོག་ཐལ་མོ་སྐྱིད་རེད།
- ཁོང་གི་གཡོག་མོ་རེད།
- དེ་འདྲེ་མོ་ཞིག་རེད།
- ཁོང་གཉིས་ཀྱི་གསེར་ཟོའུ་དངུལ་ཟོའུ་ཆུར་བསྐུར་ནས།
- ཡུལ་ལ་ཡོང་ན་མི་ཆོག་ཞེས་ཁོང་གཉིས་ལ་མགོ་གཡོགས།
- དེ་ལྟར་བསམ་པ་གནག་པ་ཡིན།
- མོ་མཚོ་ནང་དུ་ལྡིང་བ་ཡིན།
- མོས་དེ་ལྟར་རང་སྲོག་བཅད་པ་ཡིན།
- དེ་ནས་དངུལ་མོ་མཚོ་མཚོ་ཁ་ཐུར་དུ།
- ཁྱེད་ཀྱི་ལུག་རྫི་བྱས་ནས་ཡོང་ནས།
- མོར་བོས་ནས་འདུག་ཏུ་མ་བཅུག་པར།
- མོ་སྙིང་རྗེ་ནས་མཚོ་ཁར་བུད་ནས།
- ཁོང་གཉིས་ཀྱི་ཁ་བརྡ་བྱས་པ་དེ་ཤེས་ནས།
- ཡང་སྟ་རེ་བཟུང་ནས།
- མོའི་མགོ་ཐུར་ལ་བརྒྱབ་ནས་བསད་པ་ཡིན།
- མོ་དེ་ལྟར་བསད་པ་ཡིན།
- དེ་ནས་མོ་སྐྱེས་པ་རྗེས་མར་ལུ་གུ་ཞིག་ཏུ་སྐྱེས།
- ལུ་གུ་ཞིག་ཏུ་སྐྱེས་ནས།
- ཡང་དངུལ་མོ་མཚོ་ཡིས་སྔོན་ལ་སོང་ནས་རྗེས་ལ་སོང་ནས།
- མོ་རྗེས་ལ་དེད་ནས་སོང་དུས་ཁྱོད་ཀྱི་ཨ་ཡེ་ཡིས་ཤེས་ནས།
- གཡོག་ཐལ་མོ་སྐྱིད་ཀྱིས་ཤེས་སོང་།
- ཡང་གན་བཤའ་དགོས་ཟེར་ནས་བཤས་སོང་།
- མོ་དེའི་རྣམ་ཤེས་ཡིན།
- མོ་དུང་མོ་མཚོ་ཡི་ཨ་ཅེ་ཡིན།
- དངུལ་མོ་མཚོ་ཡི་ཨ་ཅེ་ཡིན།
- དངུལ་མོ་མཚོ་དེང་མ་ཁྱོད་ཀྱིས་བཙུན་མོ་འདེམས་དུས།
- ཁྱོད་ཀྱིས་བཙུན་མོ་འདེམས་པ་དེ་རེད་ལ།
- གཡོག་ཐལ་མོ་སྐྱིད་ཀྱིས་མདའ་ཐམས་ཅད།
- མོ་ཡི་ཅོ་དོ་ཐོག་ཏུ་དྲངས་པ་རེད་ཟེར།
- ཁྱོད་ཀྱིས་བཤད་པ་བདེན་ནམ་ཟེར།
- བདེན་མི་བདེན་ཁྱོད་ཀྱིས་དོང་རིམ་པ་དགུ་བརྐོས་ནས།
- ནང་དུ་ནུ་མ་ཞིག་བླུགས་ནས།
- ཁ་ལ་དར་སྐུད་ཅིག་འཐེན།
- དེའི་ཐོག་ཏུ་སུ་འགྲོ་ཐུབ་ན་དེའི་ཁྱོད་ཀྱི་བཙུན་མོ་ཡིན་ཟེར།
- འགྲོ་མི་ཐུབ་པ་དེ་མིན།
- བླ་མ་དེས་ཁོས་བཤད་པ་མི་བདེན་པ་ཡིན་ཟེར།
- ཡ་ཡ་ཟེར།
- དེ་ནས་དར་སྐུད་ཅིག་འཐེན་ནས།
- དོང་རིམ་པ་དགུ་ཡི་ནང་དུ་ནུ་མ་ཞིག་བླུགས་ནས།
- ཁ་ལ་དར་སྐུད་ཅིག་འཐེན་ནས།
- དེའི་ཐོག་ནས་ཡོང་ཐུབ་པ་དེ།
- དངུལ་མོ་མཚོ་དང་གཡོག་ཐལ་མོ་སྐྱིད་གཉིས་ཡོང་དུ་བཅུག
- ཡོང་ཐུབ་པ་ཁྱོད་ཀྱི་བཙུན་མོ་ཡིན།
- ཡོང་མི་ཐུབ་ན་ནང་དུ་ལྷུང་འགྲོ་ཟེར།
- དེ་ནས་དངུལ་མོ་མཚོ་ཡོང་དུ་བཅུག
- ཕ་རོལ་ནས་དོང་དེའི་ཁ་ནས་དར་སྐུད་དེའི་སྟེང་ནས་བུད་ཡོང་།
- དེ་ནས་གཡོག་ཐལ་མོ་སྐྱིད་དེ་ཡོང་དུ་བཅུག
- གཡོག་ཐལ་མོ་སྐྱིད་དེའི་ནང་དུ་ལྷུང་སོང་།
- དེ་ནས་བདེན་ན་བདེན་ན་ཁྱོད་བདེན་གི་ཟེར་ནས།
- དུང་མོ་མཚོ་དེ་རྒྱལ་བོ་ཡི་བཙུན་མོ་བྱས་ནས།
- སྐྱིད་པོ་བྱས་ནས་ཁོ་ཚོ་བསྡད་པ་ཡིན།