Skip to main content Skip to search
15 Dec 2011
31 min 21 sec
Rating
0
No votes yet
Video Overview
Creators: 
Unknown

Jampa at Sera Monastery introduces the significance of Saga Dawa and the life and deeds of the Buddha.

Show More

  • ཡོན་ཏན་ནི་རིན་ཆེན་མང་པོའི་ཚོགས་མངའ་ཞིང་། ཚེ་རབས་ཡེ་ཤེས་ཡོངས་སུ་དག་པའི་སྐུ། གསེར་གྱི་རྡོ་རྗེ་ལྷ་དང་མིས་མཆོད་པ། བཅོམ་ལྡན་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། ཟེར། 
  • དཱ་འདེའི།ཨེ།སྟོན་པ་ཤཱཀྱ་ཐུབ་པ་ད་ང་ཚོ་ནང་པ་སངས་རྒྱས་ཀྱི་སྟོན་པ་ཤཱཀྱ་ཐུབ་པ་ཨ་ནི། རྣམ་ཐར་ད་མདོར་བསྡུས་གཅིག་ཞུས་པ་ཡིན་ན། ད་སྟོན་པ་ཤཱཀྱ་ཐུབ་པ་འདི་ནི་རྒྱ་གར་རྡོ་རྗེ་གདན་དུ་ལོ་ཉིས་སྟོང་ལྔ་བརྒྱའི་གོང་ལ། ད། ཡབ་ཟས་གཙང་སྲས། ཡུམ་སྒྱུ་མ་ལྷ་མཛེས་གཉིས་ཀྱི་སྲས་སུ།འོ།འཁྲུངས་བྱས་ད་འདུག་ཟེ་བྱུང་པ་༼བ་༽རེད། 
  • ད་འདིའི་རྣམ་པར་་དག་པ་ཐུན་མོང་བ་འདུལ་བྱ་ཐུན་མོང་བའི། ད། མཛད་པ་བཅུ་གཉིས། མཛད་པ་བཅུ་གཉིས་འདུལ་བྱ་ཐུན་མོང་བའི། ད། ནང་ལོགས་སུ་ཡོད་པ་ད་འདི་འདྲས་ཞིག་འདུག་ཟེ་རོབ་བསྡུས་གཅིག་ཞུས་པ་ཡིན་ན། 
  • ཨ་ནི། དང་པོ་བཅོམ་ལྡན་འདས། དེ་ཉིད། ད།ཨན། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད།  བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཡས་འདི། དང་པོ། ཨན།ད།ག་རེ་ཟེར་གོ་༼དགོས་༽རས་༼རེད༽། ང་ནི་དངོས་འཛིན་གནོན་པར་འགྱུར་ཡས་འདི། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་ཆེན་ལ་མཇལ་ཁ་ཞིག་བྱས་ནས། དང་པོ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ་ཞེས་གསུངས་པ་ནང་བཞིན་རེད་པཱ། 
  • མཛངས་ཀྱིས་ད། མཛངས་ཀྱིའི་སྐྱེས་བུ་སྣང་བྱེད་དུ་འགྱུར་བའི་ཚེ། དེ་བཞིན་གཤེགས་པ་ཤཱཀྱ།ཤཱཀྱ་ཐུབ་ཆེན་གྱི་དྲུང་དུ་ཐུགས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། ད།མངོན་པར་རྫོགས་པར་སངས་རྒྱས། 
  • འོ།དེ་ད།མཐར་མངོན་པར་རྫོགས་པ་སངས་རྒྱས་པ། ད།མཐར་མངོན་པར་རྫོགས་པ་སངས་རྒྱས་པ་ཟེར་དུས་ལ། ད།དང་པོ།སྔོན།སྔོན།འདས་པའི་སངས་རྒྱས་འོད་སྲུངས་། འོད་སྲུངས་ཀྱི་སྐབས་སུ། ཨ་ནི། སྟོན་པ་ཤཱཀྱ་ཐུབ་པས་ད་འདི། འདིའི་ད།བྲམ་ཟེའི་ཁྱེའུ། བྲམ་ཟེའི་ཁྱེའུ་བླ་མའི་སྐུ་བསྐྱེད་ཞེས། 
  • དེའི་སྐབས་སུ་སངས་རྒྱས་འོད་སྲུངས་ཀྱིས།ད།ཨན། མ་འོངས་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་དེ་བར་གཤེགས་པ་འཇིག་རྟེན་ཁྱབ་པ། སྐྱེས་བུ་འདུས་པ། མཁའ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་འཇིག་རྟེན་དུ།ད།བྱུང་བ་ལུང་བསྟན། 
  • དེ་ནས་དེའི་སྐུ་རྒྱ་ཆེན་མོ་དེ།ཨན།དགའ་ལྡན་དུ་ལྷའི་བུ་དམ་པ་ཏོག་དཀར་པོའི་སྐྱེ་བ་བཞེད་པ་རེད། ལྷའི་བུ་དམ་པ་ཏོག་དཀར་པོ། ད།དགའ་ལྡན་འདི་ང་རང་ཚོ། ད།ཟེར་རྒྱུན་ནམ་རྒྱུན་དགའ་ལྡན་འདོད་ལྷ་རིགས་དྲུག་གི་ནང་གི་དགའ་ལྡན། དེ་ལས་ཨ་ནི་གྲོགས་ལ་གོམས་པའི་ཚུལ་དུ་ཡོད་པའི་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ། ཨ་ནི། ལྷའི་རྒྱལ་པོའི་༼པོ་༽བྱས། ད།ལྷ་ལ་ཆོས་གསུངས། 
  • ལྷའི་བུ་དམ་པ་ཏོག་དཀར་པོ་ཞེས་མཚན་གསུངས། ལྷའ་ཨིབུ་དམ་པ་ཏོག་དཀར་པོ་འདི་ཉིད། ད།དགའ་ལྡན་དུ་ཆོས་གསུངས། གསུངས་ནས་བཞུགས་པ་ནས། དེ་ནས།ཨན།སྔོན་གྱི་སྨོན་ལམ་དང་ད་དེ་བཞིན་གཤེགས་པའི་སྐུལ་བ་ལ་བསྟན་ནས། འཛམ་བུའི་གླིང་དུ། ད།ཨན།མཛད་པ་བཅུ་གཉིས་དེ་མཚོན་བྱེད་ནས། ད།འཛམ་བུའི་གླིང་དུ་འཕོ་བ། འོ་དེ་ལ།དེ་ནི། མཛད་པ་བཅུ་གཉིས་དེ་ག་༼གང་༽འདྲས་ཟེ་བྱས་པ་རེད་ཟེར་ན། 
  • དང་པོ་དེ་དགའ་ལྡན་གནས་ནས་འཕོ་བ་ཟེ། མཛད་པ་དང་པོ་དེ་རེད་བཞག། དགའ་ལྡན་གནས་ནས་འཕོ་བ། འོ་དགའ་ལྡན་གནས་ནས་འཕོ་བ་དེ། ད།ཨན། ག་རེ་ཟེར་གོ་༼དགོས་༽རེད། ད།གཟིགས་པ་ལྔ་ཡིས། གཟིགས་པ་ལྔ་ཡིས། ད།དགའ་ལྡན་གནས་ནས་འཕོ་བ་རེད་ དགའ་ལྡན་ནས་འཕོ་བ་དེ་རྩིས་ན། 
  • ད།བདེ་གཤེགས་བསྐྱེད་ཀྱི་ཅོད་པན་མ་ཕམ་དབུར། བཅིངས་སྟེ་གཟིགས་པ་ལྔ་ཡིས་འཛམ་གླིང་འགྲོ། ཡང་དག་ལམ་ལ་དཀྲིད་༼འཁྲིད་༽ཅིང་དགའ་ལྡན་ནས། ཕུན་ཚོགས་དམ་པ་ཏོག་དཀར་ཕྱག་འཚལ་ལོ། ཟེ། 
  • འོ་དེ་ཟེར་བ་སོང་ཙང། ཨན།དགའ་ལྡན་ནས་འཕོ་བ། འཕོ་བ་དེ་ཚོ། ད།དགའ་ལྡན་གྱི་ལྷ་རྣམས་ཀྱིས། ད།མྱ་ངན་བྱས་བྱས། ཨན།དམ་པ་ཏོག་དཀར་པོ་མི་ཡུལ།མི་ཡུལ་ལ་འཕོ་བ་ཡིན་ན། ང་ཚོ་ལྷ་ལ་ཆོས་བཏོན་མཁན་མི་འདུག་ཟེ། 
  • དེ་འདྲས་མྱ་ངན་བྱས་བ་༼པ་༽དེ་ལ། ཨ་ནི། ཨན།དམ་པ་ཏོག་དཀར་པོ། ཁོ་རང་གིས། ད།ཨན།ཅོད་པན་དེ།ཨན།རྗེ་བཙུན།རྗེ་བཙུན་བྱམས་པའི་དབུ་ལ་བཅིངས། རྗེ་བཙུན་བྱམས་པ་ཚབ་ལ་བསྐོས། ཨན།ལྷ་རྣམས་ལ། ད།ལྷ་མཁྱེན་ཚོ། ཨན།སེམས་ཕངས་བ་མ་རེད་ཟེར། ང་འཛམ་བུ་གླིང་ལ་ཕྱིན་ན། ཁྱོད་ཚོ་ལ། ཆོས་བཏོན་མཁན་རྒྱལ་བ་རྗེ་བཙུན།བྱམས་པ། བྱམས་མགོན་གྱིས་ཆོས་བཏོན་པར་འགྱུར་ཟེར། 
  • དེ་གསུངས་པ་ལ་བརྟེན་ནས། ཨན།ལྷ་རྣམས་ཀྱི། ད།ཡིད་ཚིམས་བྱས། ཨོའོ།རྗེ་བཙུན་བྱམས་མགོན་བ་ལ།རྒྱལ་བ། ཨན།རྗེ་བཙུན་མི་ཕམ། མི་ཕམ་མགོན་པོ་ཟེར། མི་ཕམ་པ་ཟེར་ཡས་དེ། ལྷ་རྣམས་ཀྱི་སེམས་མི་ཕམ་པར་འགྱུར་བྱས། ཨོའོ།རྗེ་བཙུན་མི་ཕམ་པ་ཟེར་ཡས་དེ་ཡིན་པར་འདྲ། 
  • ཨན།ད།ཁོ་རང་གིས་རྗེ་བཙུན་བྱམས་མགོན་གྱི་དབུའི་ཐོག་ལ་མཆོད་རྟེན་བཞག་ཡག་དེའི་འོ་དེ་འདྲས་ཟེ། ཨན།དམ་པ་ཏོག་དཀར་པོའི། དཱ།རྒྱལ་ཚབ་ཏུ། རྒྱལ་ཚབ་བཞེས་བྱས་ལྷ་ལ་ཆོས་གསུངས། དེ་ནས་སྟོན་པ་ཤཱཀྱ་ཐུབ་པ་དེ་ནི། ད།གཟིགས་པ་ལྔ་ཡིས།ཨོའོ།འཛམ་བུའི་གླིང་དུ་འཕོ་བ། 
  • དང་པོ། དགའ་ལྡན་གནས་ནས་འཕོ་བ་དེ་མཛད་པ་དང་པོ་དེ་བྱས། ཨན།དཱ།མཛད་པ་གཉིས་པ་དེ། ཨན།ད།ལྷུམས་སུ་བཞུགས་པ་དེ་རེད། ལྷུམས་སུ་བཞུགས་པའི་མཛད་པ། ལྷུམས་སུ་བཞུགས་པའི་མཛད་པ་དེ།
  • ས་ག་ཟླ་བའི་ཡར་ཚེས་བཅུ་ལྔའི་བཙན། སྒྱུ་འཕྲུལ་ལྷ་མོ་ཚོ་ཆུང་ལ་ནས་བཏུས། གླང་ཆེན་ཐལ་དཀར་བྱི་བ་གྲོང་ལྡན་གྱི། རྣམ་དག་ལྷུམས་སུ་བཞུགས་ལ་ཕྱག་འཚལ་ལོ། ཟེར་བ་ནང་བཞིན། ད།ལྷུམས་སུ་བཞུགས་པ་དེ། 
  • ད་དང་པོ་འཕོ་བའི། ཨན།འཕོ་བའི་མཛད་པའི་སྐབས་སུ་གཟིགས་པ་ལྔ་ཡིས། ཡུལ།ཡུལ་ལ་གཟིགས་པ། ཨན།དུས་ལ་གཟིགས་པ། ད།ཨན།རུས་རྒྱུད།ཡུལ་རིགས།རིགས་རྒྱུད་ལ་གཟིགས་པ། ད་ཡུམ་ལ་གཟིགས་པ། འོ་དེ་འདྲས། ད།ཨན།གཟིགས་པ་ལྔ་ཡིས།འཛམ།འཛམ་བུ་གླིང་ལ་འཕོ་བ་རེད་པཱ། 
  • འོ།ད།གཟིགས་པ་ལྔའི་ནང་ནས། ཡུམ་སྒྱུ་མ་ལྷ་མཛེས་ལ་གཟིགས་པ་རེད་པཱ། ད།སྒྱུ་མ་ལྷ་མཛེས་ས་ག་ཟླ་བའི་བཅོ་ལྔའི་དེ་ནི་གསོ་ཆུང་ལ་གནས་པའི་དེའི་ཚེ་ན། ཨ་ནི། ཨན།དགའ་ལྡན་གནས་ནས་འཕོ་བྱས། 
  • ད།གླང་པོ་ཆེ་ཐལ། དེ་འདྲས། ད།གླང་པོ་ཆེ་དཀར་པོ་མཆེ་བ་དྲུག་དང་ལྡན་པ་དེ་འདྲས་གཅིག་གིས་རྣམ་པར་གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་གྱི་རྣམ་པའི་ཡུམ་གྱི་ལྷུམས་སུ་བཞུགས། ཨན།དེ་མཛད་པ་གཉིས་པ་དེ་བྱས། ལྷུམས་སུ་བཞུགས་པའི་མཛད་པའི་དེ། ཨན།ད།མཛད་པ་གསུམ་པ་དེ་སྐུ་བལྟམས་པའི་མཛད་པ་དེ་རེད་བཞག། 
  • སྐུ་བལྟམས་པའི་མཛད་པ་དེ་བཅོམ་ལྡན་འདས་དེ་ཉིད། ད།ཡུམ་གྱི་ལྷུམས་སུ་དེ་ནི་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་བཞུགས་པ་ནས། ཨོ་ཟླའི་ཚེས་བཅུ་ལྷུམས་ཡས་ནས་བརྩམས་ཚེ། ད།དེ་ཟེར་བ་ནང་བཞིན་ཟླ་བ་དགུ་ལྷག་ཙ་༼ཙམ་༽ཞིག་ད་ལྷུམས་སུ་བཞུགས། 
  • རྟེན། དེ་ནས། ཨན།ཨོ་ཟླ་བ། ད།ཟླ་བ་གཉིས་པའི་ཡིན་པའི་འདྲ། ཨོ་ཟླ་བ། ཨོ་ཟླ་བའི།ཨན།ཚེས་བཅུ་ལ། ད།བཀྲ་ཤིས་ལུམ་བིའི་ཚལ་དུ་སྐུ་བལྟམས་པ་རེད། བཀྲ་ཤིས་ལུམ་བིའི་ཚལ་དེ། ད་ལྟ། ད།བལ་པོའི་ས་ཆ་ལ་ཡོའོ་རེད་པཱ། ནེས་པ་ལའི་གྱི་༼ཡི་༽ས་ཆ། འོ་དེས་བཀྲ་ཤིས་ལུམ་བིའི་ཚལ་དུ་ཡུམ་སྒྱུ་མ་ལྷ་མཛེས་དེ་ཉིད་ཀྱི། 
  • ཨན།བྱང་ཆུབ་ཤིང་གི་ཡལ་ག་ལ། ཕྱག།ཕྱག་གིས་འཇུས་བྱས། ཨ་ནི། ཨན།ད།མཆན་ཁུང་གཡས་པ་ནས། ཨ་ནི། བདེ་བར་བཙས། ང་རང་ཚོ། ད།མངལ་སྐྱེས།ད་སྔར་མངལ་སྐྱེས་འདི་འདྲས་ནང་བཞིན་མ་ཡིན་པ།མཆན་ཁུང་གཡས་ནས་བདེ་བར་བཙས། 
  • མར་བཙས་མ་ཐག་ཏུ།དེ་ནི། ཨན།ག་རེ་ཟེར་གོ་༼དགོས་༽རེད། ད།གངས་རྩེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་དེ། ས་ཆེན་དེ་ལ་གོམ་པ་མཐོན་པོ་ནས་ཟེར་བ་རྣམས་ཀྱི། བཙས་མ་ཐག་ཏུ་ད།གསུངས་བྱོན་པ་ད།༼དང་།༽ 
  • ཨ་ནི། ཨན།གོམ་པ་བདུན་སྤོར་༼སྤོས་༽བྱས། གོམ་པ།གོམ་པ་བདུན་བརྒྱབ་བྱས་གོམ་པ་རེ་རེ་ལ།མེ་ཏོག། མེ་ཏོག་པདྨ་རེ་རེ་འཁྲུངས་པ། འོ་དེ་འདྲས།ཨན།བྱས་བྱས། ད།ཨན།སྐུ་འཁྲུངས། འོ། སྐུ་འཁྲུངས་ཏེ་དེ་ནི་ཚངས་པ་དང་བརྒྱ་སྦྱིན་ལ་སོགས་པའི། ད།འཁྲུས་དང། ཨ་ནི། ཨན།ད།གོས་ལ་སོགས་པ་དེ་འདྲས་འཕུལ་བྱས། བཀུར་སྟི་ཕུན་སུམ་ཚོགས་པ་བྱས། 
  • འོ་དེ། ད།དེ་རེད་བཞག། མཛད་པ་གསུམ་པ་དེ། ཨན།སྐུ་བལྟམས་པའི་མཛད་པ་དེ། ཨན།སྐུ་བལྟམས་པའི་མཛད་པ། འོ་དེ་སྐུ་བལྟམས་ནས། དེ་ནི་མཚན་མཁན་ལ་བསྟན་པས་། མཚན་མཁན་རྣམས་ཀྱི་དེ་ནི་དྲང་སྲོང་དེ་ཚོས། ད།འདི། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན། མངོན་པར་རྫོགས་པར་སངས་རྒྱས་ཀྱི་རེད་ཟེར། 
  • ཨན།ད།རྒྱལ་སྲིད་བསྐྱངས་བྱས་བཞུགས་པ་ཡིན་ན། འཁོར་ལས་འགྱུར་པའི་རྒྱལ་པོའི། ད།ཡོང་ཡས་ཀྱི། ཨན།ད།འདི་འདྲས་བསོད་ནམས་གཅིག་ཡོའོ་རེད་ཟེར། འོ་འདི་འདྲས་བྱས། ཨ་ནི། མཚན་ལ་གཞོན་ནུ་དོན་གྲུབ་ཟེར། རྒྱལ་བུ་གཞོན་ནུ་དོན་གྲུབ་ཟེར་མཚན་གསོལ། ཨོའོ།ད།བྱང་ཆུབ་སེམས་པ་རྒྱལ་བུ་གཞོན་ནུ་དོན་གྲུབ་ཀྱི་མཚན་གསོལ།
  • ཨོའོ།དེའི།ད།སྐུ་བལྟམས་པའི་མཛད་པ་དེ་བྱས། སྐུ་བལྟམས་པའི་མཛད་པ། མཛད་པ་གསུམ་པ་དེ་བྱས། ད།དེ་ནས་རྒྱལ་སྲིད་ལ་བཞུགས་ནས། ད།བཟོ་བའི་གནས་ལ་མཁས་པ་ཟེ།མཛད་པ་བཞི་པ་དེ་རེད་བཞག། 
  • ཨན།ད།བཟོ་གནས་ལ་མཁས་པ་ཟེར་ཡག་༼ཡས་༽འདི། ད།དཔེར་ན། གཅིག་གིས། རིག་བྱེད་ལ་སོགས་པ་དང་། ད།གཅིག་གི། ཨན།རྩིས།ཡི་གེ།ཡི་གེ་ལ་སོགས་པ་དེ་མ་ཡིན་པའི་ད་གཅིག་གི། ད།མཆོངས་མཆོངས་རྒྱག་ཡག་༼ཡས་༽སོགས་ད་འཇིག་རྟེན་གྱི་ད་གང་ལྟར། 
  • ད་འགྲན་རྩོད་བྱེད་ཡས། གཅིག། ད།བཟོ་བོའོ་གནས། ཚང་མ་ལོགས་ལ་མཁས་པ། འོ་དེ་ད། སྐྱེ་བོ་གཞན་དང་མི་འདྲ་བ། བསྟན་པ་ཙམ་གྱི་ལམ་སང་༼སེང་༽ཐུགས་སུ་ཆུད་མཁན། 
  • ལམ་སང་༼སེང་༽ཤེས་པ། འོ་དེ་འདྲས་གཅིག་བྱས་བྱས། ད།རྒྱལ་སྲིད་བསྐྱངས་བྱས། ཨན།ད།བཟོ་བོའི་གནས་ལ་མཁས་པའི་མཛད་པ། མཛད་པ་བཞི་པ་དེ་རེད། ད།མཛད་པ་ལྔ་པ་དེ་རྩོམ་༼བཙུན་༽འཁོར་གྱི་བསྐོར་བའི་མཛད་པ་དེ་རེད། 
  • འོ།དེ་ད།རང་ལོ་ཉེར་དགུའི་བར་དུ་བཞུགས་པ་རེད། དགུང་ལོ་ཉི་ཤུ་རྩར་དགུ་མ་སླེབས་བར་དུ་ལ་ཡ། རྒྱལ་པོའི་སྲིད་བསྐྱངས། བཙུན་མོ་ད་གསང་གཙོ་དང་སྦྲང་རྩིའི་མ་ལ་སོགས་པའི། ཨ་ནི། བཙུན་མོ་འཁོར་གྱིས་བསྐོར་ནས། ད་རྒྱལ་སྲིད་བསྐྱངས། ཨོའོ།རྒྱལ་སྲིད་བསྐྱངས་ནས། དེ་ལ།བཙུན་མོ་འཁོར་གྱི་བསྐོར་བའི་མཛད་པ་ཟེར། 
  • ད།ཨན།མཛད་པ་ལྔ་པོ་དེ། ཁྱིམ་ལ་གནས་པའི་མཛད་པ། ཁྱིལ་ལ་གནས་པའི་མཛད་པ་ཟེར་གྱི། ཕོ་ལུང་བསྐོར་ཐང་བཟོ་གནས་གཙོ་༼བཙུན་༽འཁོར་ལྔ་ཟེ། འོ་དེ་འདྲས་ཟེ་བྱས་བྱས། བཙུན་མོ་འཁོར་གྱིས་བསྐོར་བའི་མཛད་པ་དེ་བྱས། 
  • ད།དེ་ནས་དགུང་ལོ་ཉེར་དགུ་ནས།ཉི་བཤུ།ཉེར་དགུ་ལ།སླེབས།ཕེབས་དུས། ད།རྒྱལ་སྲིད་སྤངས་བྱས། ད།ངེས་པར་འབྱུང་བའི་མཛད་པ་དེ་མཛད་པ། ཁྱིམ་ནས།
  • ངེས་པར་འབྱུང་བའི་མཛད་པ་དེ། དང་པོ། ད།གྲོང་ཁྱེར་གྱི་ད།སྒོ་བཞི་ནས་སྒོ་བཞི་ལ་ཕེབས་དུས། སྒོ་བཞི་ནས། དེ་ནི།རྒ་བ་དང་ན་བ་དང་འཆི་བ་དང་དགེ་སློང། འོ་དེ་འདྲས་གཟིགས་པའི་རྐྱེན་བྱས། རྟེན། དེ་ནི།བྱང་ཆུབ་མཆོག་ད་ག་རེ་ཟེ་གོ་༼དགོས་༽རེད། 
  • ཨན།ངེས་པར་འབྱུང་བ། ངེས་འབྱུང། ངེས་པར་འབྱུང་བ་ད།ཨན།ངེས་པར་འབྱུང་བའི་མཛད་པ་ཟེ། ད།རབ་ཏུ་བྱུང་བ། ད།ངེས་འབྱུང་སྐྱེས་བྱས། ད།ངེས་འབྱུང་ཟེར་ཡས་དེ། ང་རང་ཚོ་འཁོར་བ་སྤྱི་དང་བྱེ་བྲག་གི་ཉེས་དམིགས་ལ་བསམས་ནས།
  •  ཨ་ནི། དེ་ལས་ལྡོག་པར་བ། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་བསམ་བློ་དེ་ངེས་འབྱུང་ཟེར་གྱི་རེད་པཱ།
  • འོ། ངེས་འབྱུང། ངེས་འབྱུང་གི་སེམས་ཀྱིས་ཀུན་ནས་བླངས་ནས། ད།ཨན།ཁྱིམ་ནས། ཁྱིམ་མེད་པར་རབ་ཏུ་བྱུང་།མཆོད་རྟེན་རྣམ་དག་གི་དྲུང་དུ། ཨོའོ།ད།ཁོ་རང་གི་དབུ་སྐྲ་ཁོ་རང་གིས་བྲེགས། ད།ཨན།དེ་ནི་གོས་རིན་ཐང་ཅན་དེ་༼འདི་༽གས་ཕར་ག་རེ་རེད།མངོན་པར་རེ་གཅིག་ལ་ཕར་སྤྲད། ཨོའོ།ད།ཕྱག་བདར་སྒྲོལ་གྱི་གོས་བཞེས།
  • ཨན།ད། ངུར་སྨྲིག། གོས་ངུར་སྨྲིག་བཞེས། གོས་ངུར་སྨྲིག་བཞེས་བྱས། ཨན།རབ་ཏུ་བྱུང་བའི་མཛད་པ་མཛད། འོ།དེའི་རབ་ཏུ་བྱུང་བ་དེ། ད།ཨན།མཁན་སློབ་ལ་སོགས་པའི་སྙན་པར་རྫོགས་པ་རབ་ཏུ་བྱུང་བ་དེ་འདྲས་མ་ཡིན་པ།
  • རང་བྱུང་གི་སྒོ་ནས་སྙན་པར་རྫོགས་པ་ཟེར། རང་བྱུང་གི་སྒོ་ནས་སྙན་པར་རྫོགས་པ་ཟེར་གྱི་ཡོའོ་རེད། དེ་རབ་ཏུ་བྱུང་བའི་མཛད་པ། མཆོད་རྟེན་རྣམ་དག་དྲུང་དུ། རབ་ཏུ་བྱུང་བའི་མཛད་པ་དེ་བྱས།
  • ད།ཨན། ཨན།ངེས་འབྱུང། ད།ངེས་འབྱུང་དེ་བྱས་ནས་རབ་ཏུ་བྱུང་ཚར་ནི། ད།ཨན།ལོ་དྲུག་དཀའ་བ་སྤྱད་པའི་མཛད་པ། ལོ་དྲུག་དཀའ་བ་སྤྱད་པའི་མཛད་པ་དེ། མཛད་པ་རེད། ལོ་དྲུག་དཀའ་བ་སྤྱད་པའི་མཛད་པ། མཛད་པ་དེ།  
  • དེ་ནི། ཨན། ད་གཅིག་གི་རྡོར་རྗེ་གདན་གྱི་ད། ཞོག་ཤར་ངོས་ག་རེ་ཟེར་གོ་༼དགོས་༽རེད། ཆུ་ནེ་རེན་ཛཱ་ནཱའི་འགྲམ་དུ་དེ་ནི།ཨན།ལོ་དྲུག་དཀའ་བ་སྤྱད། ལོ་དྲུག་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས། ད།ཟས་མ་བཟོས་པ། མ་བཟོས་པ་བྱས། ལོ་དྲུག་དཀའ་བ་སྤྱད།
  • ཨེའི། ལོ་དྲུག་དཀའ་བ་སྤྱད་པའི་མཛད་པ་ཟེར་གྱི་ཡོའོ་རེད། འོ་དེ། དེ་ནི་ལོ་དྲུག་དཀའ་བ་སྤྱད་པའི་མཛད་པ་དེ་བྱས། ངེས་འབྱུང་དཀའ་སྤྱད།ད། ཤིང། ད།དེ་ནས།ལོ་དྲུག་དཀའ་བ་སྤྱད་ནས། ལོ་དྲུག་ཕྱིན་ཚར་པ་༼བ་༽ནས།
  • ད་དེ་ནས། མངོན་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ད་མངོན་དུ་བྱས་པ་ལ། ད། ཟས་རགས་པ་ལ་བརྟེན་བྱས། ཨེའི།ད། ཟས་རགས་པ་ལ་བརྟེན་བྱས། སྔན་༼སྔོན་༽ལ་ད། ལོ་དྲུག་དཀའ་བ་སྤྱད་བྱས། སྐུ་གཟུགས་སྐམ་པོ་ཆགས་བསྡད་པ་དེ། ད།ཚུར་གསོས་བྱས། 
  • ཨ་ནི། མངོན་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བྱས།བྱས་པར་ལ་ཐུགས་ལ་དགོངས་དུས། དེ་ནི་ཞིང་པའི་བུ་མོ་ལེགས་སྐྱེས་མ་ལ་སོགས་པས། ད།བ་སྟོང་གི་འོ་མ་དང། འོ་དེ་འདྲས་འཕུལ་བྱས། འོ།ད།ཁ་བཟས་རགས་པ་བཞེས། ད།སྐུ་ལུས་སྔར་ལྟར་གསོས། སྐུ་གསེར་གྱི་མདོག་ཅན། 
  • ད།འོད་དང་བཅས་པ། འོ་དེ་འདྲས་གཅིག། སྔར་ལྟར་གསོས།གསོས་ནི། ད།བྱང་ཆུབ་ཤིང་དྲུང་དུ་གཤེགས་པའི་མཛད་པ་ཟེ། ད།མངོན་པར་རྫོགས་པ་སངས་རྒྱས་པ་ལ། རྡོར་རྗེ་གདན།བྱང་ཆུབ་ཤིང་གི་དྲུང་དུ། ད།སྔར་གྱི་ད། བསྐལ་བཟང་སངས་རྒྱས་རྣམ་མཁྱེན་བྱང་ཆུབ་ཤིང་གི་དྲུང་དུ་མངོན་པར་རྫོགས་པ་སངས་རྒྱས་པ་སོང་ཙང།
  • འོ་དེའི་གྱི་ད། བྱང་ཆུབ་ཤིང་དྲུང་དུ་ཕེབས་བྱས། བྱང་ཆུབ་ཤིང་དྲུང་དུ་གཤེགས་པའི་མཛད་པ་ཟེར་གྱི་རེད། བྱང་ཆུབ་སྙིང་པར་༼པོར་༽གཤེགས་པའི་མཛད་པ་ཡང་ཟེར་གྱི་རེད། བྱང་ཆུབ་ཤིང་དྲུང་དུ་གཤེགས་པའི་མཛད་པ་ཡང་ཟེར་གྱི་རེད། ཨན། ངེས་འབྱུང་དཀའ་སྤྱད་ཤིང་དྲུང་། ཤིང་དྲུང་དུ་གཤེགས་པ། ད། དེ་ནས། བྱང་ཆུབ་ཤིང་དྲུང་དུ་གཤེགས་ནས། གཤེགས་པ་དེ་མཛད་པ།
  • ད། བརྒྱད་པ་དེ་བྱས།ཨེའི། ད།དེའི་སྒང་ལ། ངེས་འབྱུང་དཀའ་སྤྱད་ཤིང་དྲུང་། ད་དེ་ནས། བདུད་བཅོམ་པའི་མཛད་པ་དེ་རེད་པཱ། བདུད།བདུད་བཅོམ་པའི་མཛད་པ། འོ། བདུད་བཅོམ་མཛད་པ་དེ། 
  • ད། ཨན། དང་པོ། དེ་ནས་ཕེབས་དུས་ཙམ་པ་། ག་རེ་ཟེ་གོ་༼དགོས་༽རེད། བྱང་ཆུབ་ཤིང་དྲུང་དུ་ཕེབས། དེ་ནས། ཨེའི། ད།མངོན་པར་རྫོགས་པ་སངས་རྒྱས། སངས་རྒྱས།རྒྱས་པ་ལ།
  • དཱ།རྡོར་རྗེ་གདན་དུ་རྩ་ཚོང་གི་ཁྱིའུ་བཀྲ་ཤིས་འཛུལ་ནས། རྩ། རྩ་དུར་བ་ཕྱག་ཏུ་བསྣམས། རྩ་སྔོན་པོ། འོ་དེ་དུར་བ་དེ་ཕྱག་ཏུ་བསྣམས། བཞེས་བྱས། རྩ་དེའི་གདན་ལ།གདན་ལ་སྟིངས། རྩ་དེའི་གདན་གྱི་སྟེང་དུ་བཞུགས་བྱས།
  • འོ། ད།སྐྱིལ་ཀྲུང་བཅས།༼བྱས།༽ སྐྱིལ་ཀྲུང་བསྡད་ནས་མངོན་པར་རྫོགས་པ་སངས་མ་རྒྱས་བར་དུ་སྐྱིལ་ཀྲུང་དེ་ལས་ལྡངས་༼ལང་༽གི་མེད་ཟེ། ད།ཇི་སྲིད།ད།རུལ།ད།ལུས་ཀྱི་ཤ་ཁྲག་དེ་ཚོ་གང་ག་༼ཚང་མ་༽དོར་ན་ཡང་དོར། ག་རེ་བྱས་ནའི།
  • ད། ཨེའི།མངོན་པར་རྫོགས་པ་སངས་མ་རྒྱས་བར་དུ། ཨེའི།སྐྱིལ་ཀྲུང་དེ་ལས། མེད་ཅན། མི་ཐོན་བའི་མི་གཡོ་དམ་བཅའ་བརྟན། མི་གཡོ་དམ་བཅའ་བརྟན་པ་ཟེར་གྱི་ཡོའོ་རེད་པཱ། མི་གཡོ་དམ་བཅའ་བརྟན།
  • དེ་བཞུགས།བཞུགས་དུས། ད།བདུད་བཅོམ། བདུད་བཅོམ་པའི་མཛད་པ་དེ། ད།དེ་དུས་མཛད་དགོས་ཀྱི་ཡོའོ་རེད། བདུད་བཅོམ་པའི་མཛད་པ་དེ། ད།ས་ག་ཟླ་བའི་ཚེས་པ་བཅོ་ལྔའི་གྱི་སྲོད་ལ། སྲོད་ལ།བདུད་བཏུལ་པའི་མཛད་པ་དེ། མཛད་པ་ཡིན་པ། 
  • སྲོད་ལ་བདུད་བཏུལ་བའི་མཛད་པ་དེ། ད།དང་པོ་འདུག་ཟེ་བཞུགས། བཞུགས་བྱས། དེ་ནི་སྐུའི།སྐུ་ལ་འོད་ཟེར་འཕྲོས་བྱས། བདུད་ཀྱི་སྡེ་རྣམས་ལ་ད། ལྟས་དང་མཚན་མ་འདི་འདྲས་མང་པོ་བྱུང། ཨེའི།བདུད་ཀྱི་སྡེ་ཕམ་པའི་ལྟས་བྱུང། དེ་འདྲས་བྱུང་བ་ལ་བརྟེན་ནས།
  • ད།བདུད། འོ།གཡོ་ཅན་ལ་སོགས་པའི་བདུད། ད།བདུད་མང་པོ་གཅིག་གི། དེ་ནི།ཨེའི། ད།སྤྲུལ་པ་སྣ་ཚོགས་བཏོན་བྱས། འོ། མགོ་གཅིག་པ་དང། མགོ་བརྒྱད་པ་དང་ལག་ལ་སོགས་པ་དང རྐང་པ་གཅིག་ཟེར་ཡས་འདྲ་པོ། རྐང་པ་བརྒྱད་ཟེར་ཡས་འདྲ་པོ། དེ་འདྲས། ད།མང་པོ་ལ། མང་པོའི་སྤྲུལ་པ་མང་པོ་བསྟེན་བྱས་དམག་བརྒྱབ། 
  • བདེ་བཞིན་གཤེགས་པ། ད། སྐྱིལ་ཀྲུང་བཅས་༼བྱས་༽ནས་བཞུགས། བཞུགས། བཞུགས་སྐྱོག་༼པ་༽དེ་ལ། འོ།དེ་འདྲས་ཟེ་དམག་བརྒྱབ། དམག་མང་པོ་བརྒྱབ་པ་རེད། ད། དེ་བརྒྱབ་དུས་ཙང་འོ།༼ཙམ་པ།༽
  • ཨོའོ།དེ་ནི་མཚོན་ཆདང་། ད།རྡོ་དང་རལ་གྲི་ལ་སོགས་པ་མཚོན་ཆ་མང་པོ་འཕངས་པ་འདི་གས།༼དག།༽ ཨ་ནི།དེ་བཞིན་གཤེགས་པའི་འཁྲིས་ལ་ཚུར་སླེབས་དུས། ཚང་མ་ལོགས་མེ་ཏོག། མེ་ཏོག་ལ་འགྱུར་བྱས། མེ་ཏོག་གི་ཆར་པ་ལ་འགྱུར། མེ་ཏོག་གི་ཆར་པར་འགྱུར་བྱས། 
  • བདུད་ཀྱི། ད། འང།སྡེ་རྣམས་ཕམ་པར་བྱས། དམག། དམག་དེ་གས་བརྒྱབ་བྱས་མ་ཐུབ་པ་རེད། བདུད་ཀྱི་མ་ཐུབ། དེ་མ་ཐུབ་དུས། ཡང་གཡོ་ཅན་ལ་སོགས་པ་གཞན་དག་དེ་དེ་བདུད་དེ་གས་ཀྱི་དཱ། 
  • ད།ཐབས་ཤེས་གཞན་ཞིག་བཏོན་བྱས། ད།ཏིང་ངེ་འཛིན་དེ་ལས་ཕར་ལྡངས་༼ལང་༽བའི། ད།དཀྲོག་ཡས།དཀྲོག་ཡས་ཆེད་དུ། ཡང་།ཅིག་གི། ད།ག་རེ་ཟེར་གོ་༼དགོས་༽རེད། ཡང་།བུད་མེད་འདྲ་པོ་དེ་འདྲས་ད།གཅིག།གཅིག།གཅིག། 
  • སྒྱུར།གཡོ་དང་གཡོ་འདྲ་པོ་འདི་འདྲས་དང་། འོ་འདི་འདྲས། བུད་མེད་ཀྱི་ཆ་བྱད་མང་པོར་སྤྲུལ་བྱས། ད།འདོད་པའི་སྒྱུ་རྩལ་འདྲ་པོ་འདི་འདྲས་མང་པོ་བསྟན་བྱས། ཡང་དེའི། དེ་འདྲས་ནས། དེ།འོ།འདྲས་མང་པོ་བསྟན་ན་ཡང་། བདེ་བཞིན་གཤེགས་པས། ད། 
  • ཨེན། ད།བྱང་ཆུབ་སེམས་པའི་རེད་པཱ། དེ་དུས་སྐབས་དེ་དུས་བྱང་ཆུབ་སེམས་པ།བྱང་ཆུབ་ཆེན་པོ་གཞོན་ནུ་དོན་གྲུབ་ཀྱི། དེ་ནི་ཐུགས། ད།ཏིང་ངེ་འཛིན་ལ་དབྱེ་བ་མེད་པ། འོ།དབྱེ་བ་མེད་པ་བྱས་བྱས། འདུག་ཟེ་བཞུགས་བྱས། 
  • དེ་ནི་བདུད་ཀྱི་སྡེ་རྣམས་ཕམ་པར་བྱས། བདུད་ཀྱི་སྡེ་རྣམས་ཕམ་པས། ད།དེ་ནི་བདུད་རྣམས་ཀྱིས། ད།ཁྱེད་རང་གི་དེ་འདྲས། ཨན།ག་རེ་ཟེར་གོ་༼དགོས་༽རེད་ད། བྱང་།མངོན་པར་རྫོགས་པ་སངས་རྒྱས་ཐུབ་ཀྱི་མ་རེད་ཟེ་ལབ་པ་ལ། 
  • བཅོམ་ལྡན་འདས་ཀྱི། དེ་ནི་དེ་འདྲས་ཐུབ་པའི་ང་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་པའི་དཔང་པོ་ལ། དེ་ནི། ད།ས་འདིས་ས་འདིས་བྱེད་ཀྱི་རེད་ཟེ། ཕྱག་དེ་གསེར་གྱི་ཀ་བ་ལྟ་བུ་འདུག་ཟེ་ས་ལ་ཐུག་དུས། སའི་ལྷ་མོ་བསྟན་མ། ས་ནས་ཡར་གདོན་བྱས། ཨ་ནི། སའི་ས་ལས་ཐལ་མོ་སྦྱར་ཏེ་འདོད་ལྷ་ཡིས་དྭངས་བའི་ཆེད་དུ་ང་ལ་གསོལ་བ་འདེབས་ཟེ། 
  • འོ་འདུག་ཟེ་ཟེར་བ་ནང་བཞིན། སའི་ལྷ་མོ་བསྟན་མས། འོ་ད་དེ་འདྲས་ཟེ་དཔང་པོ་མཛད་པ་དང། ད། དཔང་པོ་ག་རེ་མཛད་པ་རེད་ཟེར་ན། བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་པ་དེ་ཚོ། འོ།དེ་གས་དཔང་པོ། འོ། ད།བདུད་ཀྱིས་ད་གནོད་པ་བྱེད་ཐུབ་ཀྱི་མ་རེད་ཟེ། 
  • འོ་དེ་བྱས་བྱས། བདུད་བཏུལ། བདུད།བདུད་བཏུལ་ཡས་མཛད་པ་དེ་སྲོད་ལ། བདུད་བཏུལ་བའི་མཛད་པ་དེ་མཛད་པ་རེད། ད། འོ་དེ་མཛད་པ་གཅིག་རེད། ངེས་འབྱུང་དཀའ་སྤྱད་ཤིང་དྲུང་བདུད་འཇོམས་བཞི་ཟེ།
  • འོ། དེ་བྱས་བྱས། ད།མཛད་པ་དགུ། དགུ་བྱུང་སོང། དགུ་པོ་དེ་གད། ད།ཨན། དེ་ཟེར་གྱི་ཡོའོ་རེད་པ། བྱང་ཆུབ་སེམས་པའི་མཛད་པ་འང་ཟེར་གྱི་རེད།
  • བྱང་ཆུབ་སེམས་པའི་མཛད་པ་ཡང་ཟེར་གྱི་རེད། ཁྱིམ་ལ་གནས་པའི་མཛད་པ་གསུམ། རབ་ཏུ་བྱུང་བའི་མཛད་པ་བཞི། འོ་དེ་གས་ཀྱི། དེའི་མཛད་པ་དགུ་པོ་དེ་ལ། ཨེ།ད་བྱང་ཆུབ་སེམས་པའི་མཛད་པ་བྱས།
  • ད། སྲོད་ལ་བདུད་བཏུལ་ཚར་བ་ནས། དགུང་ལ་མཉམ་པར་བཞག། ད། མཐོ་རེངས། དེ་ནི་མངོན་པར་རྫོགས་པ་སངས་རྒྱས་ཀྱིས་སངས་རྒྱས་པའི་གོ་འཕང་དེ་མཛད་པ་རེད། འོ། མངོན་པར་རྫོགས་པ་སངས་རྒྱས་པའི་གོ་འཕང་དེ། ད།མཛད་པ་བཅུ་པ་དེ་རེད། 
  • མཛད་པ་བཅུ་པ་དེ་བྱས། མངོན་པར་རྫོགས་པ་སངས་རྒྱས། མངོན་པར་རྫོགས་པ་སངས་རྒྱས་པའི་གོ་འཕང་དེ། ད།སྲོད་ཀྱི་སྲོད་ལ། དེ་ནི་སྐད་ཅིག་ཅིག་ལ་རེད་པཱ།ད། 
  •  དང་པོ་འོ། བསམ་གཏན་བཞི་པ་ནས། ད། ལུང་གཞི་ལུང་རྟོགས་གི་དེ་གས་མཉམ་པར་བཞག་ཚར་བ་ནས་། དེ་ནས་སྐད་ཅིག་ཅིག་ལ། དེ་ནི། ཨན།ཟད་པ་དང་མི་བརྒྱལ་བ་ཤེས་པའི་ཡེ་ཤེས་མངོན་དུ་བྱེད།
  • ད། ནམ་མཁའ་ལ་འཕག། དེ་ནི།མངོན་པར་རྫོགས་པར་སངས་རྒྱས། སངས་ཡག་༼རྒྱས་༽སངས་རྒྱས་པའི་མཛད་པ་དེ་མཛད་པ་རེད། འོ། དེ།མཛད་པ་བཅུ་པ་དེ་བྱས། ད།དེ་ནས་མངོན་པར་རྫོགས་པ་སངས་རྒྱས། རྒྱས་པ་ནས། ཨེའི། 
  • ད། མཛད་པ་བཅུ་གཅིག་པ་དེ། ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་དེ་རེད། ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་དེ། སྟོན་པ་ལགས། ད།དང་པོ། མངོན་པར་རྫོགས་པ་སངས་རྒྱས་ནས། ཨན། ད།ཨན། བཅོམ་ལྡན་འདས། དེ་རེད་པཱ།དགུང་ལོ།ཨོ།ཉི་ཤུ་རྩར་དགུ་ལ། 
  • འན། ད།ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང། སུམ་ཅུ་རྩ་ལྔའི། སུམ་ཅུ་རྩ་ལྔ། དགུང་ལོ་སུམ་ཅུ་རྩ་ལྔ་ལ་ཕེབས་དུས། ད། མངོན་པར་རྫོགས་པ་སངས་རྒྱས། 
  • ཨོའོ། ད།ས་ག་ཟླ་བའི་བཅོ་ལྔའི། ཚེས་བཅོ་ལྔའི་ཡར་ངོའི་ཚེས་བཅོ་ལྔའི། ཨ་ནི།ཐུན་མཐའ་མ་ལ་། ཐུན། ཐུན་དྲུག་བཞག་པའི་ཐུན་མཐའ་མ་དེ་ལ། མངོན་པར་རྫོགས་པ་སངས་རྒྱས། སངས་རྒྱས་ཀྱིས་མཛད་པ་མཛད་པ་རེད།
  • མངོན་པར་རྫོགས་པ་སངས་རྒྱས་པ་ནས། ཨན། ད།བཅུ་གཅིག་པ་དེ། ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་དེ་རེད་པཱ། ཆོས་ཀྱི་འཁོར་ལོ། འཁོར་ལོ་བསྐོར་བའི་མཛད་པ་དེ། མཛད་ད།དེ་ནས་ཞག་བཞི་ཅུ་ཞེ་དགུའི་བར་དུ། འདུལ་བྱ་མཐུན་མོང་བའི་ནང་ལོགས་ལ། ད།ཆོས་མ་གསུངས་བ་བྱས། 
  • ད།ཆུ་སྟོད་ཟླ་བའི་ཚེས་བཞི་ཟེར་ན། ཟླ་བའི་དྲུག་པའི་ཚེས་བཞི་ལ། ད།ལྦཱ་རཱ་ཎར་སཱི་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་དེ་རེད། ཨན།མངོན་པར་རྫོགས་པ་སངས་རྒྱས་པ་ནས། ད།འདུལ་བྱ་ཐུན་མོང་བའི་ནང་ལོགས་ལ། ཨན།ཞག་བཞི་ཅུ་ཞེ་དགུའི་བར་དུ་ལ། ཨན།ཆོས་མ་གསུངས་བ་བྱས།
  • བདུན་ཕྲག་བདུན་ལྟར་བཀྲ་ཤི་༼ཤིས་༽ཚིགས་བཅད་གསུམ་ཟེར་ཡས་གཅིག་ཡོའོ་རེད་པཱ། ཚེ་དབང་དཀྱིལ་གྱི་ལྦཱ་རཱ་ཎར་སཱི་ཡ་རུ་ཆུ་སྟོད་ཟླ་བའི་ཚེས་བཞི་བདེན་པ་བཞི། ཆོས་ཀྱི་འཁོར་ལོ་བསྐོར་ལ་ཕྱག་འཚལ་ལོ་ཟེ།  
  • འོ། ད།དེ་འདྲས་ཟེ། བཀྲ་ཤི་༼ཤིས་༽ཚིགས་བཅད། ད།དེ་འདྲས་གསུངས་བ་དང། ཡང།ཟབ་ཞི་སྤྲོས་བྲལ་འོད་ཟེར་འདུས་མ་བྱས། བདུད་བརྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། མི་སྨྲ་ནགས་ཀྱི་ཚུད་དུ་འབད་པར་བྱ་ཟེ། 
  •  ད། ཆོས་ལ་སྐོམ་པའི་འདུ་ཤེས་སྐྱེ་བའི་ཆེད་དུ། འོ། ད།ཆོས་མ་གསུངས་བ་བྱས། བཞི་ཅུ་ཞེ་དགུའི་བར་དུ། དེ་ནས་བཞི་ཅུ་ཞེ་དགུ་ནས། རྟེན།ཆོས་གསུངས་བའི་དུས་ལ་བབས།
  • ཨ་ནི། ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་དང་དེ་གས་ཀྱིས།ཨན།ད།ཆོས་ཀྱི་འཁོར་ལོ་བསྐོར་བ། གསོལ་བ་བཏབ། གསོལ་བ་ལན་མང་བཏབ། གསོལ་བ་བཏབ་པ་ལ་རྟེན་ནས། ད།ཆོས།ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་མངོན།
  • ད། དྲང་སྲོང་ལྷུང་བ་རི་དྭགས་ཀྱི་རྫས་ཟེ། ད།ལྦཱ་རཱ་ཎ་སཱིར་རུ། ལྦཱ་རཱ་ཎ་སཱི་རུ་བསྐལ་བཟང་སངས་རྒྱས། འོ། ད།གཞན་རྣམས་ཀྱིས་ཆོས། ཆོས་གསུངས་སའི་གནས་ཁྱད་པར་ཅན།
  • འོ།དེ་ལ་ཕེབས། དེ་ལ་ཕེབས་བྱས་ཆོས། ད།ལྦཱ་རཱ་ཎ་སཱི་རུ་ཆོས་ཀྱི་འཁོར་ལོ་བསྐོར་བའི། བསྐོར་བ་ཕེབས་དུས། དེ་ནི།ཨན། ད།བཅོམ་ལྡན་འདས།ཨན།རང་གིས།ད།དང་པོ་ག་རེ་ཟེར་གོ་༼དགོས་༽རེད། ཆོས་གསུངས་ས་སྟེ། ད། 
  • མི་ག་༼གང་༽འདྲས་གཅིག་ལ་གསུངས་དགོས་ཀྱི་འདུག་ཟེ། དེ་ནི། ཨན།ག་རེ་ཟེར་གོ་༼དགོས་༽རེད། ལྷག་བཅོས་རིང་འཕུར་ཟེར་ཡས་འདྲ་པོ་དེ་འདྲས། དེ་འདྲས་ལ་གསུངས་ཡག་༼ཡས་༽དགོངས་པ་ཡོད་པ་འདྲ། 
  • འོ། དེ་ཚོ་གང་ག་བཅོམ་ལྡན་འདས་ལོ་དྲུག་དཀའ་བ་སྤྱད་ཞིང་ཡིན་གང། ཁོང་ཚོ་འོ་ནི་གང་ག། ད།མྱ་ངན་ལས་འདས་ཚར་པ་༼བ་༽ཡིན་པ་འདྲ། ད།དེ་ནས་ཆོས་གསུངས་ས་འདི་སུ་ལ། མིའི་ནང་ལ་ག་རེ་དགོས་ཀྱི་འདུག་གས་ཟེར་དུས་ཙམ་པ།
  • དེ་ནི།འཁོར་ལྔ་སྡེ་བཟང་པོ། འཁོར་ལྔ་སྡེ་བཟང་པོ་ལ་ཆོས་གསུངས་བའི་དུས་ལ་བབས་བྱས། ལྦཱ་རཱ་ཎ་སཱི་ལ་ཕེབས། ལྦཱ་རཱ་ཎ་སཱིར་ལྔ་སྡེ་བཟང་པོ་དེ་༼འདི་༽གས། ཨན།ད།ཁོ་རང་ཚོས་ཡང་དམ་བཅའ་མཛད་བྱས།
  • ད།དང་པོ་དགེ་སྦྱོང་གོའུ་ཏ་མ་བརྟེན། ཨན།གའུ། ད།དང་པོ་བཅོམ་ལྡན་འདས་ཀྱི་སློབ་མ་རེད། དེ་ནས་བཅོམ་ལྡན་འདས། ཨན།ལོ་དྲུག་དཀའ་བ་སྤྱད་ཚར་ནི། ད།ཁ་གསལ་རགས་པ་ཆགས་དུས།
  • དེ་ནི་ཁོང་ཚོས། ད།ལོག་ལྟ་ར་བུ་༼འདི་འདྲས་༽སྐྱེས། ལྦཱ་རཱ་ཎ་སཱིར་ཕར་ཕྱིན་བྱས། ད།དགེ་སྦྱོང་གོའུ་ཏ་མ་བརྟུལ་ཞུགས་ལ་ཉམས་པ་རེད་ཟེ། ཟས་རགས་པ་བཟོས་བ་༼པ་༽རེད་ཟེ། ཨ་ནི།ང་ཚོ་དེའི་༼འདི་གས་༽དགེ་སྦྱོང་གོའུ་ཏ་མ་འདིའི་༼འདི་ལ་༽སླེབས་སོང་ན།
  • ཨ་ནི། སུའི་༼སུ་༽གཅིག་གི་ཕྱག་མི་འཚལ་བ་དང། ཨོའོ།དེ་འདྲས། ད།ཞབས་བསིལ་མི་ཕུལ་བ་དང། ཨོའོ།གོས་མི་ཕུལ་བ་དང། དེ་འདྲས་དམ་བཅའ་མཛད་པ་རེད། ཨ་ནི།དེ་འདྲས་མཛད་དུས། བཅོམ་ལྡན་འདས། འདིའི་༼འདི་ལ་༽ཕེབས་དུས་འདུག་ཟེ་ཕེབས་པ་ད་ག།༼དང་།༽ ཨ་ནི། བཅོམ་ལྡན་འདས། ད།མངོན་པར་རྫོགས་པར་སངས་རྒྱས་ཟིན་པ་སོང་ཙང་།
  •  དེའི་སྐུའི་གཟི་བརྗིད་ར་བུ་དེ་༼དེ་ཡང་༽མ་ཁྱོག་པ་བྱས་བྱས། ལྔ་སྡེ་བཟང་པོ་དེ་གས་གང་ག་ལོགས།༼ཚང་མ།༽ ཨ་ནི།ཁ་བཤད་ཡར་ལངས། བཞུགས་ཁྲི་གདན་ཕུལ། ཁ་བཤད།དེ་ནི།ཞབས་བསིལ་དེ་ཚོ་ཕུལ།
  • འོ།དེ་འདྲས་ཟེ་བྱས་བྱས། ད། ཨན།ལྔ་སྡེ།འཁོར་ལྔ་སྡེ་བཟང་པོས་ཐོག་མར་བཅོམ་ལྡན་འདས་ལ། ད།འོ།གོའུ། ད།ག་རེ་ཟེར་གོ་༼དགོས་༽རེད། ཚེ་དང་ལྡན་པའི་གོའུ་ཏ་མ། ཨ་ནི། རང་དེ་འདྲས་པའི་༼ཀྱི་༽སྐུ་གཟི་བརྗིད་དང་ལྡན་པ།འོ།དེ་འདྲས་འདུག།ཟེར་དུས།
  • ཨ་ནི། བཅོམ་ལྡན་འདས་ཀྱི། ཨ་ནི། བདེ་བཞིན་གཤེགས་པ་ལ་ཚེ་དང་ལྡན་པ་ཟེར་ཡག་༼ཡས་༽ཡོའོ་མ་རེད་ཟེ། ང་ཟེར་རྒྱུ་ཡོའོ་མ་རེད་ཟེ། ཨན།ང་ནི་ད་མངོན་པར་རྫོགས་པ་སངས་རྒྱས་པ་ཡིན་ཟེ། ཨན།ད།བདུད་བརྩི། བདུད་བརྩི་ཐོབ་བྱུང་ཟེ། བདུད་བརྩི་ཐོབ་བྱུང་ཟེ། འོ།དེ་འདྲས་ཟེ།
  • ད། ཨན།གཏམ་མང་པོ་གསུངས།ཕན་ཚུན། འོ་དེ་གས། ཨ་ནི། ལྔ་སྡེ་བཟང་པོ། དེ་ཚང་མ་ལོགས་དད་པ་སྐྱེས་བྱས། ཨན།མུ་ཏིག་པའི་ཆས་དེ་གས། རང་བཞིན་གྱི་སྦས་༼ཕར་༽མེད་པ་བྱས། མེད་པར་འགྱུར་བྱས། ད། སྙན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ལྟ་བུའི།དེ་ནི།དགེ་སློང། འོ།དེ་འདྲས་ཀྱི་ཆ་བྱད་དུ་༼སུ་༽འགྱུར།
  • འོ།དེ་ནས། ད།ཡང་དེའི་སྲོད་བླངས།༼ལངས།༽ ད།དེ་འདྲས་ཟེ། ཨན། གཏམ་སྣ་ཚོགས་པར་གསུངས། ད།ཁོང་རང་སྙན་པར་བཤད་ན། ཐོ་རངས། ད།དྲུག་པ།ཚེས། དྲུག་པའི་ཚེས་པ་བཞིའི་གྱི་ཐོ་རངས། 
  • ད། བདེན་པ་བཞི་ལས་བརྩམས་དུ། ཆོས། ཆོས་ཀྱི་འཁོར་ལོ་ཐོག་མ་དེ་བསྐོར། འོ་དེ། ཆོས་ཀྱི་འཁོར་ལོ་ཐོག་མ་དེ་བསྐོར་དུས། ད།བསྐོར་བ་བསྐོར་བ་གསོལ་བ་བཏབ་ཀྱིན་༼འདེབས་མཁན་༽འདི།༼དེ་འམ་ནི།༽ ད།སྐྱེས་ཚངས་པ་དངབརྒྱ་བྱིན་ལ་སོགས་པ་དང་མི་དངོས་ནང་ནས་འཁོར་ལྔ་སྡེ་བཟང་པོ་ལ་སོགས་པ།
  • འོ་དེ་གས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་གསོལ་བ་སྟོན་༼བཏབ་༽པ་ནང་བཞིན། བདེན་བཞིའི་ཆོས་འཁོར་གསུངས། འོ། བདེན་བཞིའི་ཆོས་འཁོར་དེ། ད།ལན་གསུམ་དུ་བསྟན་པ་རྣམ་པ་བཅུ་གཉིས་ཟེར་གྱི་རེད་པཱ།
  • འོ།དང་པོ། ད།འདི།འདི་ནི་འཕགས་པའི་བདེན་པ་བཞིའོ་ཟེར་གྱི་རེད་པཱ། སྡུག་བསྔལ། སྡུག་བསྔལ་འཕགས་པའི་བདེན་པ། ཀུན་འབྱུང་འཕགས་པའི་བདེན་པ། འོ།འགོག་པ་འཕགས་པའི་བདེན་པ། ལམ་འཕགས་པའི་བདེན་པ་ཟེ།
  • འདི་ནི་སྡུག་བསྔལ། སྡུག་བསྔལ་བདེན་པ། འདི་ནི་ཀུན་འབྱུང་བདེན་པ། འདི་ནི་འགོག་པ། འགོག་པའི་བདེན་པ། འདི་ནི་ལམ། ལམ་གྱི་བདེན་འོ་ཟེ། ད།དང་པོ། གསུངས་དུས། ཨན། བདེན་པ་བཞིའི་གྱི་༼ཡིས་༽། ད།ངོ་བོ་ཙམ་བསྟན། 
  • དེ་ནས་གཉིས་པའི་སྐབས་སུ། ཨོའོ།སྡུག་བསྔལ་སྤངས་བར་བྱ་ཟེར། སྡུག་བསྔལ། སྡུག་བསྔལ་བཤད་པར་བྱ་ཟེར། འོ།སྡུག་བསྔལ་བཤད་པར་བྱ། སྡུག་བསྔལ་ཀུན་འབྱུང་བ་སྤངས་བར་བྱ། འོ།སྡུག་བསྔལ་འགོག་པ་མངོན་དུ་བྱ། སྡུག་བསྔལ་འགོག་པར་འགྱུར་བའི་ལམ་བསྟན་པར་བྱ་ཟེར།
  • ཨོའོ།བདེན་པ་བཞིའི་གྱི།༼ཡི།༽ ད།བྱེད་ལས་བྱ་བ་ཟེར་བ་ནམ། ད།དེ་འདྲས་གཅིག་གསུངས། བྱ་བ་གསུངས། ད།གསུམ་པའི་སྐབས་སུ་དེ་ནི།ཨན།སྡུག་བསྔལ། སྡུག་བསྔལ་བཤད་པ། སྡུག་བསྔལ་བཤད་སོ་ཟེ།
  • ད།ཀུན་འབྱུང། སྡུག་བསྔལ་ཀུན་འབྱུང་བ་སྤངས་བ་ཟེ། ཨོའོ།སྡུག་བསྔལ་འགོག་པ་མངོན་ཏུ་བྱས་འདུག་ཟེ། སྡུག་བསྔལ་འགོག་པར་འགྱུར་བའི་ལམ་བསྟན་ནོ་ཟེ། འོ། ད།བདེན་པ་བཞིའི་གྱི།༼ཡི།༽ ད། འོ།དེ་འདྲས་མཐར་ཐུག་ར་བུ་༼འདི་ཚོ་འམ་འདི་གས་༽འདི་གསུངས་བྱས། ཨན།བདེན་པ་བཞི་ལན་གསུམ་དུ་བསྟན་པ།
  • ཆོས་ཀྱི་ད་བདེན་བཞིའི་ཆོས་འཁོར་བཀའ་དང་པོ་དེ། བདེན་བཞིའི་ཆོས་འཁོར་ཟེར་གྱི་རེད། འོ། དེ།དེ་བཅོམ་ལྡན་འདས་ཀྱི་ད།མངོན་པར་རྫོགས་པ་སངས་རྒྱས་ནས། འདུལ་བྱ་ལ་གསུངས་བའི་ཆོས་ཀྱི་ཐོག་མ་དེ་དེ་ཡིན་པ་རེད།
  • ད། ཐུན་མོང་གདུལ་བྱ་རྣམས་ལ་གསུངས་བའི། ཨན།བདེན་བཞིའི་ཆོས་འཁོར་གསུངས། དེ་ནས་རིམ་བཞིན། དེ་ནི། ད།ཆོས་གསུངས་པ། ད།ཆོས་ཕུང་བརྒྱད་ཁྲི་བཞི་སྟོང།
  • འོ། ད།དཔེར་ན་ཡང་འཁོར་ལོ་གསུམ། བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ཟེར་ཡས་ར་བུ།༼འདི་འདྲས་འམ་འདྲ་པོ།༽། འོ། འདི་འདྲས་ཀྱི། ད།ཆོས་ཀྱི་འཁོར་ལོ་བསྐོར་བྱས།
  • ད།ཆོས་ཀྱི་འཁོར་ལོ། དེ་ནི།གནས། ད།རྒྱ་གར་གྱི་གནས་ཆེན་ཁག། ག་པར་ཡིན་ས་ལ། ད།ཆོས་ཀྱི་འཁོར་ལོ་བསྐོར། འོ། ད།ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང། ཚུར་བསྡུས་པ་ཡིན་ན། ལུང་གི་ཆོས། སྡེ་སྣོད་གསུམ་རེད་པཱ། འདུལ་བའི་སྡེ་སྣོད། མདོ་སྡེའི་སྡེ་སྣོད། མངོན་པའི་སྡེ་སྣོད། 
  • འོ།སྡེ་སྣོད་གསུམ་གྱི་ཆོས་འཁོར་བསྐོར། འོ། ད།སྡེ་སྣོད་གསུམ་གྱི་ཆོས་འཁོར་བསྐོར་བ་དེ་གས། དེ། ད།དོན་ར་བུ་༼འདི་གས་འམ་འདི་ཚོ་༽གཅིག་ཚུར། འོ།ཚུར་བསྡུས་པ་ཡིན་ན། ད།སྡེ་སྣོད་གསུམ། སྡེ་སྣོད།སྡེ་སྣོད་གསུམ་དུ་བསྡུས་པ་རེད་པའ། ད།ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དེ་ཚང་མ་ལོགས།སྡེ་སྣོད་གསུམ་དུ་བསྡུས།
  • ཨན།བཅོམ་ལྡན་འདས། ད།ཆོས་གསུངས་ཡས་དེ། ཨན། དེ་ནི།ཨན།དགུང་ལོ་སུམ་ཅུ་སོ་ལྔ་ལ་མངོན་པར་རྫོགས་པ་སངས་རྒྱས་པ་ནས། དགུང་ལོ་བརྒྱ་༼བརྒྱད་༽བཅུ། བརྒྱ་༼བརྒྱད་༽བཅུ་ལ་མྱ་ངན་འདས་པ་༼མྱ་ངན་ལས་འདས་པ་༽རེད་པཱ། བརྒྱ་༼བརྒྱད་༽བཅུར་མྱ་ངན་འདས་པ།མྱ་ངན་འདས་པའི་མཛད་པ་རེད་པཱ། 
  • འོ།དེ་བར་དུ་ལ་ཡ། ད།ཆོས་གསུངས་བ་རེད། འོ།དེ་ལ་ཆོས་འཁོར་བསྐོར་བའི་མཛད་པ་ཟེ།༼ཟེར།༽ ད།མཛད་པ་བཅུ་གཅིག་པ་དེ་བྱས། ཆོས་འཁོར་བསྐོར་བའི་མཛད་པ་དེ། ཨོ།ཆོས་འཁོར་བསྐོར་ཡག་༼ཡས་༽དེ། ད།ཆོས་འཁོར་བསྐོར་ཡག་༼ཡས་༽རྒྱུན་རིང་པོ་དེ།
  • ཨན། ད།དུས་ཚོད་རྒྱུན་རིང་ཙ་༼ཙམ་༽རེད་འདུག་གཱའ། ཆོས་འཁོར་བསྐོར་བ་དེ། ད།ཨང།དང་པོ་ག་རེ་ཟེར་གོ་༼དགོས་༽རེད། བསྐོར་བའི་དགོས་པ་དེ། ད།ལྷས་གསོལ་བ་བཏབ་པ་ནང་བཞིན་རེད་པཱ། བཅོམ་ལྡན་འདས་མངོན་པར་རྫོགས་པ།
  • དང་པོ། བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་ནས། ད། མངོན་པར་རྫོགས་པ་སངས་རྒྱས་ནས། ཨན།ཆོས་ཀྱི་འཁོར་ལོ་བསྐོར་ཡག་༼ཡས་༽དེ། ཨན།ད།ག་རེའི་ཆེད་དུ་རེད་ཟེར་ན། 
  • དང་པོ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཡས། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ།བསྐལ་པ་གྲངས་མེད་གསུམ་བར་དུ་ཚོགས་བསགས་ཡག་༼ཡས་༽དེ། ག་རེའི་ཆེད་དུ་རེད་ཟེར་ན། འདུལ་བྱ་སྨོན་འགྲོལ་གྱི་ལམ་ལ་འགོད་པའི་ཆེད་དུ་རེད། འདུལ་བྱ་སྨོན་འགྲོལ་ལམ་དུ་འགོད་པ་ལ།
  • ད།ང་རང་ཚོ། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་བཞིན། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མེད་༼མིན་༽དེ། ཆོས་ཉིད་བདེན་པ་སྟོན་པའི་གྲོལ་བར་འགྱུར།ཟེ། འོ།དེ་གསུངས་བ་ནང་བཞིན།
  • ད། བཅོམ་ལྡན་འདས་ཀྱིས་འགྲོ་བའི་དོན་མཛད་ཡས་དེ། ཨན། ད། གཅིག།དུག་སློག་འདི་འདྲས་དྲག་པོ་༼དྲེག་པ་༽དྲག་ཁུ་འདི་འདྲས་ཆུས་བཀྲུས་པ་ནང་བཞིན། འཁྲུ་ཡས་མེད་པ། 
  • ཨ་ནི། འགྲོ་བ་ནད་༼ན་༽ཚ་ལུས་ཀྱི་ནད་༼ན་༽ཚ་སེམས་ཀྱི་སྡུག་བསྔལ་ལ་སོགས་པ། སྡུག་བསྔལ་དེ་ཚོ་ཕྱག་གིས་ཕར་སེལ་ཡག་འང་མེད་པ། སྲིད་ཀྱི་རེད།སྲིད་ཀྱི་རེད་པས་ཟེར་ན། དེ་ཡང་སྲིད་ཀྱི་མ་རེད་ཟེ། ཨན། སྡིག་པ་རྣམས་ཆུས་འཁྲུ་གྱི་རེད་པས་ཟེར་ན་ཆུསའི་༼ཆུས་ཡང་༽འཁྲུ་ཐུབ་ཀྱི་མ་རེད་ཟེ། ཕྱག།འགྲོ་བའི་སྡུག་བསྔལ་རྣམས་ཕྱག་གིས་ཡང་སེལ་གྱི་མ་རེད་ཟེ། 
  • འོ་ན། བཅོམ་ལྡན་འདས་ཀྱི།ད། རྟོགས་པ། ད།རྟོགས་པ་ཁྱད་པར་ཅན། ང་ཚོ་དང་མི་འདྲ་བའི།ཨན།རྟོགས་པ། རྟོགས་པ་མཐོ་བོ་༼པོ་༽ཡོད་པ་ཡིན། ད། རྟོགས་པ་དེ་གཞན་དག་ལ་ཕར་སྟེར་ཡས་ཡོའོ་རེད་ཟེ། 
  • བགོ་བཤའ་རྒྱག་ཡག་༼ཡས་༽ཡོད་པ་སོགས་སྟེར་ཡས་ཡོའོ་རེད་པས་ཟེར་ན། དེ་ཡང་ཡོའོ་མ་རེད་ཟེ། ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མེད་༼མིན་༽དེ་ཟེ། ད་འོ་ན་བཅོམ་ལྡན་འདས་ཀྱིས་འདུལ་བྱའི་དོན་ག་རེ་བྱེད་ཀྱི་ཡོའོ་རེད་ཟེར་ན། ཆོས་ཉིད་བདེན་པ་སྟོན་པའི་གྲོལ་བར་གྱུར། 
  • ཆོས་ཀྱི་གནས་ལུགས་བསྟན། ཐར་པ་དང་ཐམས་ཅད་མཁྱེན་པའི་འགྲོ་བའི་ལམ་བསྟན། ཆོས་ཀྱི་གནས་ལུགས་བསྟན་ནས། གནས་ལུགས་ལ་རྨོངས་པ་རྣམས་ལྡོག་ནས། ཨན།ཆོས་ཀྱི་གནས་ལུགས་དེ་བསྟན་པ་ལ་བརྟེན་ནས།
  • ད།ཨན། དེ་ནི་འདུལ་བྱ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་དཀྲི་བར་༼འཁྲིད་པར་༽བྱེད་པ་ཡིན་པ་རེད། རེད་པཱ།དཀྲི་བར་༼འཁྲིད་པར་༽བྱེད་པ། འོ་འདི།བཅོམ་ལྡན་འདས་ཀྱི་ཆོས་གསུངས། ཨན།གསུངས།གསུངས།གསུངས་བའི་ད།གསུངས་དགོས་པར་འདོད་པ། གསུངས་བའི་རྒྱུ་མཚན་ར་བུ་༼འདྲ་པོ་༽འདི།འོ་འདིའི་ད། 
  • འདུལ་བྱ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ཡས་ཆེད་དུ་ཆོས་གསུངས་པ། འོ། འོ་འདི་ད།ཆོས་ཉིད་ཀྱི་གནས་ལུགས་བསྟན་ནས་ཆོས་གསུངས་བ། ད།ཆོས་ཀྱི་ངོ་བོ་དེ། དེ་ནི་ག་༼གང་༽འདྲས་གཅིག་༼ཞིག་༽ཡོའོ་རེད་ཟེར་ན། ནང་པ་སངས་རྒྱས་ཆོས། 
  • ད། ལུང་གི་ཆོས་སྡེ་སྣོད་གསུམ། རྟོགས་པའི་ཆོས། ཨན།ད།ཨན།བསླབ་པ་གསུམ། ཨན།ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ། ལྷག་པ་ཤེས་རབ་ཀྱི་བསླབ་པ། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་ཟེར་གྱི་རེད་པཱ། བསླབ་པ་གསུམ།
  • ཨོའོ།སྡེ་སྣོད་གསུམ། ལུང་ཆོས་སྡེ་སྣོད་གསུམ། རྟོགས་པའི་ཆོས། བསླབ་པ་གསུམ་རྟོགས་པའི་བདེན་པ་བསླབ་པ་གསུམ། ཨོའོ།དེ་ཚོ་ཚུར་བསྡུས་པ་ཡིན་ན། དེ་ནི་ལྟ་བ་དང་སྤྱོད་པ་གཉིས་སུ་བསྡུས་པ་ཡིན་པ། ལྟ་བ་དེ་ཡང། དེ་ནི་ལྟ་བ་བརྟེན་ནས་བྱུང་བ་ཡིན་པ།
  • འོ། དེ་འདྲས་ཅིག་ཡིན་པ་ལ། ལྟ་བ་བརྟེན་ནས་བྱུང་བ་ཡིན་པ། ལྟ་བ་བརྟེན་ནས་བྱུང་བ་ཟེར་ཡས་དེ། ཨན། ད།ག་རེ་ཟེར་གོ་༼དགོས་༽རེད། རྒྱུ་མེད་རྐྱེན་མེད་དུ་བྱུང་བ་མ་ཡིན་པ། འ་ནི།༼ཡང་ན།༽ མི་མཐུན་པའི་རྒྱུ་ལས་འགྱེས་པ། དེ་ཡང་མ་ཡིན་པ། 
  • ལྟ་བ་ནང་བརྟེན་་ནས་བྱུང་བ། འདུས་བྱས། འདུས་བྱས་ཀྱི་ཆོས་རྣམས་རང་གི་རིགས་མཐུན་པའི་རྒྱུ་ལས་སྐྱེས་བ་༼པ་༽ཡིན་པ། འོ་དེ་འདྲས་གཅིག་ལྟ་བ་བརྟེན་ནས་བྱུང་བ་ཟེར། དཔེར།དཔེར་ཆ་ར་བུ་༼འདྲ་པོ་༽བཞག་པ་ཡིན་ན། སྲན་མ་ལྟ་བུ་རིལ་རིལ་ཡིན་པ། ཚེར་མ་ལྟ་བུ་རྩེ་རྣོ་པོ་ཡོད་པ། 
  • འོ། དེ།ཁོ་རང་གཅིག་རིལ་རིལ།ཀྲན་མ་༼སྲན་མ་༽རིལ་རིལ་བཟོ་མཁན་གཅིག་༼ཞིག་༽ཡོའོ་རེད་པས་ཟེར་ན། དེ་ཡང་ཡོའོ་མ་རེད་ཟེ། ཚེར་མ་དེ་རྩེ་རྣོ་པོ་བཟོ་མཁན་གཅིག་༼ཞིག་༽ཡོའོ་རེད་པས་ཟེར་ན། དེ་ཡང་ཡོའོ་མ་རེད་ཟེ།
  • འོ་ན། གང་ག་༼ཚང་མ་༽ལོགས་རིལ་རིལ་འའི་༼ཡང་༽སྐྱེས་ཀྱི་མ་རེད། གང་ག་༼ཚང་མ་༽ལོགས་རྩེ་རྣོ་པོའི་༼རྩེ་རྣོ་པོ་ཡང་༽སྐྱེས་ཀྱི་ཡོའོ་མ་རེད། ཨ་ནི། དེ།གཅིག་རིལ་རིལ་སྐྱེས་ཡག་༼ཡས་༽དང་གཅིག་རྩེ་རྣོ་པོསྐྱེས་ཡག་༼ཡས་༽དེ་ག་རེད་བྱུང་བ་རེད། ཁོ་རང་དེ་སྐྱེས་ཡག་༼ཡས་༽ཀྱི་རྒྱུ་དེ་ཆ་ཚང་ཚང་ཙང་། འོ།དེས་སྐྱེས་བ་༼པ་༽ཡིན་པ། 
  • ཨ་ནི། ང་རང་ཚོ་མིའི།མིའི། ད།ལུས་ཀླན་༼ལེན་འམ་བླངས་༽པ་ལ་ཆ་བཞག་ན་༼པ་༽ཡིན་ན། ཁ་བཤད་དབང་པོ་ཚང་བ་དང་ཁ་བཤད་དབང་པོ་མ་ཚང་བ་དང་རིག་པ་དང། ད།སྣ་ཚོགས། རིག་པ་ཡག་ཉེས་སྣ་ཚོགས། ཨན།འདུལ་བྱ་ཁམས་དང། ད། ཁ་བཤད་ཁོང་ཁྲོ་ཆེན་པོ་འདི་འདྲས། ཁ་བཤད་སེམས་བཟང་པོ་འདི་འདྲས། འོ།འདྲ་མི་འདྲ་༼སྣ་མིན་སྣ་ཚོགས་༽ཡོང་གི་ཡོད་པ།
  • འོ། དེ་ཚོ་ཡང་ག་རེའི་བརྟེན་ནས་བྱུང་བ་ཡིན་ནམ་ཟེར་ན། ཕ་མའི།ཕ་མ་བཟང་ངན་གྱི་ལྟ་བུ་བྱུང་བ་ཙམ་མ་ཡིན་པ་། ཁོ་རང་སྐྱེས་བ་སྔ་མ་ནས། རང་གི་རིག་འདྲ་བའི་བློ་སྔ་མ།རིག་འདྲ་སྔ་མའི་རིག་པ་སྔ་མའི་བག་ཆགས་ལ་བརྟེན་ནས་བྱུང་བ་ཡིན་པ། འོ། བལྟ་བ་བརྟེན་ནས་བྱུང་བ་ཟེར་ན། 
  • འདུས་བྱས་ཀྱི་ཆོས་རྣམས། རིགས་མཐུན་པའི་རྒྱུད་ལས་སྐྱེས་བ་༼པ་༽ཡིན་པ། མདོར་ན། འོ། ཆོས་ཐམས་ཅད་ད་དེ་འདྲས་ཟེ། བརྟེན་ནས་བྱུང་བ་ཡིན་པ། གང་ཟག་ལྟ་བུ་རྟག་པ་བ་དང་གཅིག་བུ་བ་རང་དབང་བ་དང་འོ་ཟེ།འདི་འདྲས་མ་ཡིན་པ་བརྟེན་ནས་བྱུང་བ་ཡིན་པ། འོ།དེ་ཡིན་པར་འདྲ།
  • སྤྱོད་པ་འཚེ་བ་མེད་པ་ཟེར་ཡས་དེ། ད།མདོར་བསྡུས་ར་བུ་༼ཟོ་འདྲ་གཅིག་༽ཅིག་ཞུས་པ་ཡིན་ན། ཅིག་དེ་འདྲས་ད། བྱང་ཆུབ་ཀྱི་སེམས་བསྐྱེད་གཞན་ལ་གནོད་འཚེ་མ་བྱས་ཡས་དེ། སྤྱོད་པ། སྤྱོད་པ།སྤྱོད་པ་འཚེ་བ་མེད་པ་ཟེར་ཡས་དེ་རེད་པཱ། 
  • བདག། བདག་ནི་མགོན་མེད་རྣམས་ཀྱི་མགོན། ལམ་བཞུགས་རྣམས་ཀྱི་དེད་དཔོན་ནོ། འགལ་འདུ་རྣམས་ཀྱི་གྲོས་དང་ནི། གཟེང་དུ་བཟང་པོ་ཉིད་དུ་འགྱུར།ཟེ། ད།བྱང་ཆུབ་སེམས་པའི་སྨོན་ལམ་འདི་འདྲས་ཡོའོ་རེད་པཱ།
  • འོ།འདི་འདྲས་སོགས་བྱས་བྱས། དོན།ད།སྤྱོད་པ་ཚོར་བ་མེད་པ་གཞན་ལ། གནོད་ཚེ་མ་བྱས་པ་གཞན་ལ་ཕན་པ་འབའ་ཞིག་བྱེད་དགོས། འོ།དེ་བཅོམ་ལྡན་འདས་ཀྱི་གསུངས་བའི་ད། ཨན།ཆོས་ཀྱི་སྙིང་པོ་རབ་འདི་༼འདི་རྣམས་༽ཚུར་མདོར་བསྡུས་པ་ཡིན་ན།
  • ལྟ་སྤྱོད་གཉིས་ཀྱི་ནང་ནས། འོ་འདི་འདྲས། མདོར་བསྡུས་འདི་འདྲས་གཅིག་བྱས། ད་འདི། ཨན། དེའི་གསུངས་པའི་འབྲས་བུ་དེ་ག་རེ་རེད་ཟེར་ན་། དེ། ད།འདུས་བྱས་རང་ཉམས་སུ་བླངས་པ་ཡིན་ན། ལྟ་སྤྱོད་གཉིས་པོ་དེ་ཉམས་སུ་བླངས་པ་ཡིན་ན། འོ།ཐར་པ་དང་ཐམས་ཅད་མཁྱེད་པའི་གོ་འཕང་ཐོབ་རྒྱུ་ཡོད་པ།
  •  འོ། སོ་སོ་རང་ཉིད་ཡང། བཅོམ་ལྡན་འདས་ནང་བཞིན་མངོན་པར་རྫོགས་པ་སངས་རྒྱས་རྒྱུ་ཡོད་པ། བཅོམ་ལྡན་འདས་འདི་ཡང། ང་རང་ཚོ་ནང་པ་སངས་རྒྱས། ད།ལྟ་བ་ལ་ག་རེ་རེད་ཟེར་ན། ཐོག་མ་མེད་པ་ནས་སངས་རྒྱས་པ་དེ་འདྲས་གཅིག་མ་ཡིན་པ། ཐོག་མ་མེད་པ་ནས་ང་ཚོ་དང་གཅིག་པ་ཡིན་པ།
  • ཨ་ནི། ཕྱིས་སུ་ཚད་མར་འཁྲུངས་པ་ཡིན་པ། ཁོ་རང་གིས། ཨན།སྒྲིབ།སྒྲིབ་པ་གཉིས་སྦྱངས་ཚོགས་གཉིས་རྫོགས་ནས། སངས་རྒྱས་པ་རེད་འདུག་རེད་པཱ། འོ་དེ་ནང་བཞིན། ང་ཚོ་ཡང་ཁོ་རང་གིས་གསུངས་ཏེ། ད། ཨན།ཐར་པ་དངཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་ཡས་ལམ་འདི་ཉམས་སུ་བླངས་པ་ཡིན་ན། དེ་ནི་འདུལ་བྱ་ཡང་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་རྒྱུ་ཡོད་པ། 
  • བཅོམ་ལྡན་འདས་ནང་བཞིན་གྱི་མངོན་པར་རྫོགས་པ་སངས་རྒྱས་རྒྱུ་ཡོད་པ། འོ།དེ་འདྲས་གཅིག། ད།ནང་པ་སངས་རྒྱས་ཀྱི་ཆོས་ཀྱི་སྙིང་དོན་མདོར་བསྡུས་ར་བུ་༼འདྲ་པོ་༽གཅིག། འོ།དེ་འདྲས་གཅིག་ཡིན་པ་འདྲ། ད།དེ་ནས་བཅོམ་ལྡན་འདས། ཨན།ཆོས་ཀྱི་འཁོར་ལོ་འདི་གས་བསྐོར་ནས། ད།བསྐོར་བ་འདི་ཆོས་འཁོར་བསྐོར་བའི་མཛད་པ་དེ་བྱས།
  • ད། དེ་ནས་མཛད་པ་བཅུ་གཉིས་པ་དེ་མྱ་ངན་ལས་འདས་པའི་་མཛད་པ་དེ་རེད། མྱ་ངན་ལས་འདས་པའི་མཛད་པ་དེ། ད།ཆོས་འཁོར་དེ་གས་གསུམ་ཚར་བ་ནས། དེ་ནས་དགུང་ལོ་བརྒྱ་༼བརྒྱད་༽ཅུ་ཐམ་པ་ལ་སླེབས་དུས། དཔྱིད་ཟླ། ཨན།དཔྱིད་ཟླ་བརྒྱ་༼བརྒྱད་༽ཅུའི་ལོ་ལ་སླེབས་པའི་དཔྱིད་ཟླ་ཡིས་ཟེར་ཡས་གཅིག་ཡོའོ་རེད་པཱ། དཔྱིད་ཟླ།ཨན།དཔྱིད་ཟླ། དཔྱིད།དཔྱིད་ཟླ་ཐ་ཆུང།
  • འོ།དེའི་ད།ཚེས། ད།དེ་རེད་དའི་༼འདི་འདྲས་༽རེད་པཱ། བཅོ་ལྔའི་ཚེས་ཀྱི་ནམ་མཁར་དེ་བཞིན་གཤེགས་ཟེ། ད།ཨན། ཡང་དེའི།ཨན།ད།ས་ག་ཟླ་བའི་ཚེས་བཅོ་ལྔ། དཔྱིད་ཟླ་ཐ་ཆུང་གིས་ཚེས་བཅོ་ལྔ་ལ། ཨན་ད།ཨན། མྱ་ངན་ལས་འདས་པའི་མཛད་པ་དེ་མཛད་པ་རེད།
  • རྩྭ་མཆོག་གྲོང་དུ། རྩྭ་མཆོག་གྲོང་དུ་ཟས་ཀྱི་གཙང་མ་རུ་བཟས་བྱས། རྩྭ་མཆོག་གྲོང་དུ། འོ་སྟེ།མྱ་ངན་ལས་འདས་པ། འདས་ཁར།༼སྐབས།༽ འདས་ཁར།༼སྐབས།༽ དེ་ནི་འདུ་བ་མདོར་བསྡུས་དང།ཨོའོ།མདོར་བསྡུས་ལ་སོགས་པ།
  • འོ་ད། དེ་འདྲས་ཆོས་གསུངས་མྱ་ངན་ལས་འདས་པ། ཨན།མྱ་ངན་ལས་འདས་ཁར་༼སྐབས་༽དེ་ནི།ཨན།མི་མ་ཡིན་གྱི་ནང་ནས། དེ་ནི།ཨན།ག་རེ་ཟེར་གོ་༼དགོས་༽རེད། དྲི་ཟའི་རྒྱལ་པོ་རབ་དགའ་དང་། ཨང།མིའི་ནང་ནས་ཀུན་ཏུ་འགྱུར་བ་རབ་བཟང་ལ་སོགས་པ། དེ་ནི་ཐར་པ་དང་།ཐམས།ཐར་པའི་ལམ་ལ་བཀོད།
  • ཨོའོ།དེ་བཀོད་བསྒྲུབས་པ་ནས་དེ་ནི། ཨན།ད།རྩྭ་མཆོག་གྲོང་དུ་དེ་ནི་ཞལ་བྱང་ཕྱོགས་དུ་༼སུ་༽ཞལ་གཟིགས་ཞིང་།གཟིགས་བྱས། སེང་གེའི་སྟབས་ཀྱིས། ད།འདུག་ཟེ། ཨན།མར་གཟིམས་བྱས་གློ་གཡས་པ་ས་ལ་ཕབ། ཞབས་འདུག་ཟེ།ད།གཡས་པའི་སྒང་༼སྟེང་༽ལ་གཡོན་པ་༼མ་༽བཞག། འདུག་ཟེ་མར་གཟིམས་བྱས།
  • དེ་ནི།དགེ།དགེ་སློང་རྣམས་ལ། ལུས་སྟོད་འདི་གས་བསྟན་བྱས། ད།དེ་བཞིན་གཤེགས་པ་མཇལ་བ་ནི་དཀའ་བ་ཡིན་ནོ་ཟེར། བདེ་བཞིན་གཤེགས་པ་མཇོལ་༼མཇལ་༽ཞིག་ཟེར། བདེ་བཞིན་གཤེགས་པ་མཇལ་བ་ནི་དཀའ་བ་ཡིན་ནོ་ཟེར། དེ་ནི་འདུས་བྱས་ཐམས་ཅད་ནི་འཇིགས་པའི་ཆོས་ཅན་ཡིན་ནོ་ཟེར།
  • འོ། བཅོམ་ལྡན་འདས་ཀྱིས་ད། འདུས་བྱས་ཐམས་ཅད་ནི་འཇིགས་པའི་ཆོས་ཅན་ཡིན་ནོ་ཟེར། འོ་དེ་གསུང་གི་མཐའ་མ་དེ་ཡིན་པ་འདྲ། གསུང་གི་མཐའ་དེ་འདུས་བྱས་ཐམས་ཅད་ནི་འཇིགས་པའི་ཆོས་ཅན་ཡིན་ནོ་ཟེར། 
  • འོ།དེ་གསུངས་བྱས།ཨན།མྱ་ངན་ལས་འདས། མྱ་ངན་ལས་འདས་པ། འདས་པའི་མཛད་པ་བསྟན་པ་དེ་ཡང། ད།འདུལ་བྱ་རྟགས་འཛིན་ཅན་རྣམས་ ད།ཆོས་ལ་བསྐུལ་བ། འོ་དེ་འདྲས་ཀྱི། ད།མྱ་ངན་ལས་འདས་པའི་མྱ་ངན་ལས་འདས་པའི་མཛད་པ་མཛད། 
  • འོ།མཛད་ནས། དེ་བར་དུ་ལ།ད།མཛད་པ་བཅུ་གཉིས།ཁྱིམ་ལ་གནས་པའི།ཨན།མཛད་པ། རབ་ཏུ་བྱུང་བའི་མཛད་པ། མངོན་པར་རྫོགས་པ་སངས་རྒྱས་པའི་མཛད་པ། འོ་དེ་གས། ད།མངོན་པར་རྫོགས་པ་སངས་རྒྱས་པའི་མཛད་པ་དེ། ད།སངས་རྒྱས།
  • སངས་རྒྱས་པའི་མཛད་པ་བྱས། ཆོས་འཁོར་བསྐོར་བའི་མཛད་པ་བྱས། མྱ་ངན་ལས་འདས་པའི་མཛད་པ་བྱས། དེ་གས་གསུམ་དེ་སངས་རྒྱས་ཀྱི་མཛད་པ་ཡིན་པ་རེད། འོ།སངས་རྒྱས་ཀྱི་མཛད་པ་གསུམ། འོ་དེ་བྱས་བྱས། ཨན།ད།མཛད་པ་བཅུ་གཉིས་ཀྱི་ཚུལ་འདུག་ཟེ་བསྟན། 
  • མཛད་པ་བཅུ་གཉིས་འདུས་༼འདུག་ཟེ་༽མཛད་ནས། མཛད་ནས། ད།ཁོང་།མཐར་དགུང་ལོ་བརྒྱ་༼བརྒྱད་༽བཅུ་བྱེད། བརྒྱ་༼བརྒྱད་༽བཅུ། བརྒྱ་༼བརྒྱད་༽བཅུ་ལ་མྱ་ངན་ལས་འདས། ད།མྱ་ངན་ལས་འདས་པ་ནས་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་རྗེས་སུ། 
  • དེ་ནི། ཨན།ད།སྟོན་པའི་གཏད་རབས་བདུན་བྱུང་བ་རེད། སྟོན་པའི་གཏད་རབས་བདུན། བཅོམ་ལྡན་འདས་ཀྱི་བསྟན་པ་དེ། མྱ་ངན། བཅོམ་ལྡན་འདས་མྱ་ངན་ལས་འདས་དུས་བསྟན་པ་དེ་འོད་སྲུང་ཆེན་པོ་ལ་སྤྲད་པ་རེད།
  • དགྲ་བཅོམ་པ་འོད་སྲུང་ཆེན་པོ་ལ། འོད་སྲུང། ད་འོད་སྲུང་ནས།འོད་སྲུང་། ཤ་ནའི་གོས་ཅན། ཨན།ཉེར་༼ཉེ་༽སྦས། འོད་སྲུང་ཀུན་དགའ་བོ། འོད་སྲུང་ནས་ཀུན་དགའ་བོ་རེད་པཱ། འོད་སྲུང་ཀུན་དགའ་བོ། ཤ་ནའི་གོས་ཅན། ཉེར་༼ཉེ་༽སྦས། དྷཱི་ཏི།༼དྷཱི་ཏི་ཀ།༽ ནག་པོ་ཆེན་པོ།༼ནག་པོ།༽ ལེགས་མཐོང།༼ལེགས་མཐོང་ཆེན་པོ།༽ འོ་འདི། འདི་གས་བར་དུ་ལ་ཡ། སྟོན་པའི་གཏད་རབས་བདུན་ཟེ་ཡིན་པ་རེད། 
  • འོ་དེ་བཅོམ་ལྡན་འདས་རང་གིས་ད། ཨན།མར་ད།བཀོད་སྒྲིགས་ར་བུ་༼འདྲ་པོ་འམ་འདི་འདྲས་༽གནང་བྱས། བཅོམ་ལྡན་འདས་མྱ་ངན་འདས་པའི་བསྟན་པ་དེ་འོད་སྲུང་ལ་བསྟེན། འོད་སྲུང་གིས་དེ་ནི་ཀུན་དགའ་བོར་སྤྲོད་ཟེར། ཀུན་དགའ་བོས་ཤ་ནའི་གོས་ཅན་ལ་སྤྲོད་ཟེར། འོ་འདུག་ཟེ། ད།མར་རིམ་པ་བཞིན་དུ་བྱས་ནས། 
  • སྟོན་པའི་གཏད་རབས་བདུན་འདུག་ཟེ་བྱུང་བ་རེད། ད།བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་ཕྱི་ལོ། དེ་ནི།ཨན།དཀའ་སྡུག་མཛད་པ་རེད། དཀའ་སྡུག་མཛད། ད།ད་ལྟ།ཨན།ང་རང་ཚོ་མཇལ་རྒྱུ་ཡོད་པའི་གྱི་བཅོམ་ལྡན་འདས་ཀྱི་གསུངས་དེ། ཨན།དཀའ་སྡུག་དེ་གས་མཛད།མཛད་པ་ལ་རྟེན་བྱུང་བ་རེད།
  • ད།བཅོམ་ལྡན་འདས་ཀྱིས་གསུངས་པ་དེ། ད།ཡུལ།དེ་ཨང་ད།༼ད་དུང་ཨན།༽མང་པོ།འཁོར་མང་པོ་དང་ཡུལ་མང་པོ་ག་པར་ཡིན་ས་ལ་གསུངས། དེ་གས་གང་ག་༼ཚང་མ་༽འཐོར་བསྡད་པ་སོང་ཙང་དེ་ནི་འོད་སྲུང་ཆེན་པོས། 
  • ད།བཅོམ་ལྡན་འདས་ཀྱི་གསུང་དེ་གས་ཚུར་ཡི་གེའི་ཐོག་ལ་ཚུར་བཀོད་ཡས་དང་ཚུར་རུབ་རུབ་བཟོ་ཡས། འོ་དེའི་ཆེད་དུ། དེ་ནི།ཨན།བཅོམ་ལྡན་འདས་མྱ་ངན། དགོངས་པ་མྱ་ངན་ལས་འདས་པའི་ཕྱི་ལོ། ཨན།དེ་མཛད།ཨན།དཀའ་སྡུག་མཛད། 
  • དཀའ་སྡུག་དེ། ད།དང་པོ། ཀུན་དགའ་བོ་ལ། ཨན།སྤྱོ་་བ་བདུན་མཛད་བྱས་ཀུན་དགའ་བོ་དགྲ་བཅོམ་པའི་གོ་འཕང་ལ་བཀོད། དེ་ནས་ཀུན་དགའ་བོ་དགྲ་བཅོམ་པའི་གོ་འཕང་ལ་བཀོད་ཚར་པ་༼བ་༽ནས། ཨ་ནི། 
  • དགྲ་བཅོམ་པ་ལྔ་བརྒྱས། ཨན།ཡངས་པ་ཅན་བཀའ་བསྡུས་ཕུག་ཟེར་ཡས་དེ་ལ། ཨ་ནི། ཨན།གསོ་ཆུང་མཛད། དེ་ནི་དཀའ།དཀའ་སྡུག་མཛད། དཀའ་སྡུག་མཛད་པ་དེ་ག་རེ་རེད་ཟེར་ན། ད།བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་གས་གང་ག།༼ཚང་མ།༽ ག་པར་འཐོར་བསྡད་པ་འདི་གས་གང་ག་༼ཚང་མ་༽ཚུར་རུབ་རུབ་བཟོས་བྱས། 
  • ཨ་ནི། ཨན།དཀའ་སྡུག་མཛད་པ་དེ་རེད། དཀའ་སྡུག་མཛད་པ་དེ་ལ་སྡེ་སྣོད་གསུམ། སྡེ་སྣོད་གསུམ་གྱི་དཀའ་སྡུག་མཛད་པ་རེད། ཨན།ཐོག།ཐོག་མ་དེ་ཀུན་དགའ་བོ། ད།ཀུན་དགའ་བོ། ཨན།དགྲ་བཅོམ་པ་ལྔ་བརྒྱ་ཆོས་སྐུའི་གྱི་༼ཡིས་༽ཁྲི་བརྩེགས་པའི་སྟེང་དུ།དེ་ནི།བཞུགས་བྱས། ཨན།ད།དེ་བཏུས་༼བསྡུས་༽པ་རེད། 
  • ཨན།མདོ་སྡེའི་སྡེ་སྣོད། དེ་ནས་འོད་སྲུང་གིས། ད།ཨན།མངོན་པའི་སྡེ་སྣོད་བཏུས་༼བསྡུས་༽པ་རེད། དགྲ་བཅོམ་པ་ཉེ་བ་འཁོར་གྱིས་འདུལ་བའི་སྡེ་སྣོད་བཏུས་༼བསྡུས་༽པ་རེད། འོ་དེ་གས། ད།བསྡུས་པ་ཟེར་ན་ངག་ལས་བསྐྱོར་བ་རེད། ཨན་ད།མདོ་སྡེའི་སྡེ་སྣོད་དེ། ཤིན་ཏུ་རྒྱ་ཆེ་བ། ད།སྡེ་སྣོད་གསུམ་ནང་ནས་རྒྱ་ཆེ་བ་སོང་ཙང།
  • ཨ་ནི། ཀུན་དགའ་བོ་དེ་བཅོམ་ལྡན་འདས། སྔན་༼སྔོན་༽ནས་བྱས། ད།རྟག་པར་རེ་ཞི།༼བཞིན།༽ བཅོམ་ལྡན་འདས་མཉམ་དོའོ་༼དུ་༽ཡོད་པ་སོང་ཙང་ཀུན་དགའ་བོ་གྱིས་ད།མ་གཏོགས་བསྐྱོར་ཐུབ་ཀྱི་མེད་པ་འདྲ། 
  • ཨ་ནི། ཀུན་དགའ་བོ་རིགས་གིས། དེ་ནི་མདོ་སྡེའི་སྡེ་སྣོད་ཚང་མ་ལོགས།ཨན།ངག་ལས་༼ནས་༽བསྐྱོར། བཅོམ་ལྡན་འདས་ཡུལ་འདི་འདྲས་གཅིག་ལ། མདོ་སྡེའི་སྡེ་སྣོད་འདི་འདྲས་འདུག།འདུག་ཟེ་གསུངས་པ་རེད་ཟེར། འདི་གས་ད་ག་ཐོབ་པ་དུས་གཅིག་ནང།ཟེར་ཡས་བྱས་བྱས། འོ།འདུག་ཟེ་བྱས་བྱས། སྡེ་སྣོད་གསུམ་དཀའ་ཐུབ་མཛད། 
  • ད།དེ་ནས་དཀའ་སྡུག་རིམ་པ་གསུམ་བྱུང་བ་རེད། ཨན།དེ་ལ་དཀའ་སྡུག་དང་པོ་ཟེར་གྱི་རེད། ད།དཀའ་སྡུག་གཉིས་པ་དེ། ཨན། ལོ་ད། ཨན།ལོ་བརྒྱ་དང་བཅུ་ཙ་༼ཙམ་༽འདས་པ་ནས་དཀའ་སྡུག་གཉིས་པ་མཛད་པ་ཡིན་པ་འདྲ། ཨན།དེ་ནས་དཀའ་སྡུག་གསུམ་པ་དེ། ད།ཡང་དེའི་མཇུག་ལ།༼རྗེས་ལ།༽ 
  • ད།ཨན། ད།དེ་ལ་ལོ་ཚད་འདྲ་མིན་འདྲ་ར་གཅིག་༼འདྲ་གཅིག་༽ཡོད་པ་འདྲ། ད།གང་ལྟར་སུམ་བརྒྱའི་གཡས་གཡོན་ལ་ཡིན་པ་འདྲ། ཨོའོ།དེ་འདྲས་གཅིག་ལ། དེ་ནི།ཨན།བྱེ་བྲག་སྨྲ་བ་སྡེ་པ་བཅོ་བརྒྱད་འགྱེས་པ་འདི་གས་ལ། 
  • ད།རང་རང་གིས། ཨན།གཞལ་ལམ་འབྲས་བུ་གསུམ་གྱི་རྣམ་བཞག་ཆ་ཚང་ཡོད་པ། འོ་དེ་གས། རྒྱལ་པོ་ཀྲྀ་ཀྲྀའི་སྨོན་ལམ་ལུང་བསྟན་པ་ལ་ཁུངས་གཏུགས་བྱས། ཨན།ད།དཀའ་སྡུག་གསུམ་པ་དེ་མཛད་པ་རེད། 
  • དཀའ་སྡུག་གསུམ་པ། འོ་དེའི། དཀའ་སྡུག་གསུམ་མཛད། མཛད་པའི་དེའི་བར་གྱི། ད།ཨན།དེ་འདས་༼འདྲས་༽དཀའ་སྡུག་མཛད་པ། དགྲ་བཅོམ་པ་གཅིག་གིས་དགྲ་བཅོམ་པ་རྣམས་ཀྱི་དཀའ་སྡུག་མཛད་པ་དེ་གས། ཨན། 
  • ད།ཕྱིས་སུ་བོད་ཀྱི། ད།གངས་ཅན་བོད་ཀྱི་ཡུལ་ལ། ལོ་ཙཱ་བ།ལོ་ཙཱ་བའི་བཀའ་དྲིན་ལ་བསྟེན་ནས། ལོ་ཙྭ་བ་རྣམས་ཀྱིས་བོད་ཀྱི།བོད་སྐད་དུ་བསྒྱུར་ནས། 
  • ཨ་ནི། ད་ལྟ་མཇལ་རྒྱུ་ཡོད་པའི་བཅོམ་ལྡན་འདས་ཀྱི་བཀའ་འགྱུར། བཅོམ་ལྡན་འདས་ཀྱི་གསུང་བཀའ་འགྱུར་པོ་ཏི་བརྒྱ་ཐམ་པ། ད།ཆོས་དཔར་མ་པོ་ཏི་བརྒྱ་ཐམ་པ་ཡོའོ་རེད་པཱ། འོ་འདི་ཚང་མ་ལོགས། འོ་དེ་འདྲས་ཟེ་ཚུར་བསྒྱུར་བ། འོ་འདི་འདྲས་གཅིག་ཡིན་པ་འདྲ། 
  • ད། ཨན།དེའི་ནང་པ་སངས་རྒྱས་ཀྱི། ད།གཅིག་སྟོན་པ་ཤཱཀྱ་ཐུབ་པའི། ཨོའོ།ད།རྣམ་ཐར་མདོར་བསྡུས་དེ་འདྲས་ཞིག་བཤད་བསྒྲུབ་པ་ཡིན་ཟེ།