Skip to main content Skip to search
29 Dec 2015
2 min 21 sec
Video Overview
Creators: 
Tibetan & Himalayan Library

This is a video of Tsethar Bum from Yonru Village in Chentsa singing a song called "Selling Horses up on the Mountain." This song is part of a collection of folk songs from the Rebgong cultural area.

འདི་ནི་ཚོང་དང་འབྲེལ་བ་ཡོད་པའི་དམངས་གླུ་ཞིག་སྟེ། ནང་དུ་རྟ་དང་ཇ། གཡུ་སོགས་ཉོས་ཚུལ་བརྗོད་ཡོད།

གླུ་འདིའི་ནང་དོན་ནི་བོད་ཁུལ་གྱི་ཚོང་ལས་དང་འབྲེལ་ཆེ། དང་པོ་ཕ་ཨ་ཁུའི་ཆེད་ལ་རྟ་ཉོས་པ་དང་། ཡུལ་ཕ་མའི་ཆེད་ལ་ཇ་ཉོས་པ། ཡང་མ་སྲི་མོའི་ཆེད་ལ་གཡུ་བྱུར་ཉོས་ཚུལ་བརྗོད་ཡོད། འདི་ལས་སྔོན་གྱི་ཚོང་ཟོག་གལ་ཆེན་ཅི་ཡིན་པ་ཡང་ཞོར་ནས་རྟོགས་ཐུབ།

Transcript search
No results found for this search
0 of 0
  • ཡེ་གླུ་བ་ལོ་ལོ་དལ་མོ་ཉོན། བྱང་ཡ་རེ་ང་ཡི་ལེན་ཕྱོགས་རེད ཡེ་གླུ་བ་ལོ་ལོ་གླུ་ཞིག་ལེན
  • ཁིས་གོང་མའི་ནང་ནས་རྟ་ཚོང་བརྒྱབ༼ཡེ་་་གླུ་བ་ལོ་ལོ་གླུ་ཞིག་ལེན༽། །
  • རྟ་མ་ཉོ་མ་ཟེར་ཉོས་དང་ཆོག ༼ཡེ་་་གླུ་བ་ལོ་ལོ་གླུ་ཞིག་ལེན༽། །
  • རྟ་ཞོན་པའི་ཕ་ཁུ་སྐྱིད་ཀྱིན་ཡོད༼ཡེ་་་གླུ་བ་ལོ་ལོ་གླུ་ཞིག་ལེན༽། །
  • ཁིས་ཞོལ་མའི་ནང་ནས་ཇ་ཚོང་བརྒྱབ༼ཡེ་་་གླུ་བ་ལོ་ལོ་གླུ་ཞིག་ལེན༽། །
  • ཇ་མ་ཉོ་མ་ཟེར་ཉོས་དང་ཆོག ༼ཡེ་་་གླུ་བ་ལོ་ལོ་གླུ་ཞིག་ལེན༽། །
  • ཇ་འཐུང་བའི་ཕ་ཁུ་སྐྱིད་ཀྱིན་ཡོད༼ཡེ་་་གླུ་བ་ལོ་ལོ་གླུ་ཞིག་ལེན༽། །
  • ཁིས་ཞོལ་མའི་ནང་ནས་གཡུ་ཚོང་བརྒྱབ༼ཡེ་་་གླུ་བ་ལོ་ལོ་གླུ་ཞིག་ལེན༽། །
  • གཡུ་མ་ཉོ་མ་ཟེར་ཉོས་དང་ཆོག ༼ཡེ་་་གླུ་བ་ལོ་ལོ་གླུ་ཞིག་ལེན༽། །
  • གཡུ་འདོགས་པའི་མ་སྲི་སྐྱིད་ཀྱིན་ཡོད༼ཡེ་་་གླུ་བ་ལོ་ལོ་གླུ་ཞིག་ལེན༽། །