Video Overview
བོད་མི་རིགས་ནི་སངས་རྒྱས་ཆོས་ལུགས་ཀྱི་དད་ལྡན་པ་ཡིན་པས་ཆོས་ལུགས་ཀྱི་ཡོ་བྱེད་དང་ཆོ་ག་ཡང་རྒྱུན་དུ་གླུ་རུ་ལེན།
- ཨ་རྩེད།
- ནང་ཨ་ཁུ་དུང་དཀར་༼ཤེད་ཡ་ཡེ་འོ་ན༽་གཡས་འཁྱིལ་རེད།
- འབུད་མི་དགོས་དུང་དཀར་༼ཤེད་ཡ་ཡེ་འོ་ན༽་རང་གྲགས་རེད།
- རང་སྤུན་འགྲིག་གཉིས་ཀ་༼ཤེད་ཡ་ཡེ་འོ་ན༽་འཁོར་ར་རྩེད།
- ཨ་རྩེད།
- ནང་ན་ཟླ་ཤེལ་གྱི་༼ཤེད་ཡ་ཡེ་འོ་ན༽་མེ་ལོང་རེད།
- ཕྱི་མི་དགོས་མེ་ལོང་༼ཤེད་ཡ་ཡེ་འོ་ན༽་རང་གསལ་རེད།
- རང་སྤུན་འགྲིག་གཉིས་ཀ་༼ཤེད་ཡ་ཡེ་འོ་ན༽་འཁོར་ར་རྩེད།
- ཨ་རྩེད།
- ནང་མ་སྲུ་བྱུར་དཀར་༼ཤེད་ཡ་ཡེ་འོ་ན༽་ཕྲེང་བ་རེད།
- རང་སྤུན་འགྲིག་གཉིས་ཀ་༼ཤེད་ཡ་ཡེ་འོ་ན༽་འཁོར་ར་རྩེད།