Skip to main content Skip to search
22 Jun 2018
4 min 7 sec
Video Overview
Creators: 
Duptho, Sonam Chophel

Pema Lhadon from Phimshong village sings “Tapho Lasay,” a song with deep spiritual value and meaning. A great spiritual master with profound knowledge of religious texts composed this song. The song is usually sung when important people or guests visit the village. The song is sung either individually or in groups, in which case there can be an accompanying dance.

༉  རྟ་ཕོ་ལ་སེ་དཀར་སངས་མཇལ་ན་ ཟེར་བའི་གླུ་གཞས་འདི་ བཀྲ་ཤིས་སྒང་ཕོངས་མེད་རྒེད་འོག་ གཡུས་ཕིམ་སོང་ལས་ པདྨ་ལྷ་སྒྲོན་གྱིས་འཐེནམ་ཨིནམ་ད་ གླུ་གཞས་འདི་ རང་རྐྱངམ་ཅིག་སྦེ་སྡོད་པའི་ནམ་དུས་ལུ་ འཐེན་ནི་གི་གླུ་གཞས་ཅིག་ཨིན་མས། དེ་ཡང་ རྟ་ཕོ་ལ་སེ་དཀར་སངས་མཇལ་ན། །རྟ་ཕོ་བརྒྱ་དང་རྩ་བརྒྱད། །བོད་ཀྱི་ལ་སེ་བྱེ་ཐང་གཞུང་ལ། །རྟ་ཕོ་ང་རང་གཅིག་པུ་ཟེར་ རྟ་ཕོ་བརྒྱ་དང་རྩ་བརྒྱད་ཡོད་པའི་ནང་ལས་ བྱེ་ཐང་ནང་འགྱོ་བ་ཅིན་ རྟ་ཕོ་ང་ར་རྐྱངམ་ཅིག་ཟེར་ དེ་དང་ཅོག་ར་འཐདཔ་སྦེ་ རྒྱལ་པོའི་ལྡུམ་ར་ནང་ལུ་མེ་ཏོག་བརྒྱ་དང་རྩ་བརྒྱད་ཡོད་ ཨིན་ཏེ་འབད་རུང་ མཆོད་བཤམ་ནང་ཕུལ་བ་ཅིན་ མེ་ཏོག་ང་ར་རྐྱངམ་ཅིག་ཨིན་ཟེར་ ག་ཅི་འབད་རུང་ རང་རྐྱངམ་ཅིག་ལུ་ཐུག་ནི་དེ་གིས་ སེམས་སྐྱོ་བའི་གནས་སྟངས་ནང་འཐེན་ནི་གི་གླུ་གཞས་ཅིག་ཨིན་མས། འ་ནཱི་གླུ་གཞས་འདི་ ད་ལྟོ་ཚུན་ཚོད་ སྒྲ་བཟུང་བཞག་བཞགཔ་དང་ ཡིག་ཐོག་གུ་ཕབ་ཕབ་མེདཔ་ཨིན་པས།

Transcript search
No results found for this search
0 of 0
  • པད་མ་ལྷ་སྒྲོན་
    Pema Lhadon: རྟ་ཕོ་ལགས་སོ་དཀར་སངས་ལ་མཇལ་ནས། །སོ་ཡ་ལ་ རྟ་ཕོ་བརྒྱ་དང་རྩ་བརྒྱད། ། བོད་ཀྱི་ལགས་སོ་རྒྱ་ཐང་གཞུང་ལ། །སོ་ཡ་ལ་ རྟ་ཕོ་ང་རང་གཅིག་པུ། །
  • པད་མ་ལྷ་སྒྲོན་
    Pema Lhadon: རྒྱལ་པོའི་ལགས་སོ་ལྡུམ་ར་ནང་དུ། །སོ་ཡ་ལ་ མེ་ཏོག་བརྒྱ་དང་རྩ་བརྒྱད། ། མཆོད་བཤམ་ལགས་སོ་ཁྲ་མོ་ཕུལ་ན། །སོ་ཡ་ལ་ མེ་ཏོག་ང་རང་གཅིག་པུ། །
  • པད་མ་ལྷ་སྒྲོན་
    Pema Lhadon: རྒྱལ་པོའི་ལགས་སོ་སོག་རལ་ནང་དུ། །སོ་ཡ་ལ་ མདའ་མོ་བརྒྱ་དང་རྩ་བརྒྱད། ། རྒྱལ་པོ་ལགས་སོ་དགྲ་ཅིག་འབྱུང་ན། །སོ་ཡ་ལ་ མདའ་མོ་ང་རང་གཅིག་པུ། །
  • པད་མ་ལྷ་སྒྲོན་
    Pema Lhadon: དབང་ཆེན་ལགས་སོ་དཔོན་པོའི་སྒོ་ཁར། །སོ་ཡ་ལ་ སྟོང་ལྡན་བརྒྱ་དང་རྩ་བརྒྱད། ། དཔོན་པོའི་ལགས་སོ་བཀའ་བརྒྱ་གནང་ན། །སོ་ཡ་ལ་ སྟོང་ལྡན་ང་རང་གཅིག་པུ། །
  • པད་མ་ལྷ་སྒྲོན་
    Pema Lhadon: མཚན་ལྡན་ལགས་སོ་བླ་མའི་སྒོ་ཁར། །སོ་ཡ་ལ་དགེ་ཕྲུག་བརྒྱ་དང་རྩ་བརྒྱད། ། བླ་མའི་ལགས་སོ་བཀའ་རྒྱ་གནང་ན། །སོ་ཡ་ལ་ དགེ་ཕྲུག་ང་རང་གཅིག་པུ། །
  • པད་མ་ལྷ་སྒྲོན་
    Pema Lhadon: དྲིན་ཆེན་ལགས་སོ་ཕ་མའི་སྒོ་ཁར། །སོ་ཡ་ལ་ སྤྲང་མོ་བརྒྱ་དང་རྩ་བརྒྱད། ། ཕ་མའི་བཀའ་བརྒྱ་ལ་གནང་ན། །སོ་ཡ་ལ་ སྤྲང་མོ་ང་རང་གཅིག་པུ། །
  • པད་མ་ལྷ་སྒྲོན་
    Pema Lhadon: ལགས་སོ་ ལགས་སོ།། །།